ལྡེའུ་ཆོས་འབྱུང་།
མངོན་པའི་བསྟན་བཅོས་ཀྱི་བྱུང་ཚུལ།
上一章
下一章

(མངོན་པའི་བསྟན་བཅོས་ཀྱི་བྱུང་ཚུལ།)

སྟོན་པ་འདས་ནས་ལོ་ནི་དགུ་རྒྱ་ན། ཞེས་པ་ལ་སོགས་པ་བཞིས་ངེས་པའི་དོན་གྱི་ཆོས་ཀྱི་འཁོར་ལོ་སྟན་ལ་འབེབས་པ་ལ། མངོན་

100a

༄༅།       །པའི་སྟན་ཆོས་རྩམས་ཚུལ་འཆད། དེ་ལས་ཀྱང་མགོན་པོ་བྱམས་པའི་གཞུང་རྣམས་པར་བཞག་པ་ནི། བྱམས་པས་ཆོས་ལྔ་མཛད་དེ། རྒྱན་གཉིས་རྣམ་འབྱེད་རྣམ་གཉིས་སམ། །ཡང་ན་རྣམ་འབྱེད་གསུམ་སྟེ་དཀོན་མཆོག་དང་། །རིགས་རྣམ་པར་འབྱེད་པ་རྒྱུད་བླ་མའོ། །དེ་ལྟ་བུའི་ཆོས་ལྔ་པོ་འདིས་ཀྱང་སྡེ་སྣོད་གསུམ་སྟན་ལ་དབབ་པའི་ཕྱིར་གསུངས་ཏེ། མདོ་སྡེའི་སྡེ་སྣོད་སྟན་ལ་དབབ་པའི་དབང་དུ་བྱས་ནས། མདོ་སྡེ་རྒྱན་དང་རྒྱུད་བླ་མ་མཛད། འདུལ་བའི་སྡེ་སྣོད་གཏན་ལ་འབེབས་པ་ལ། མངོན་རྟོགས་བརྒྱན། མངོན་པ་ལ་ཆོས་དང་ཆོས་ཉིད་དང་དབུ་དང་མཐའ་གཉིས་མཛད། དེ་ལྟ་བུའི་ཆོས་ལྔ་པོ་དེ་བྱམས་པས་ཐོག་མེད་ལ་གནང་ཏེ། ཐོག་མེད་ཀྱིས་ཀྱང་སྡེ་སྣོད་མཐའ་དག་གི་དོན་གསལ་བར་བྱ་བའི་ཕྱིར། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ། སྡོམ་རྣམ་པ་གཉིས་མཛད་དེ། དེ་སའི་དངོས་བཞི་ནི་རྩ་བ་ལྟ་བུ་ཡིན་ལ། རྣམ་པར་གཏན་ལ་དབབ་པ་སྡུ་བ་ནི་དེའི་ཚིག་གི་འབྲེལ་པ་ཡིན་ཞིང་། གཞི་བསྡུ་བ་ནི་དེའི་དོན་གྱི་ཆ་སྟེ། སྡེ་སྣོད་གསུམ་གྱིས་བདག་ཉིད་དུ་འབྲེལ་ལ། རྣམ་གྲངས་བསྡུ་བས་ནི། དེ་བསྟན་པར་བྱ་བ། རྣམ་སྤྱད་པ་སྡུ་བས་དེའི་དོན་སློབ་མ་ལ་ཇི་ལྟར་བཤད་ཐབས་སྟོན་པར་རྩམས་པའོ། །དེ་ཡང་ལྔ་པོ་སྡུས་པས་ས་བཅུ་བདུན་དུ་བཞག་ཏེ་དང་པོ་དགུ་ནི་འཁོར་བར་འཇུག་ཕྱོགས་ཀྱི་ས་ལ་འཁོར་བ་ལས་ཟློག་པའི་ཕྱོགས་ནས་འོག་མ་རྒྱད་བཞག་གོ །

