ལྡེའུ་ཆོས་འབྱུང་།
མང་སྐུར་རྒྱལ་པོ།
上一章
下一章

(མང་བཀུར་རྒྱལ་པོ།)

མང་པོས་སྐུར་བའི་བྱོན་ཚུལ་ལ་གླེང་པ་ནི་སྔོན་གྱིས་དུས་ན། བཅོམ་ལྡན་འདས་གྲོང་ཁྱེར་སེར་སྐྱའི་གནས་ན་བཞུགས་པ་ལ་ཤཀྱ་རྣམས་ཀྱི་སྨྲས་པ། བཅོམ་ལྡན་འདས་བདག་ཤཀྱ་རྣམས་རིགས་འདི་དང་པོ་གང་ནས་སྐྱེས། ཐོག་མ་རུ་ཅི་ཞིག །རིགས་ནི་གང་ཡིན་ཞེས་ཞུས་པས། སངས་རྒྱས་ཀྱི་ཞལ་ནས་ངས་སྔོན་གྱིས་རིགས་རྒྱུད་གླེང་ན། མུ་སྟེགས་པ་རྣམས་སངས་རྒྱས་ཀྱི་རང་ལ་བསྟོད་ཟེར་དུ་འོང་པས། མིའུ་འགལ་གྱིས་བུ་ཁྱོད་ཀྱིས་བདག་ཅག་གིས་རིགས་རྒྱུད་ཤོད་ཅིག་གསུང་པས། ཚེ་དང་ལྡན་པ་མོའུ་འགམ་གྱིས་བུས་སྨྲས་པ། དང་པོ་འཇིག་རྟེན་འདི་ཆགས་ནས་ཆུའི་སྲིས་མ་ལ་སའི་བཅུད་ཁ་

111b

དོག་དང་དྲི་ལྡན་པ་བྱུང་ངོ་། །དེ་ནས་འོད་གསལ་གྱི་ལྷ་གཉིས་གཉིས་གླིང་བཞིར་བྱོན་ཏེ། ཤར་ལུས་འཕགས་པོར་དགའ་བོ་དང་དགའ་ལ་གྲོགས། བྱང་སྒྲ་མི་ཉན་དུ་ཀྲ་བོ་དང་ཀྲ་ལ་གྲོགས། ནུབ་བ་གླང་སྤྱོད་དུ་སྨིན་བུ་དང་སྨིན་ལ་གྲོགས། འཛམ་བུའི་གླིང་འདིར་གཤེད་ཅན་ནམ་གཤེད་ལ་གྲོགས་གཉིས་བྱོན་ཏེ། ལྷ་དེ་རྣམས་ནི་གཟུགས་དང་ཁ་དོག་དང་ལྡན་པ། དབང་པོ་ཡན་ལགས་དང་ཉིང་ལག་དུ་ཚངས་པ། ཟས་སུ་བདུད་རྩི་ཟ་བ། འོད་རང་འོད་ཡོད་པ། ནམ་མཁའ་ལ་འགྲོ་བ། ཚེ་རིངས་པར་གནས་པའོ། །དུས་དེ་རྩ་ན་སྐལ་པ་དང་པོ་སྟེ། དེའི་དུས་སུ་ཟས་བཞི་མིང་དྲུག་ཐ་དད་པ་བྱ་བ་བྱུང་སྐད། དེ་ལ་ཟས་བཞི་ནི། སའི་ཞག་དང་སའི་བཅུད་གཉིས། ལྡུམ་བུ་ཚལ་གྱི་ཟས་དང་གསུམ། མ་སྨོས་པ་ས་ལུ་ལྗང་པ་དང་བཞིའོ། །སྐལ་པ་དང་པོའི་ཟས་བཞི་ཡིན་སྐད། སེམས་ཅན་སྤྱི་ཐུན་གྱིས་ལས་ཡིན། རྐྱེན་དངས་སིང་འབྱེད་པའི་རླུང་ཡིན། མིང་དྲུག་ནི་ཚུར་ཤོག་སྨེ་བ་ཅན། རྟའི་རྗེ་ངར་སྤྲིན་འགྲིན་ཡིད་ལས་སྐྱེས། མིང་དྲུག་ཞེས་ནི་དེ་ལ་བྱའོ། །ཅེས་སོ། །མིང་དྲུག་གི་རྒྱུ་མཚན་ནི། ཤེས་པ་རང་བཞིན་འོད་གསལ་བའི་འོད་ལས་ཕ་དང་མ་ཆད། ཞེ་སྡང་ཕ་དང་འདོད་ཆགས་མས་སྐྱེན་བྱས། རྐྱེན་ལས་དང་ཉོན་མོངས་པས་འཁོར་བའི་སེམས་ཅན་དུ་སྐྱེས་སྟེ། སེམས་ཅན་ཞེས་ཅི་ལ་རྟག་ན། སེམས་ནི་རྣམ་པར་ཤེས་པ་ལ་བྱ་སྟེ། ཅན་ནི་རྣམ་པར་ཤེས་པ་དང་ལྡན་པའི་ཕུང་པོ་ལ་བྱ། དེ་ལྟར་སེམས་ཅན་གྱི་ནང་ནས་གཟུགས་བཟང་བ་

