ལྡེའུ་ཆོས་འབྱུང་།
གསུམ་པ། བཞི་ལས་དང་པོ་རྒྱལ་པོ་སྤྱིའི་མཚན་ཉིད་བསྟན་པ།
上一章
(གསུམ་པ། གཉིས་ལས་དང་པོ་རྒྱལ་པོ་སྤྱིའི་མཚན་ཉིད་བསྟན་པ།)
དོན་གསུམ་པ་རྒྱལ་པོ་སྤྱིའི་མཚན་ཉིད་སྟན་པ་དང་། གདུང་རྒྱུད་རྒྱལ་པོའི་ལོར་རྒྱུས་དང་བཅས་པ་སྟན་པ་ནི། སྤྱིར་ན་རྒྱལ་པོ་ལ་ཡང་གཉིས་སུ་བསྡུད། སུམ་རྒྱ་དྲུག་བཅུར་ཕྱེ་ནས་གསུམ་དུ་གླེང་། ཞེས་པས་འདོར་སྟན་ཏེ། གཉིས་ནི་རིགས་བཅས་དང་རིགས་མེད་དམ། མིའི་རྒྱལ་པོ་དང་མི་མ་ཡིན་པའི་རྒྱལ་པོ་གཉིས་སུ་བསྡུད་པའོ། །སུམ་རྒྱ་དྲུག་བཅུ་ནི་སྐོས་པའི་རྒྱལ་པོ་སྡེ་བཞི་ལས་འབྱེད་དེ། འཛམ་བུ་གླིང་ན་སྐད་རིགས་མི་གཅིག་པ་སུམ་རྒྱ་དྲུག་བཅུ་ཡོད་པས་སོ། །གསུམ་དུ་གླེང་ཞེས་པ་ནི་སྐོས་དང་གདུང་རྒྱུད་བློ་བུར་གསུམ་མོ། །