100b

སྡོམ་རྣམ་གཉིས་ནི་ཐེགས་པ་ཐུན་མོངས་ཀྱི་སྡོམ་མངོན་པ་ཀུན་ལས་སྡུས་པ་དང་། ཐུན་མོངས་མ་ཡིན་པའི་སྡོམ་ཐེག་པ་བསྡུས་པའོ། །དེ་ཡང་མངོན་པ་ཀུན་ལས་བསྡུས་ལྔའི། ཐུན་མོངས་མ་ཡིན་པའི་རང་བཞིན་དུ་བཞག་ཅིང་། ཐེགས་པ་བསྡུས་པ་ནི་ཤེས་བྱའི་གནས་ལ་སོགས་བཅུས་ཐེགས་པ་ཆེན་པོ་མཐའ་དག་གི་དོན་བསྡུད་པར་རྩམས་སོ། །དབྱིག་གཉེན་ཐེག་པ་ཆེ་ཆུང་གཉིས་ལ་མཁས་ཞེས་པ་ནི། དབྱིག་གཉེན་གྱིས་ཐེགས་ཆུང་གི་དོན་དགེ་འདུན་བཟང་པོ་སྙན་ནས་མངོན་པ་མཛོད་ཀྱི་རྩ་འབྲེལ་དག་མཛད་པ་ཡིན་ཏེ། ལྕེན་ལ་གསན་ནས། ཐེགས་པ་ཆེན་པོ་སེམས་རྩམས་ཀྱི་དོན་གསལ་བར་བྱ་བའི་ཕྱིར་རབ་ཏུ་བྱེད་པ་སྡེ་བརྒྱད་མཛད་དེ། འདི་ལྟར་ཕུང་པོ་ལྔའི་རབ་དུ་འབྱེད་པ་དང་། ཉི་ཤུ་པ་དང་། སུམ་བཅུ་པ་དང་། ལས་གྲུབ་པ་རྣམ་བཤད་རིག་པ། དབུས་མཐའི་འབྲེལ་པ། མདོ་སྡེ་བརྒྱན་གྱིས་འབྲེལ་པ། རྟེན་འབྲེལ་ཆེན་པོའི་ཏི་ཀ་རྣམས་བརྩམས། དབྱིག་གཉེན་གྱིས་ཚེ་རབས་སུ་ཁམས་ལྟས་པར་བྱས་པ་བློ་གྲོས་བསྟན་པས་ཀྱང་ཕུང་པོ་ལྔའི་འབྲེལ་པ་བྱེ་བྲག་དུ་བཤད་པ་དང་། སུམ་བཅུ་པའི་རྣམ་བཤད་དང་། དབུས་མཐའི་འབྲེལ་བཤད་དག་མཛད། བྲམ་ཟེ་བཙུན་པ་ཡོན་ཏན་འོད་ཀྱིས་ཕུང་པོ་ལྔའི་འབྲེལ་པ་ཉེ་བར་སྦྱང་ཞིང་། དགེ་གཉེན་བཙུན་པ་ངོ་བོ་ཉིད་མེད་པར་སྨྲ་བས་ཀྱང་མདོ་སྡེ་རྒྱན་གྱིས་འབྲེལ་བཤད་དང་། ཐེགས་པ་བསྡུས་པའི་རྣམ་བཤད་དག་ཉེ་བར་བཀོད་སྐད། དེ་ལྟར་ཐོགས་

101a

༄༅།       །མེད་མཆེད་གཉིས་ཀྱིས་སྟན་ཆོས་མང་དུ་མཛད་དེ། དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་དུ་དར་ནས་ནུབ་པ་དེ་དར་བར་བྱས་སོ། །དེ་རྣམས་ཀྱང་ཤིང་རྟའི་ཀྲོལ་གཅིག་ཡིན་ཏེ། དེ་གཉིས་སྡེབས་པས་སྟན་ཆོས་གཉིས་པར་བཞེད། ཞེས་པའོ། །