ལྡེའུ་ཆོས་འབྱུང་།
ལྡེ་བདུན།
上一章
(ལྡེ་བདུན།)
ལྡེ་བདུན་བར་དུ་ཞེས་པ་ལ་སོགས་པ་ལ། ལྡེ་བདུན་ནི་ཨི་ཤོ་ལེགས་ཀྱི་སྲས་རྒྱལ་ཟན་ནམ་ཟིན་ལྡེ། དེའི་སྲས་ལྡེ་འཕྲུལ་པོ་རྣམས་གཞུང་བཙན། དེའི་སྲས་ལྡེ་གནོལ་པོ། དེའི་སྲས་ལྡེ་གནོལ་ནམ། དེའི་སྲས་བསེ་ལྡེ་གནོལ་པོ། དེའི་སྲས་བསེ་ལྡེ་གནོལ་ནམ། དེའི་སྲས་ལྡེ་རྒྱལ་པོ། དེ་ཡན་ཆད་དུ་ཡུམ་ཀླུ་མོ་དང་བཤོས་པས། ཡུམ་གྱི་མཚན་མ་སྨོས་པ་ཀླུ་གཉན་པས་མ་སྨོས། གདུང་རབས་ཉི་ཤུ་རྩ་གཅིག །བོད་ལ་ཆོས་མེད་མུན་པའི་དམག་རུམ་འདྲ་སྐད་པ། བོད་ལ་ཆོས་མེད་པས་དཔེ་མུན་པའི་དམགས་རུམ་དང་འདྲ་བའོ། །ཆབ་སྲིད་བོན་དང་སྒྲུངས་ལྡེ་གསུམ་གྱིས་བབས་སྐད་པ། སྡེ་སྣོད་བོད་དུ་འབྱུང་པའི་སྔ་ལྟས་སུ། བོན་དང་སྒྲུང་དང་ལྡེའུ་གསུམ་སྤྱོད་པའི།