ལྡེའུ་ཆོས་འབྱུང་།
བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སྐོར།
上一章
下一章

(བཀའ་དང་པོ་བདེན་བཞིའི་ཆོས་འཁོར་སྐོར།)

དེ་ལྟར་མདོ་དང་བསྟན་ཆོས་ནས་ད་ནི་དེ་དག་གི་དོན་བརྒྱས་པར་བཤད་ན། དེ་ཡང་མུ་སྟེགས་ལྔ་སྡེ་བཟང་པོ་ལ། ཐེགས་ཆུང་བདེན་པ་བཞིའི་ཆོས་ཀྱང་གསུངས། དེ་ནི་འཁོར་ལོ་དང་པོར་འདོད་པ་ཡིན། ཞེས་པ་ལ་དབང་བོ་ཐ་མ་ལ་བདེན་པ་བཞིའི་ཆོས་གསུང་ཏེ། འདུལ་བ་དང་པོ་ལ་ལྔ་སྡེ་བཟང་པོ་བཏུལ་ཏེ་འདི་སྐད་དུ་བཞིན་བཟང་དག །འདི་ནི་སྡུག་བསྔལ་ལོ། །འདི་ནི་ཀུན་འབྱུང་ངོ་། །འདི་ནི་འགོག་པའོ། །འདི་ནི་ལམ་མོ་ཞེས་རེ་རེ་ལ་ཡང་ཕྱེ་ནས་སྐད་ཅིག་མ་བཅུ་དྲུག་གི་དོན་སྟན་པས་མཐོང་ལམ་རྒྱུད་ལ་སྐྱེས་སོ། །ད་རུང་ལམ་གོང་མ་རྒྱུད་ལ་མ་སྐྱེས་པ་ལ་གསུངས་ཏེ། སྡུག་བསྔལ་ནི་འབྲས་བུ་སྟེ་ཤེས་པར་བྱའོ། །ཀུན་འབྱུང་ནི་རྒྱུ་སྟེ་སྤངས་པར་བྱའོ། །འགོག་

49b

པ་ནི་འབྲས་བུ་སྟེ་མངོན་དུ་བྱའོ། །ལམ་ནི་རྒྱུ་སྟེ་བསྒོམས་པར་བྱའོ། །ཞེས་གསུངས་པས་བསྒོམས་ལམ་རྒྱུད་ལ་སྐྱེས་སོ། །ད་རུང་ལམ་གོང་མ་རྒྱུད་ལ་མ་སྐྱེས་པ་ལ་གསུང་པ། དོན་ལ་སྡུག་བསྔལ་ཤེས་ཟིན་པར་བྱ་སྟེ་ཤེས་ཟིན་ད་ཤེས་སུ་མེད། ཀུན་འབྱུང་བ་སྤང་པར་བྱས་སྟེ་སྤངས་ཟིན་ད་སྤང་མེད། ལམ་ནི་བསྒོམས་པར་བྱ་སྟེ་བསྒོམས་ཟིན་ད་བསྒོམས་དུ་མེད། འགོག་པ་སྔོན་དུ་བྱ་སྟེ་མངོན་དུ་བྱས་ཟིན་ད་མངོན་དུ་བྱར་མེད་དོ་ཞེས་གསུངས་པས། མཐར་ཕྱིན་པའི་ལམ་རྒྱུད་ལ་སྐྱེས་སྟེ་འབྲས་བུ་ཐོབ་བོ། །དེ་ནི་བདེན་པ་རྣམ་པར་བཞག་པའི་འཁོར་ལོ་ལ། བདེན་པ་བཞི་རྣམ་པར་བཞག་པའི་འཁོར་ལོ་སྟེ་འཁོར་གྱིས་དང་པོ་ལྔ་སྡེ་བཟང་པོ་བཏུལ་བའོ། །དེ་ནས་འདུལ་བ་བར་མ་ལ་ག་ཡ་འོད་བསྲུང་ཆུ་ཀླུང་འོད་བསྲུངས་ཀྱི་སྡེ་པ་སྟོང་བཏུལ་ཏེ་རལ་པ་ཅན་སྟོང་བཏུལ་བའོ། །འདུས་པ་ཐ་མ་ལ་བདུད་ཉེར་རྒྱལ་དང་སྤང་ན་སྐྱེས་གཉིས་བཏུལ། དེ་ནས་ཤཀྱ་བ་རྣམས་ཀྱང་དད་པར་གྱུར་ནས་ཚེ་དང་ལྡན་པ་ཆར་ཀས་ཡབ་དང་སྲས་ཀྱང་སྤྲད་དེ། དེའི་དུས་སུ་ཤཀྱ་བའི་རིགས་ལྔ་བརྒྱ་རབ་ཏུ་བྱུང་། དེ་རྣམས་ནི་བཀའ་སིལ་བུར་གསུང་པ་ཐེགས་ཆུང་གི་ཆོས་མངོན་པ་སྡེ་བདུན་ལ་སོགས་པ་བཏུལ་ལོ། །འོ་ན་མངོན་པ་སྡེ་བདུན་དགྲ་བཅོམ་པ་བདུན་གྱིས་ཕྱི་ནས་གསུངས་པས་བཀའ་ཅང་འགྲོ་བ་ཞེ་ན། གཅིག་དུ་མ་ངེས་ཏེ། སྟོན་པས་དོན་དང་པོར་སིལ་བུར་གསུངས་པ་ལ། ཕྱི་ནས་དགྲ་བཅོམ་པས་བསྡུས་པས་ཐེགས་ཆུང་གི་བཀའ་ལ་ཐེགས་ཆེན་གྱི་སྟན་ཆོས་སུ་འགྲོ་སྐད་དོ། །དེ་ལྟར་ལོ་བདུན་ཟླ་བ་

50a

༄༅།       །གཉིས་ཀྱིས་མ་ཚངས་པར་དགུང་ལོ་བཞི་བཅུ་ཞེ་གཉིས་ཀྱིས་བར་དུ་ཐེགས་ཆུང་གི་ཆོས་མང་དུ་གསུངས་སོ། །