112a

༄༅།       །གཅིག་ན་རེ། ངེད་ནི་སེམས་ཅན་ཡིན་པས་ཟས་དགོས་ཟེར་སྟེ། ཟས་བརྩལ་བས་སའི་བཅུད་ཁ་དོག་དང་དྲི་དང་རོ་དང་ལྡན་པ་གཅིག་སྙེད་དེ། ཟླ་བོ་ལ་ཚུར་ཤོག་ཟེར་ནས་སའི་བཅུད་ཟ་བར་གྱུར་ཏོ། །དེའི་ཚེ་སེམས་ཅན་གྱི་མིང་ཚུར་ཤོག་བྱ་བར་གྱུར་ཏོ། །དེ་ཆེར་ཟོས་པས་ཁ་དོག་ངན་ཞིང་ཟས་ཀྱང་ནུབ་པར་གྱུར་རོ། །དེ་ཀུན་གྱིས་སྨྲེ་སྔགས་སྟོན་པས། དེའི་མིང་ཡང་སྨེ་བ་ཅན་བྱ་བར་བཏགས་སོ། །ཡང་ད་ཅིའི་མི་ས་ཞག་སྙེད་པར་གྱུར་ཏེ། ཚུར་ཤོག་སྨེ་བ་ཅན་ཏ་ལའི་རྗེ་ངར་མངར་བའི་ཟས་སྙེད་དེ། སྨེ་བ་ཅན་ལས་ཏ་ལའི་རྗེ་ངར་བྱ་བར་བཏགས་པར་གྱུར་ཏོ། །ཡང་སྔོན་པའི་ང་རྒྱལ་སྐྱེས་ནས་ས་ཞག་ནུབ་བོ། །དེ་ནས་མི་དེ་ན་རེ་ངེད་ཅག་ལ་ཉོན་མོངས་སྤྲིན་རྩམ་གཅིག་ཡོད་ཟེར་ཏེ། ཡང་དེ་དག་གི་མིང་སྤྲིན་འགྲིན་ཅེས་བཏགས་སོ། །དེ་ནས་ལྡུམ་བུའི་ཟས་སྙེད་པར་གྱུར་ཏེ། སྦྲང་རྩི་ལྟ་བུའི་རོ་དངར་བར་གྱུར་ཏོ། །དེའི་ཚེ་མིང་ཡང་ཡིད་ལས་སྐྱེས་ཞེས་བྱ་བར་བཏགས་སོ། །ཁ་དོག་བཟང་ངན་ལ་མངོན་པ་ང་རྒྱལ་སྐྱེས་པས་ལྡུམ་བུའི་འཚལ་ནུབ་པར་གྱུར་ཏོ། །དེ་ནས་མ་སྨོས་མ་བཏབ་པའི་འབྲས་ས་ལུ་ལྗང་པ་རོ་བརྒྱ་དང་ལྡན་པ་འབྱུང་པར་གྱུར་ཏོ། །དེ་ཟོས་པས་ཕོ་མོའི་དབང་པོ་ཡང་དོད་པར་གྱུར་རོ། །དེ་ནང་བླངས་ན་ནང་སྐྱེ། ནུབ་བླངས་ན་ནུབ་སྐྱེ་བ་ཡོད་པ་ལ། རྒྱུད་ངན་པ་གཅིག་གིས་ནང་པར་གྱིས་སྐལ་བ་ནུབ་མོ་བླང་ནས། ནང་པར་ཟླ་བོས་སྒྲོན་དུ་བྱུང་རྩམ་ན། ངས་

