ལྡེའུ་ཆོས་འབྱུང་།
ཆེ་དགུ།
上一章
下一章

(ཆེ་དགུ།)

ཆེ་དགུ་ནི། ལས་ཐམ་ཅད་ཀྱི་བློན་པོ་དགུ་ལ་བྱའོ། །སྒུང་བློན་ཆེ་འབྲིང་ཆུང་གསུམ། ནང་བློན་ཆེ་འབྲིང་ཆུང་གསུམ། བཀའ་ཕོ་འག་ལ་ཆོས་པ་ཆེན་པོ། འབྲིང་པོ་ཆུང་པ་གཉིས་པོ་དེ་འབངས་གཞན་པས་ཆེ་བས་ན། ཆེ་དགུའོ། །དེ་ལ་སྒུང་བློན་ཆེན་པོའི་ལས་ཐབས་

148b

ནི། ཁྱོ་དང་འདྲ་སྟེ་ཕྱིའི་ཚིས་བྱས་ནས་ཕྱི་རྒྱ་རླབས་ཀྱིས་གཅོད་པའོ། །ནང་བློན་གྱིས་ལས་ཐབས་ནི། མོ་བཙུན་དང་འདྲ་སྟེ། ནང་གི་ཚིས་བྱེད་པའོ། །བཀའ་ཡོ་འགལ་འཆོས་པ་ནི་འདམས་ཀྱི་ཕུར་པ་དང་འདྲ་སྟེ། ལེགས་ན་དགྲའི་བུ་ལེགས་ཀྱང་བྱ་རྒ་གསོལ། ཉེས་ན་རང་གི་བུ་ཉེས་ཀྱང་མཆད་པ་གཅོད་པའོ། །གུང་བློན་ཆེན་པོ་ནི་འགྲན་གྱིས་ཟླ་མེད་པ་ལྟེ། བསད་ན་སྟོང་ཐང་གཅིག་སྟོང་ཡོད་དེ་ཆེའོ། །ཡིག་ཚངས་གཡུའི་ཡི་གེས་ཆེའོ། །གུང་བློན་འབྲིང་པོ། ནང་བློན་ཆེན་པོ་གཉིས་ནི། སྟོང་ཐང་མཉམ་སྟེ་ཁྲི་ཡོད། ཡིག་ཚངས་གཡུའི་ཡི་གེ་ཆུང་པའོ། །རྒུང་བློན་ཆུང་པ། ནང་བློན་འབྲིང་པོ་བཀའ་ཡོ་འགལ་འཆོས་པ་གསུམ་ནི་ཏོང་ཐང་དགུ་སྟོང་ཡོད་པའོ། །ཡིག་ཚངས་གསེར་གྱིས་ཡི་གེ་ཆེན་པོའོ། །ནང་བློན་ཐ་ཆུང་དང་ཡོ་འགལ་འཆོས་པ་འབྲིང་པོ་གཉིས་སྟོང་ཐང་། རྒྱད་སྟོང་། ཡིག་ཚབས་གསེར་ཡིག་ཆུང་པའོ། །ཡོ་འགལ་འཆོས་པ་ལ་སྟོང་ཐང་བདུན་སྟོང་ངོ་། །ཡིག་ཚངས་འཕྲ་མེན་གྱི་ཡི་གེ་མཐོའོ། །དེ་ཚོ་བཀྲ་དགུ་ཆེ་དགུའོ། །