ལྡེའུ་ཆོས་འབྱུང་།
གཉིས་པ། གཉིས་ལས་དང་པོ་བཤད་པར་དམ་བཅའ་བ།
上一章
下一章

(གཉིས་པ། གཉིས་ལས་དང་པོ་བཤད་པར་དམ་བཅའ་བ།)

ད་ནི་དོན་གཉིས་པ་བཤད་པར་དམ་བཅའ་བ་བཀའ་དྲིན་རྗེས་སུ་དྲན་པ་དང་བཅས་པ་སྟན་པ་ནི། དེ་ལ་ཐང་ཁོབ་བོད་ཀྱིས་རྒྱལ་འཁམས་འདིར་སྐད་པ། མངའ་རིས་བོད་ཀྱི་རྒྱལ་ཁམས་འདིར། མི་རིགས་མི་གཅིག་པ་དྲུག་བཅུའི་ཡང་གཅིག་ཡིན་སྐད་ཏེ། བོད་གླ་བློའི་སྐད་དུ་སྨྲ་བ་བྱ་བ་ལགས་སྐད། ཐང་ཁོབ་དགུ་བཅུ་རྩ་གཅིག་གི་ཡང་གཅིག་ཡིན་པས། ཐང་ཁོབ་བོད་ཀྱི་རྒྱལ་ཁམས་འདིར་ཞེས་པ། ཆོས་མེད་པའི་དུས་ལ་དགོངས་པའོ། །དམ་པ་ཆོས་ཀྱིས་བྱོན་ཚུལ་སྟན་པ་ནི། གདུང་རབས་དག་ལ་སྟེན་དེ་བརྗོད་པར་བྱ། སྔོན་འབྱུང་དུ་རྩམས་པར་དམ་བཅའ། རྗེས་འཇུག་དུ་བཤད་པར་དམ་བཅའོ། །