ལྡེའུ་ཆོས་འབྱུང་།
ཕྱི་རྒྱུད་དང་ནང་རྒྱུད་ཀྱི་ཁྱད་པར།
上一章
下一章

(ཕྱི་རྒྱུད་དང་ནང་རྒྱུད་ཀྱི་ཁྱད་པར།)

ཕྱི་རྒྱུད་ནང་རྒྱུད་གཉིས་ཀྱི་ཁྱད་པར་ནི། ཞེས་པ་དེ་ལ་གསུམ་སྟེ། ཕྱི་རྒྱུད་གསུམ་པ་ཏྲི་ཡ་ཡོ་ག་ཨུ་པ་ཡ་དང་གསུམ་ཏེ། དེ་གསུམ་ནི་ལྟ་བས་ཕྱིར་འགྱུར་ཏེ་ཆོས་ཐམས་ཅད་རང་བཞིན་རང་འབྱུང་གི་ཡེ་ཤེས་སུ་སྨྲ་མི་ནུས། སྤྱོད་པས་ཕྱི་རུ་འགྱུར་ཏེ་དམ་རྫས་ཤ་ལྔ་བདུད་རྩི་ལྔ་ལ་སྤྱོད་མ་ནུས། དབང་གིས་ཕྱི་རུ་གྱུར་ཏེ་ཟབ་མོའི་དོན་གྱིས་དབང་གསུམ་པ་སྟོན་མ་ནུས། ནང་རྒྱུད་གསུམ་ནི། བསྐྱེད་པ་མ་ཡོ་ག །ལུང་ཨ་ནུ་ཡོ་ག །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་དང་གསུམ་ཏེ། དེ་གསུམ་གོང་མ་དེ་གསུམ་ཟློག་

80a

༄༅།       །པའོ། །དེ་ཡང་རྡོ་རྗེ་ཨ་ར་ལི་ལས། ལྟ་སྤྱོད་དབང་དང་དམ་ཚིག་རྣམས། །རྣམ་པར་རྟོགས་པའི་བྱེ་བྲག་གིས། །བློའི་བྱེ་བྲག་སོ་སོ་ལ། །དེ་དང་དེ་ལ་ཚུལ་མཐུན་སྟན། །ཞེས་སོ། །ཡང་ན་ཁྱད་པར་ལྔ་སྟེ། གནས། སྟོན་པ། འཁོར། མཆོད་པ། དབང་ངོ་། །དེ་ལ་གནས་རི་རབ་བམ་གྱད་ཀྱི་ཡུལ་དུ་བཤད་པ་དེ་ཕྱི། བཙུན་མོར་བྷ་གར་གསུངས་པ་དེ་ནང་། སྟོན་པ་རྣམ་སྣང་གི་གསུང་པ་དེ་ཕྱི། རྡོ་རྗེ་འཆང་གིས་གསུངས་པ་དེ་ནང་། ལམ་དུག་ལྔ་སྤོང་བ་དེ་ཕྱི། དེ་ལམ་དུ་བྱེད་པ་དེ་ནང་ངོ་། །མཆོད་པ་ལ་བཞི་སྟེ། ཕྱིའི་རྫས་ཀྱིས་མཆོད་པ་ཕྱི་པ། ནང་གསང་པ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་དང་གསུམ་གྱིས་མཆོད་པ་དེ་ནང་ངོ་། །དབང་ལ་བུམ་དབང་གཙོ་བོར་སྟོན་པ་ཕྱི་པ། ཟབ་མོའི་དབང་གསུམ་གཙོ་བོར་སྟོན་པ་ནི་ནང་པའོ། །ཡང་ཕྱི་རྒྱུད་གསུམ་ནི་དུག་ལྔ་མགོ་གནོན་པའི་ཐབས་སུ་གསུངས་པས་དེ་མགོ་གནོན་པའི་དུག་ལྔ་ཐུབ་པས་ཕྱི་ཐུབ་པ། དུག་ལྔ་ཉིད་སངས་རྒྱ་བའི་ཐབས་སུ་གསུང་པས་ནང་པ་ཐབས་ཀྱི་རྒྱུད་དོ། །ཡང་ན་ཡེ་ཤེས་ཁ་ཕྱིར་ལྟས་སྟེ་ཕྱི་ནས་འཚོལ་བས་ན་ཕྱི། ཡེ་ཤེས་ཁ་ནང་དུ་བལྟས་སྟེ་སེམས་ཉིད་ལས་ལོགས་སུ་ལྷ་མ་གྲུབ་པར་འདོད་པ་ནང་པའི་རྒྱུད་དོ། །