112b

ད་ནང་གི་སྐལ་བ་ཡང་མདང་བླངས་བྱས་པས། དེ་ཐབས་ཆེ་ཟེར་ནས་ཀུན་གྱིས་དགོང་མོ་བླངས་པས་སྐྱེ་བ་ཆད་ནས་འདེབས་དགོས་པར་སོང་། དེ་ལྟར་ཟས་བཞི་མིང་དྲུག་གོ །ཐ་དད་གསུམ་ལྷ་ལས་ཐ་དད་པས་ནི་སེམས་ཅན། སེམས་ཅན་ལས་ཐ་དད་པས་མི། མི་ལས་ཐ་དད་པས་རྒྱལ་པོའོ། །ཐ་དད་གསུམ་གྱིས་དུས་སུ་མང་པོ་སྐུར་བ་བྱུང་སྐད་པ་ནི། དེ་རྣམས་ཀྱི་ནང་ནས་ཀྱང་གཟུགས་མཛེས་པ། སྤྱོད་ལམ་མཁས་པ། ངང་རྒྱུད་རིང་བ་གཅིག་བྱུང་སྐད་དོ། །དེ་ནས་མི་དེ་དག་གིས་ཐོབ་ཤ་བྱས་པས་འཐབ་མོ་འོང་པར་བྱུང་པ་ལ། ངང་རྒྱུད་རིང་པ་དེས་སྨྲས་པ། ཁྱེད་རྣམས་མ་འཐབས་གཅིག་ངས་མཉམ་པོར་སྒོ་བོ་ཞེས་སྨྲས་ནས་བགོས་པས། ཁོང་རང་གི་སྐལ་བ་ཆད་དོ། །དེར་ཀུན་གྱིས་ཁོའི་སྐལ་བ་སྡུས་སྟེ་བྱིན་པས། ཐོ་རྩེ་བསྡུས་པ་ཅེས་བྱ། གཞན་པས་རྒྱལ་བར་བྱུང་པས་རྒྱལ་པོར་ཐོག་སོ། །སྐྱེ་བོ་མང་པོས་སྐུར་བའི་ཕྱིར་ན་མང་པོས་སྐུར་བ་ཅེས་བྱ། ཆོས་དང་ཚུལ་ཁྲིམས་ཀྱི་འཁོར་འགུ་བར་བྱེད་པའི་ཕྱིར་ན་རྒྱལ་རིགས་ཅེས་བྱའོ། །དེ་སྔོན་ལས་ཅི་བསགས་པ་ལས་དེར་སྐྱེས་ན། མདོ་སྡེ་ལས་སྔོན་གྱིས་དུས་ན་བྲམ་ཟེའི་བུ། རིགས་མེད་དགའ་ལྡན་ཞེས་བྱ་བར་སྐྱེས་པའི་དུས་སུ། མེ་ཏོག་སྤར་པོ་ལྔ་ཕུལ་ནས། བྱང་ཆུབ་མཆོག་དུ་སེམས་སྐྱེད་དེ། །སྦྱིན་པས་ཀུན་ལ་སྙོམས་པར་བྱིན། །རྗེ་ལ་སོགས་པ་མཉེས་པར་བྱས། །གཞན་གྱིས་དོན་དུ་བདག་སྐོལ་ཏེ། །མང་པོ་སྐུར་བར་སྐྱེ་བའི་

