ལྡེའུ་ཆོས་འབྱུང་།
ཕ་རྒྱུད་དང་མ་རྒྱུད་ཀྱི་ཁྱད་པར།
上一章
下一章

(ཕ་རྒྱུད་དང་མ་རྒྱུད་ཀྱི་ཁྱད་པར།)

ཕ་རྒྱུད་མ་རྒྱུད་གཉིས་ཀྱི་ཁྱད་པར་དང་། །ཞེས་པ་ནི། དེ་ལ་གསུམ་ཏེ། རྒྱུ་སེམས་ཅན་ལ་སྒྲུབ་པ། འབྲས་བུ་སངས་རྒྱས་སོ། །དེ་ལ་རྒྱུ་སེམས་ཅན་གྱི་དུས་ཀྱི་ཁྱད་པར་ནི། གདུལ་བྱ་ཕོ་འདུལ་བ་ལ་ཕ་རྒྱུད། གདུལ་བྱ་མོ་འདུལ་བ་ལ་མ་རྒྱུད་གསུངས་ཏེ། དེ་ཡང་གུར་ལེའུ་དང་པོ་ལས། སྐྱེས་པ་རྣམས་ནི་གདུལ་བྱའི་ཕྱིར། །རྣལ་འབྱོར་ཕའི་རྒྱུད་གསུངས་པ། །བུད་མེད་རྣམས་ནི་འདུལ་བ་ལ། །རྣལ་འབྱོར་མའི་རྒྱུད་གསུངས་པ། །ཞེས་སོ། །