ལྡེའུ་ཆོས་འབྱུང་།
ཡོངས་སུ་རྫོགས་པའི་སྐོར་ཕྱིས་འགྱུར་བ།
上一章
下一章

(ཡོངས་སུ་རྫོགས་པའི་སྐོར་ཕྱིས་འགྱུར་བ།)

གཞན་ཡང་ཡོངས་སུ་རྫོགས་པའི་དཀོར། ཕྱིས་འགྱུར་བ་རྣམས། སློབ་དཔོན་བྱེ་མ་ལ་བོད་དུ་སྤྱན་དྲངས་ཏེ། བེེ་རོ་རྩ་ན་སྤྱུག་པའི་ཚབ་མར་རྒྱལ་པོ་ཁྲི་སྲོང་ལྡེབས་བཙན་གྱིས། རྦ་གསལ་སྣང་། ལྕོག་རོ་ཀླུའི་རྒྱལ་མཚན། སྙགས་ཛྙ་ན་ཀུ་མ་ར་ལ་གསེར་ཕྱེ་བྲེ་གང་བསྐུར་ཏེ། རྒྱ་གར་ཆོས་སྐྱོང་པའི་རྒྱལ་པོ། ནི་ལ་ཀུ་ལ་ཞེས་བྱ་བ་ལ་མཆོད་གནས་པཎྚི་ཏ་ལྔ་བརྒྱ་ཡོད་པའི་མཁྱེན་པ་ཆེ་བ་གཅིག་བཏང་པར་ཞུ་བྱས་པས། གྲལ་གོང་མ་རྣམས་ཀྱིས་མར་ལྟས། འོག་མ་རྣམས་ཀྱིས་ཡར་ལྟས།

186b

དབུས་ན་བྱེ་མ་ལ་ཡོད་པ་ལ་གཟིག་པས། པཎྚི་ཏ་ལྔ་རྒྱའི་དབང་ཐོབ་ཅེས་བྱའོ། །བྱེ་མ་ལ་བོད་དུ་གཤེགས་དགོས་པར་མཁྱེན་ནས་གསུངས་པ། དགའ་བར་ཅི་ཡོད་ཅི་ལ་བསམ། །མི་དགར་ཅི་ཡོད་ཆོས་ལ་བསམ། །གསུང་ནས་བྱེ་མ་ལས། ཨ་ཀ་མ་ཤ་ནི་བྱ་བའི་སྒྲ་ཅིག་བརྗོད་པས། ལོ་ཚ་བ་གསུམ་ལ་གོ་ལུག་གསུམ་བྱུང་ཏེ། སྦས་གསལ་སྣང་ན་རེ། ཆུ་བོའི་གཞུང་ལ་འཇམས་པའི་གྲུ། །ཉག་ཐག་དག་ལ་སྟེན་བྱས་ནས། །ཐབས་ལ་མཁས་པའི་སྐྱ་མཁན་གྱིས། །གཡབ་ན་དེས་ཀྱང་ཕ་རོལ་ཕྱིན། །བྱ་བར་གོ །ཅོག་རོ་ཀླུའི་རྒྱལ་མཚན་གྱིས། གཞུ་མོ་དག་ལ་དྲངས་པའི་མདའ། །རྫས་རྣམས་འཚོག་ནས་བསྐྱོད་པའི་ཚེ། །དེས་ཀྱང་ཕ་རོལ་ཕྱིན་པར་འགྱུར་བྱ་བར་གོ །སྙགས་ཛྙཱ་ན་ཀུ་མ་རས། སྐྱེས་བུ་བློ་རྩལ་རབ་ལྡན་པས། །ཡོན་ཏན་མང་པོ་ཤེས་པའི་མི། །སྟེན་ན་དེས་ཀྱང་ཕ་རོལ་ཕྱིན། །བྱ་བར་གོ་ནས། བྱེ་མ་ལ་ལ་དྲིས་པས། བྱེ་མ་ལའི་ཞལ་ནས། ང་ཡིས་དེ་ནི་འདི་ལྟར་སྨྲ། །ཕ་རོལ་ཡུལ་འདི་ངའི་མེན། །ཡོན་ཏན་མཆོག་དང་ལྡན་པའི་མི། །ལོ་ཚ་བ་ལ་སྟེན་བྱས་ནས། །རྒྱལ་ཁམས་ཡོངས་སུ་དཀར་པོར་འགྱུར། །བྱ་བ་ཡིན་གསུངས། དེ་ནས་བྱེ་མ་ལ་བོད་དུ་བྱོན་ནས་ལོ་གཅིག་ལོན་རྩ་ན། བེེ་རོ་རྩ་ནས་ཚ་བའི་རོང་ནས་གསན་ནས། བེེ་རོ་རྩ་ན་ལ་རོང་ཁ་གསུམ་ན། སློབ་མ་གསུམ་ཡོད་དེ། བལ་པོ་ཚ་བ་རོང་ན། སྤང་མི་འཕམས་མགོན་པོ། མོན་མོ་ཚ་བ་རོང་ན། སྣུབས་

