ལྡེའུ་ཆོས་འབྱུང་།
སྲོང་བཙན་སྐུ་དུས་ཀྱི་བློན་པོ།
上一章
(སྲོང་བཙན་སྐུ་དུས་ཀྱི་བློན་པོ།)
ཁྱུང་པོ་སྤུ་སྟང་ཟུང་རྩེ་དང་། མོང་ཁྲི་ལྟོ་རི་སྣང་
143b
ཚབ་གཉིས་ཀྱི་བློན་པོ་བྱས། དེ་ནས་སྲོང་བཙན་ཡུལ་གཟུང་གི་ལོ་ཉི་ཤུ་རྩ་གཅིག་བགྱིས། མྱང་མང་པོ་རྗེ་ཞང་སྣང་རྩང་ཕན་ཆད་ཀྱི་བློན་པོར་བཀོས། སྣུབས་སྙ་རོ་དར་བཙུག་བློན་དང་། འོ་མ་ལྡེ་ཁྲི་བཟང་ལོ་བཙན་གྱིས་ཀྱང་བློན་པོ་བགྱིས་སྐད། རྒྱལ་པོ་འདིའི་སྐུ་ཚེ་སྟོད་ལ་བོད་རུ་བཞིར་ཕྱེ། སུམ་པའི་རུ་སྣ་ལགས་སྡེར་བཅད་སྐོས་པའི་རྒྱལ་པོ་སྡེ་བཞི་མངའ་འོག་དུ་བསྡུས། སོ་ཁ་རྒྱད་ཡུལ་དུ་ཅད། རྒྱལ་ཕྲན་བཅུ་གཉིས་བྲན་དང་འབངས་སུ་བཅད། ཡབ་འབངས་རུ་དྲུག་ནི་རྗེའི་སྐུ་འཚོས་ཞང་གསུམ་བློན་བཞིས་དབུས་ཀྱི་འདུན་ས་མཛིན། དཔལ་ལྡེ་ལྡོ་སྟོང་གིས་མཐའི་རྒྱ་དྲུག་འདུལ། ཁབ་སྟོང་སྡེ་སུམ་རྒྱ་དྲུག་བཅུས་དམག་དང་མུ་བྱེད། ཆ་མི་ཁྱིམས་རྒྱ་ཡིས་ཞིང་རྨེད་ཐ་རྒོད་འདུལ། མཁན་དགུ་རྫི་བདུན་དང་། ཚོང་པ་མི་བདུན་དང་། གཡུང་པོ་མི་ཕྱེད་དང་བརྒྱད་ཀྱི་ཉི་འབངས་སུམ་འབངས་བྱས་ནས་རྗེས་ཐུགས་དམ་སྐོང་སྐད།