113a

༄༅།       །རྒྱུ། །སྐྱེ་བའི་གནས་ནི་རྫུས་སྐྱེས་ཡིན་ཞེས་སོ། །འོ་ན་རྫུས་སྐྱེས་ཇི་ལྟར་སྐྱེས་ན། ཙན་དན་གྱི་ནགས་ཚལ་ཆེན་པོ་གཅིག་གི་གསེབ་ན་ཤིང་སྡོང་པོ་ཆེན་པོ་གཅིག་ལ་འུར་འུར་བ་གཅིག་བྱུང་པས། ཤིང་སྡོང་པོ་དེ་གསེས་དེའི་ནང་ནས་དེ་བཞིན་གཤེགས་པའི་གདུང་རྫ་མ་རྩམ་གཅིག་བྱུང་། གདུང་དེའི་ནང་ནས་ཁྱིའུ་མི་མེན་ལྷ་སྲས་འདྲ་བ་གཅིག་བྱུང་པ་ནི་མང་པོས་སྐུར་རོ། །དེའི་ཕྱིར་ན་གདུང་རྒྱུད་དོ། །གཞན་པས་སྐལ་བ་རྒྱལ་བས་རྒྱལ་པོ་ཅེས་བྱའོ། །རྒྱལ་པོ་ལ་སྔ་བ་མང་པོས་སྐུར་བའོ། །མང་པོས་བསྐུར་བའི་སྤྱི་བོར་ཕོལ་འཇམས་པོ་གནོད་པ་མེད་པ་གཅིག་བྱུང་ཏེ། ཁྱིམས་བདག་ཚངས་སྦྱིན་ལ་སྟན་པས། ཁྱིམས་བདག་ན་རེ་ཡབ་པས་ཀྱང་མཛེས་པའི་སྲས་གཅིག་འོང་ཟེར་ཏེ། དེ་སྨིན་ཅིང་སྡོལ་སའི་ནང་ནས་བྱིས་པ་གཟུགས་བཟང་པ་མཛེས་པ་གཅིག་བྱུང་ཏེ། དེའི་དུས་སུ་ཉི་ཟླའི་འོད་བྱུང་པས་མིང་ཡང་འོད་མཛེས་ཞེས་བཏགས་སོ། །དེ་རྒྱལ་པོར་གྱུར་པའི་ཚེ་འཇིག་རྟེན་དུ་རྐུན་པོ་ཅེས་བྱ་བ་བྱུང་ནས་ཁམས་ཀྱི་ཟས་རྐུས་པས། རྒྱལ་པོའི་ཞལ་ནས་ངན་ཞིང་སྨན་པའི་སེམས་ཅན་ཁྱེད་རང་སྐལ་བ་ཡོད་བཞིན་དུ། མ་སྦྱིན་ལེན་པ་མ་ལེགས་སོ། །ཅེས་སྨྲས་ནས་གཅིག་བསད་གཅིག་སྤྱུགས་སོ། །བསད་པོས་སྨོད་བོར་བ། མ་སྦྱིན་ལེན་པ་བདག་གི་བྱས་པས་རྒྱལ་པོས་མཆད་པ་བཅད། ལས་ཀྱི་རྣམ་པར་སྨིན་པ་རྒྱལ་པོ་ཉིད་ལ་ཤོག །ཅེས་སོ། །གསུམ་གྱིས་

