ལྡེའུ་ཆོས་འབྱུང་།
༡༠.མངོན་པར་སངས་རྒྱས་པའི་མཛད་པ།
上一章
下一章

(༡༠.མངོན་པར་སངས་རྒྱས་པའི་མཛད་པ།)

དེ་ནས་སངས་རྒྱས་བ་ནི་བོ་དེའི་ཤིང་དྲུང་དུ་ས་མ་ཏི་ལ་མཉམ་པར་བཞག་པས། རྡོ་རྗེ་འཆང་གི་ཚོགས་ཀྱིས་དབང་པའི་དབང་བསྐུར། ནང་གི་མངོན་པར་བྱང་ཆུབ་པའི་མཚན་ཉིད་ལྡན།

40b

རིལ་པོར་མཛིན་པའི་བསམ་གཏན་སླབ་ནས་བཤིག་པས་སྲོད་ལ་ལྷའི་དམིག་གི་མངོན་ཤེས་ཐོབ། ནམ་ཕྱེད་ན་གཞན་གྱིས་སེམས་ཤེས་པས་ཐོབ། ཐོ་རངས་ཁ་ཟག་པ་མེད་པའི་ཏིང་འཛིན་གྱིས་མངོན་ཤེས་ཐོབ་ནས། སྤང་བྱ་ཐམས་ཅད་སྤང་ཐོབ་བྱ་ཐོབ་པ་ཐམས་ཅད་སྐུ་གསུམ་ཡེ་ཤེས་ལྔ་ཐོབ་སྟེ་སངས་རྒྱས་སོ། །དེ་ལྟར་སངས་རྒྱས་པ་དེ་ལ་སྤྲུལ་སྐུ་རྡོ་རྗེ་གདན་ལ་མངོན་པར་སངས་རྒྱས་པ་ཞེས་བྱའོ། །དེ་ལ་གང་ཟག་ཟླས་བསང་ཞེས་པ་ལ་འདོད་ལུགས་མ་མཐུན་ཏེ། སྔར་བཤད་པ་བཞིན་དུ་འོག་མིན་དུ་སངས་རྒྱས་པ་ནི་ཀུན་སྙིང་གི་བོ། །ཤཀྱ་བཤེས་གཉེན་ན་རེ་ས་བཅུ་པའི་འབུད་དྷེས་དགའ་ལྡན་དུ་བྱོན་ནས་རྟོག་དཀར་དུ་སྐྱེ་བ་བཞེས་སྟེ་ལྷའི་སྟོན་པ་མཛད། དེ་ནས་འཛམ་བུའི་གླིང་དུ་བྱོན་ནས་ལོ་ཀའི་མཛད་པ་མཛད་དེ་རབ་ཏུ་བྱུང་ནས་དཀའ་ཐུབ་མཛད་པའི་དུས་སུ་ཡིད་ཀྱིས་འོག་མིན་དུ་བྱོན་སྟེ་རིགས་ལྔའི་ཚུལ་དུ་སངས་རྒྱས་ནས། སླར་དཀའ་ཐུབ་ཀྱི་ཁོག་པར་ཞུགས་ཏེ་རྡོ་རྗེ་གདན་ལ་སངས་རྒྱས་པར་འདོད་དེ། སངས་རྒྱས་བསང་པ་ན་རེ་ས་བཅུ་པའི་འབུད་དྷེ་སྭ་ཏྭ་དེ་སྲིད་པ་ཐ་མ་ཡིན་ཏེ། དེས་མཛད་པ་བཅུ་གཉིས་མཛད་ནས། སྟོད་འོག་མིན་དུ་བྱོན་ཏེ་ལོངས་སྐུར་སངས་རྒྱས། དེ་ནས་ཆོས་སྐུར་ཐིམ་ཟེར་རོ། །དེའི་འདོད་པའི་ལུང་ཡང་འཕགས་པ་མིན་ཡང་ཕ་མ་དང་། ནད་པ་དང་ནི་ཆོས་སྨྲ་དང་། །སྐྱེ་མཐའི་འབུད་དྷེ་སྭ་ཏྭ་ལ། །ཡོན་ནི་གཞལ་དུ་མེད་པ་ཡིན་ཞེས་པས་སོ་ཟེར། དེ་ནས་ཀུན་སྙིང་ན་རེ། དེ་སྤྲུལ་པ་ཡིན་སྟེ་སྲིད་པ་ཐ་མ་པ་ཡིན་ཟེར།

41a

༄༅།        །ཤཱཀྱ་བཤེས་གཉེན་ན་རེ་སྤྲུལ་པ་ཡིན་ཀྱང་སྐྱེ་བ་གཅིག་གིས་ཐོགས་ཟེར། དེ་གཉིས་ཀས་རང་རྒྱུད་དུ་མ་གཟུང་སྤྲུལ་པར་བྱས་པས་འདོད་པ་བཟང་། སངས་རྒྱས་གསང་པས་རང་རྒྱུད་པར་གཟུང་པས་འདོད་པ་འབྲིང་གསུངས། བཟང་འབྲིང་གིས་ལུང་ཡང་གོང་དུ་ཡང་ལང་དཀར་གཤེགས་པ་དང་ཟླ་གསང་གི་དེའོ། །