ལྡེའུ་ཆོས་འབྱུང་།
བཀྲ་དགུ།
上一章
下一章

(བཀྲ་དགུ།)

བཀྲ་དགུ་ནི་བྱང་བུ་དགུ་བཀྲ་ལ་བྱ་སྟེ། བྱང་གཟའ། བྱང་གཡག །ཀེར་ཁྲ། སྦྲུལ་མགོ། དམིག་ནག །མཆུ་སྙུང་ཐེན་བྱང་། ཁ་དམར་རྒྱ་བྱང་ངོ་། །བྱང་བུ་གསུམ་ནི་ཞལ་ཆེ་སྤྱིའི་བྱང་བུ། ལྔ་ནི་བློ་ཡུས་ཀྱི་བྱང་བུ། གཅིག་ནི་ཀུན་ལ་རྒྱུག་པའི། ཞལ་ཆེའི་བྱང་བུ་གསུམ་ནི། ཟང་བསག་སྐེད་ཁྲ་ཁ་དམར་པོ། རྒྱ་བྱང་ནི་སྤྱིར་རྒྱུག་པའོ། །བྱང་བུ་ལྔ་ནི་བློ་ཡུས་གྱིས་བྱང་བུ་སྟེ། ཞལ་ཆེ་ན་ལྔ་དང་སྦྱར། མི་སྟོང་དགེའི་ཞལ་ཆེའི་དུས་སུ། ཤགས་ཀྱི་མགོ་རྒྱངས་སུ་ཡང་།

148a

༄༅།       །ཡིག་ཚངས་དང་། སྟོང་ཐང་དང་། མཆད་པ་ཀ་ཀེན་ལ་སོགས་པ་བྲིས་ནས། ཞལ་ཆེའི་གྲ་རུ་སྲིང་པ་དེ་ནི། བྱང་གཟས་ཞེས་བྱའོ། །དེའི་ལན་ཤགས་ཀྱི་བྱང་བུ་བཀུར་བ་ལ་སྦྲུལ་མགོ་ཞེས་བྱ། ཡང་ལོན་ལ་ཤགས་འདེབས་པའི་བྱང་བུའི་མིང་ནི་དམིག་ནག་ཞེས་བྱ། དུས་དེ་ཙ་ན་བློ་ཡུས་ཀྱི་མཆིད་ཤག་ལ་གསུམ་ལས་མེད་པའི་སྟན་ཚིག་དེ་ཡིན། གཉེན་བྱེ་བྲལ་གྱིས་ཞལ་ཆེ་བྱེད་པའི་དུས་སུ། ཞལ་ཆེའི་དྲ་རུ་ཡི་སྲིད་པའི་མིང་ནི་ཐེན་བྱང་ཞེས་བྱ། ཤགས་ཀྱི་མགོ་རྒྱངས་སུའང་། སྙེན་སྟོབས་དང་དགྲ་ཐབས་ཇི་ལྟར་འབྱུང་བ་འབྲི་བ་ལགས། སྙོན་སྟོལ་དཀར་མའི་ཞལ་ཆེའི་དུས་སུ། ཞལ་ཆེའི་དྲ་རུ་སྲིང་པའི་བྱང་བུའི་མིང་ནི་མཆུ་སྙུང་ཞེས་བྱ་སྟེ། བློ་ཡུས་ཀྱི་བྱང་བུ་ལྔའོ། །ཞལ་ཆེའི་བྱང་བུ་གསུམ་ནི། ཟང་ཡག་བྱ་བ་བློ་ཡུས་ཀྱི་ཤགས་དང་སྦྱར་ནས་དྲང་པོར་ཅོད་པ་ལ་ཟེར་རོ། །ཀེང་ཁྲ་ནི་ཞལ་ཆེ་ཡོན་པོར་ཅོད་པ་ལ་ཟེར་ཏེ། བློ་ཡུས་ཀྱི་ནོར་ཟ་བ་ལ་ཟེར་རོ། །བྱང་བུ་ཁ་དམར་ནི་ཁ་མར་འདོག་པ་ལ་ཟེར་སྟེ། བྱང་བུ་གསུམ་མོ། །རྒྱ་བྱང་ནི་ཉེས་པའི་སྐྱོན་ཐམས་ཅད་བཟང་པོའི་རྒྱས་ཏབ་ནས་བྱང་དུ་འཇུག་པ་ལ་རྒྱ་བྱང་ཟེར་རོ། །དེ་ནི་བཀྲ་དགུ་ཞེས་བྱའོ། །