ལྡེའུ་ཆོས་འབྱུང་།
དབོན་སྲས་འབངས་ཀྱིས་ལྷ་ཁང་བཞེངས་པ།
上一章
下一章

(དབོན་སྲས་འབངས་ཀྱིས་ལྷ་ཁང་བཞེངས་པ།)

དེ་ལྟར་སྤྲུལ་པ་པོ་འདིས་ཐམས་ཅད་དུ་ལྷ་ཁང་རྒྱ་རྩ་བརྒྱད་བཞེངས་པར་བྱས་པ་ལ། བར་དུ་སྟོན་མིན་བཙན་མིན་མ་མཐུན་ནས་ཐུགས་དམ་ཆགས་ཏེ། ཉིད་ཀྱིས་ཞེ་གཉིས་བཞེངས་ནས། ཕྱི་རབས་ཀྱི་དབོན་སྲས་དང་། འབངས་བློ་ཉེ་བ་རྣམས་ཀྱིས་རྗེ་ཀྱིན་འབངས་ཀྱི་སོབས་ལ་བཞེངས་ཞེས་བཀའ་རྩལ་པས། དབོན་སྲས་ཀྱིས་བཞེངས་པ་ལ། རྗེ་ཁྲི་ལྡེ་རྩུགས་སྟན་གྱི་བྲག་དམར་མགྲིན་བཟངས། འཆིང་ཕུ་ནམ་རལ། དཀའ་ཆུ་དབུ་རུ་མཁར་ཕུག །མདོ་ཁམས་སྨད་དུ་གླིང་གི་ཁྲི་རྩེ་དང་ལྔ་བཞེངས། ཁྲི་གཙུག་ལྡེམས་བཙན་གྱིས་དཀར་ཆུང་དུ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས། མངའ་བདག་རལ་པ་ཅན་གྱིས་འོན་ལྗང་དུ། གཡུའི་ལྷ་ཁ་དགུ་ཐོག་དང་། མདོ་སྨད་དུ་རབ་སྟོང་ལྷ་ཁང་དང་གཉིས་སོ། །ཅུང་གཙང་མས་མོན་བུད་མཁར་ཁྲམ་སྣའི་ལྷ་ཁང་བཞེངས། ཁྲི་སྲོང་ལྡེ་བཙན་གྱིས་དབུ་རྩེ་རིགས་གསུམ། གླིང་བྲན་བཅུ་གཉིས། དེ་མ་རྟོགས་པ་དག་བྱེད་ཁྲུས་ཁང་གླིང་། ཚང་རྨངས་ཀེ་རུ་གླིང་། ཀླུ་གྲུབ་མཐུ་རྩལ་གླིང་། གཡག་ཤ་སྟ་

167b

འོག་གླིང་དང་བཅུ་བདུན་བཞེངས་ཏེ། རེ་བརྒྱད་དོ། །དབོན་སྲས་ཀྱིས་ཡུམ་གྱིས་བཞེངས་པ་ལ། ཨོང་ཅོང་གི་རྒྱ་གར་ལ་དཔེ་སླང་ནས་དམ་པའི་ལྷ་ཁང་བཞེངས། ཚེ་སྤོང་གཟའ་བ་དམར་གྱིས་ཁམས་གསུམ་ཟངས་ཁང་བཞེངས། འགྲོ་གཟའ་བྱང་ཆུབ་ཀྱིས་དགེ་རྒྱས་བྱེ་མ་གླེང་བཞེངས། ཚེ་སྤོང་གཟའ་བཙན་མོ་འཕན་གྱིས་ལྕང་ངུ་ཕོ་ཡོང་གཟའ་རྒྱལ་མོ་བཙུན་གྱིས་བུ་ཚལ་གསེར་ཁང་བཞེངས་ཏེ། དོན་གཉིས་སོ། །འབངས་ཀྱི་བཞེངས་པ་ལ། བྲན་ཀས་དགེ་ཚལ་གྱི་ལྷ་ཁང་྾ མྱང་ཧྲ་ཏེ་རྩོས་འཁང་ཐང་གི་ལྷ་྾ མྱང་མཆོག་བཙུན་བླ་མས་ཟ་འུག་གི་྾ མྱང་ཤ་མི་གོ་ཆས་རྒྱ་ཚལ་གི་྾ མྱང་ཏིང་ངེ་འཛིན་གི་ཝའི་ལྷ་ཁང་འབྲོག་གི་ལྷ་྾ མྱང་མ་ཧ་ཡན་གྱིས་གློག་གི་྾ མྱང་ཤྲིར་སལ་སྐྱོང་གི་རྒྱུན་མི་འཆད་ཀྱི་྾ མྱང་དེ་བཞིན་བཤེགས་པས་ཁ་རག་རྩ་མོར་ཡུལ་བྱེའི་྾ མྱང་མཆོག་བཙུན་གྱི་སྲིང་མོ་གཟའ་མོ་མཆོག་གི་ལྷོ་མོས་སྨོན་གྲོ་སྟག་ཚལ་གྱི་ལྷ་ཁང་རྡོ་རྗེ་ཙུགས་ལགས་ལུགས་སུ་བཞེངས། ཚེ་སྤོང་སྟག་གཟའི་སྟོད་ལུངས་ལྷན་གྱི་ལྷ་ཁང་དང་སྣ་རྩེ་གཉིས་྾ ལོ་བྱམས་པ་མདུང་གི་྾ ཅོག་རོ་སྐྱེས་གཟའ་རྒྱལ་འགོང་གི་མཁར་སྟོད་གནམ་རུ་གོང་གི་྾ ལྕོག་རོ་ཁྲི་གཟིགས་ཀྱིས་འགུར་མོའི་྾ སྦས་ཀྱིས་མདོ་ཚུལ་གི་྾ སྣོན་གྱིས་འོད་མཆོག་མཛེས་པའི་྾ ཤུད་པུས་བྲག་སྣའི་྾ སྣ་གནམ་གྱིས་དྭའི་྾ སྙི་ཡིས་བན་པའི་྾