113b

རིང་ལ་འགྲོ་བ་རིགས་དྲུག་རྫོགས་སྐད་པ། མང་པོས་སྐུར་བ་ཤི་ནས་ལྷའི་དབང་པོ་རྒྱལ་བྱིན་དུ་སྐྱེས་སོ། །རྐུས་པའི་དུས་སུ་གཞན་ལ་ཡོད་པ་ལ་ཕྲག་དོག་སྐྱེས་པ་ལ་རྐུས་པས་རྐུན་མ་བསད་པོ་དེ་ལྷ་མ་ཡིན་དུ་སྐྱེས་སོ། །རྐུན་མ་སྤྱུགས་པོས་བཟའ་ལྟུང་མ་སྙེད་དེ་བཀྲེས་ཤིང་སྐོམས་པས་ཡི་དགས་སུ་སྐྱེས་སོ། །རྒྱལ་པོ་འོད་མཛེས་ཀྱི་ཕྲག་པ་གཡས་པར་ཕོལ་འཇམ་པོ་བྱུང་བ་སྡོལ་བ་ལས། བྱིས་པ་གཟུགས་མཛེས་པ་གཅིག་བྱུང་ཏེ། ཁྱིམས་བདག་ཚངས་བྱིན་ལ་སྟན་པས་དེ་ནི་དགའ་བོ་ཟེར། མཚན་ཡང་དགེ་བར་བཏགས་སོ། །དེ་རྒྱལ་པོར་གྱུར་པའི་ཚེ་ཁྱིམས་བདག་ཚངས་སྦྱིན་དང་རྒྱལ་པོ་དགེ་བ་གཉིས་མཚོ་མ་གྲོས་པ་ལ་ཁྲུས་བྱས་པས། ཆུའི་རེག་པ་མ་ཐུབ་སྟེ་ཁུ་བ་ཐིག་མ་རེ་ཤོར་བ་ལས། རྒྱ་མཚོའི་ནང་དུ་ཆུ་རླངས་དམར་པོར་སྲིད། བྱོལ་སོང་གི་རིགས་བཞི་དེ་ལས་སྲིད་དོ། །དགེ་བའི་ཕྲག་པ་གཡོན་པ་ལས་ཕོལ་མིག་གཅིག་བྱུང་ཏེ་རྡོལ་བ་ལས། བྱིས་པ་མཛེས་པ་གཅིག་བྱུང་ཏེ། ཁྱིམས་བདག་ལ་སྟན་པས་འདི་མཆོག་ཟེར་ནས། མིང་ཡང་དགེ་མཆོག་དུ་བཏགས་སོ། དེ་རྒྱལ་པོར་གྱུར་པའི་ཚེ་དུག་ལྔ་ཁ་ཚེང་ཅད་ཅིང་ཞེ་སྡང་གཙོ་ཆེར་བྱས་པས་དམྱལ་བར་སྐྱེས་སོ། །གསོ་སྦྱོངས་འཕགས་ཀྱི་རིང་ལ་མིའུ་རིགས་བཞི་བྱུང་སྐད་པ། རྒྱལ་པོ་དགེ་མཆོག་གི་རླ་གཡས་པ་ནས་ཕོལ་གཅིག་བྱུང་པ་ཏོལ་བ་ལས། རྒྱལ་པོ་གསོ་སྦྱོང་འཕགས་

114a

༄༅།       །བྱུང་ཏེ། རྒྱལ་པོའི་ཞལ་ནས་བྲམ་ཟེ་མཚན་མཁན་གྱིས་མིའུ་རིགས་བཞི་རྟོགས་ཤིག་ཅེས་རྟགས་པས། དེ་རྣམས་ཀྱིས་ནང་ནས་བཀྲག་མཛེས་པ་ལ་བྲམ་ཟེར་བཏགས། སྤྱོད་པ་གཞུང་ཤིང་སྙིང་རྗེ་བ་ལ་རྗེ་རིགས་སུ་བཏགས། གསོད་སྤྱོད་ལ་དགའ་ཞིང་ཁོང་ཁྲོ་བ་ལ་དམངས་རིས་སུ་བཏགས། རྗེ་ལ་རྒྱལ་རིགས་སུ་བཏགས་སོ། །དེས་ནི་མང་པོ་སྐུར་བའི་བྱོན་ཚུལ་ལམ་སྐྱེས་རྒྱུད་སྟན་པ་ལགས་སོ། །