ལྡེའུ་ཆོས་འབྱུང་།
རྒྱལ་ཕྲན་བཅུ་གཉིས།
上一章
下一章

(རྒྱལ་ཕྲན་བཅུ་གཉིས།)

རྒྱལ་ཕྲན་བ་གཉིས་ནི། ཡུལ་འཆིམས་ཡུལ་ནག་པོ་དགུ་སུལ་ན། རྒྱལ་པོ་འཆིམས་རྗེ་ནེ་གུ། བློན་པོ་དང་དང་དིང་། ཡུལ་ཞང་ཞུང་ན། རྒྱལ་པོ་ཞང་ཞུང་དར་གྱིས་རྗེ་ལི་ག་སྡུར་བཞུགས། བློན་པོ་སྨ་ར་སངས་རྗེ། ཡུལ་མྱང་རོ་མཆད་དཀར་ན། རྒྱལ་པོ་རྩང་རྗེ་ཐོད་དཀར། བློན་པོ་བན། ཡུལ་སྣུབས་ཡུལ་གླིང་དགུ་ན། རྒྱལ་པོ་སྣུབས་རྗེ་སྲད་པ། བློན་པོ་རྨེའུ་དང་འགྲོ། ཡུལ་ཉང་རོ་ཤམ་པོ་ན། རྒྱལ་པོ་ལོ་ངམ་བྱི་རོམ། བློན་པོ་ཤེའུ་དང་ཡུག །ཡུལ་གྱིས་ར་ལྗོངས་སྔོན་ན། རྒྱལ་པོ་ཀྱི་རྗེ་རྨངས་པོ། བློན་པོ་ངས་མི་དང་འགྲོ། ཡུལ་ངས་པོ་ཁྲ་སྣ་ན། རྒྱལ་པོ་གུང་ཁྲི་ཟིངས་པོ་རྗེ་ཁྲི་འབངས་གསུམ། བློན་པོ་འགར་དང་སྙན། ཡུལ་འོལ་ཕུ་ཡང་མཁར་ན། རྒྱལ་པོ་ཟིན་འབྲང་རྗེ། བློན་པོ་གོ་དང་སྦས། ཡུལ་ཀྲིས་སྣ་རོལ་མོ་གོང་ན། རྒྱལ་པོ་དྲང་རྗེ་གོང་ནམ་བཞུགས། བློན་པོ་སྦྲད་དང་ཞུ། ཡུལ་མྱང་ཡུལ་རྣམ་གསུམ་ན། རྒྱལ་པོ་ཉང་བཙུན་གླང་རྒྱབ་བཞུགས། བློན་པོ་དེ་རུ་ཡུན་གཉིས་བཞུགས། ཡུལ་དགས་ཡུལ་སེ་མོ་གྲུ་བཞི་ན། རྒྱལ་པོ་དགས་རྗེ་ལྕེ་མང་བཞུགས། བློན་པོ་བླ་དང་ཀམ་མོ། ཡུལ་འབྲོག་མོ་རྣམ་གསུམ་ན། རྒྱལ་

127a

༄༅།       །སེར་ཁྲི། བློན་པོ་རྐང་རེ་ནག་པོ།