168a

༄༅།       །ཁུས་དྲང་ཆུང་གི་྾ འཆིམས་ཀྱིས་བྱ་ཟུག་྾ ལྡེ་དམན་གྱིས་ལྷོ་ཕུ་ཆུས་ཁྱེར་གི་྾ བློན་རིངས་མདོ་བཙན་གྱིས་མཁན་དམར་སྟེངས་ཀྱི་྾ ལྕོག་རོ་ཁྲི་གཟིགས་ཀྱིས་སྒོ་བཞིའི་བང་སོ་གསེར་གྱིས་྾ ཁྱུང་པོ་མུ་རྩས་ར་ལྤགས་སྡོང་གི་྾ མྱང་རོར་རྒྱ་རྩ་བརྒྱད་ཀྱིས་དྲངས་བྱས་པས་གཅིག་མ་ཐེམ་པར། ལྕེ་ཁྲི་བཟང་ལྷ་གཟིགས་ཀྱི་མྱང་རོ་རྩིས་ཀྱི་ཁྲབ་སྒོའི་ལྷ་ཁང་བཞེངས་ནས། རོལ་མོ་སྐྱིད་ཀྱི་གཡུང་དྲུང་གི་ཞལ་སྲོ་མཛད་དོ། །དེ་ལྟར་སྤྲུལ་པའི་རྒྱལ་པོ་དེའི་ཐུགས་དགོངས་དབོན་སྲས་ཡབ་ཡུམ་འབངས་རྣམས་ཀྱིས་རྫོགས་པར་མཛད་དོ། །དེ་ལྟར་སྲོང་བཙན་སྒམ་པོ་དེས། རྒྱ་ནས་ཤཀ་ཐུབ་སྤྱན་དྲངས་ནས་ར་མོ་ཆེར་བཞུགས། ཕྱིས་འཁྲུལ་སྣང་དུ་བཞུགས་སོ། །རྒྱའི་མཁས་པ་ལི་བྱིན་ལ་བོད་ཀྱིས་ཐོན་མི་འབྲིང་སྟོ་རེ་ཨ་ནུས་ཡི་གེ་སླབ་ནས། རྒྱ་ཡིག་ལྔ་བཅུ་ལ་བོད་ཡིག་སུམ་བཅུས་ཆོག་པ་སྦྱར་ནས། ཆོས་སྒྱུར་བ་མངའ་བ་ལ་མདོ་སྡེ་པད་མ་དཀར་པོ་དཀོན་མཆོག་སྤྲིན་གཟུངས་ཙིན་དྷ་མ་ཎི། རྟོགས་དང་གྲལ་ལྔ་རྣམས་བསྒྱུར། དགེ་འདུན་དཀོན་མཆོག་གི་སྟེན། ཆོས་སྡེ་ལ་ཉམས་སུ་ལེན་པའི་གང་ཟག་ལ་མིང་མཁན་པོ་དང་ཇོ་འོར་སྣང་། བོད་སླབ་པ་གསུམ་ལ་བཀོད། ལུང་རིགས་ཀྱི་ཆོས་མང་དུ་སྤེལ། ཞང་ཞུང་ནས་རྒྱལ་པོ་ལི་དམིག་གི་སྲས་མོ་ལིག་ཏིག་མིག་སྤྱངས་ནས། ཇོ་མོས་ཀྱང་ལགས་རིས་སུ་སྲོང་བཙན་གྱི་ཟུར་བཞིར་ལྷ་ཁང་བཞི་

168b

རྩིགས། དེ་ལྟར་རྒྱ་དང་བལ་པོ་ཞང་ཞུང་གསུམ་ལ་སྙེན་ཡང་སྲས་མི་མངའ་ནས། བོད་ཀྱི་མོང་བཟའ་ཁྲི་ལྕམ་ཁབ་དུ་བཞེས་པས་སྲས་གུང་སྲོང་གུང་བཙན་འཁྲུངས་སོ། །རྒྱལ་པོ་འདི་ནི་བོད་ལ་སྐུ་དྲིན་ཤིན་ཏུ་ཆེ་བས། ཡི་དམ་དུ་བྱས་ནས་མཆོད་པར་རིགས་པའོ། །