187a

༄༅།       །ནམ་མཁའ་སྙིང་པོ། རྒྱལ་མོ་ཚ་བའི་རོང་ན་རྒྱལ་བུ་གཡུ་སྒྲ་སྙིང་པོ་དང་གསུམ་ལ། དེ་ཚོའི་ནང་ནས་ཀྱང་གཡུ་སྒྲ་སྒྲ་མཁས་པས། དེས་རྒྱལ་པོ་ཁྲི་སྲོང་ལྡེབ་རྩན་ལ། བླ་སྟེར་དང་དགོངས་ཅད་གཉིས་སུ་གསུང་པ་ནི་རྒྱུད་པ་གོང་མའོ། །འོག་མ་སངས་རྒྱས་མི་འཕམ་མགོན་པོའོ། །དེ་ནས་བེེ་རོ་ཙ་ན་ལ་གཡུ་སྒྲས་སྒྲ་སྐད་བཅུ་གསུམ་སླབས་ནས། བེེ་རོ་རྩ་ནས་ཁྱོད་བོད་དུ་སོང་ལ། ངའི་འདི་ངན་སྔགས་ཡིན་ནམ། མན་ངག་ཡིན་བྱེ་མ་ལ་ལ་སྟུན་གཅིག་གསུང་ནས། གཡུ་སྒྲས་བསམ་ཡས་སུ་བྱོན་རྩམ་ན། བྱེ་མ་ལ་བསམ་ཡས་ན་སྤྲ་དཀའ་ར་སྡེ་བརྒྱད་འཆད་ཅིང་འདུག་པ་ལ་འཕྲིན་རྫང་པས། ཆོས་ཀྱི་ཐུན་ལ་བབ་ཨེན་གཅིག་བཞེས་གཅིག་ཟེར་བས། གཡུ་སྒྲས་བཞེས་སུ་མ་གནང་པར་ནང་དུ་བྱོན་སྟེ། བྱེ་མ་ལ་ལ་གཟིག་ནས་ཁ་ཁ་པ་རི་གསུངས་པས། བྱེ་མ་ལ་བརྡའ་ཐིམ་བརྡའ་ཐིམ། གསུང་ནས་དབུ་སྨད་ནས་བཞུགས་སོ། །ཡང་རྩན་པོ་ལ་སྤྱན་ཅེར་མཛད་ནས། བོད་ཀྱི་མངའ་བདག་རྒྱལ་པོ་ཡི་བཀའ་འཁོར་རྣམས། །སྐྱེ་མེད་ལྷུན་རྫོགས་བྱང་ཆུབ་སྙིང་པོ་དེ། །རྒྱ་གར་མཁས་པ་ཉི་ཤུ་རྩ་གསུམ་གྱིས། །མན་ངག་སྡེ་ཆེན་རྩལ་དུ་མེད་པའི། །ཚིག་གི་དོན་དེས་འབྲས་བུ་སངས་རྒྱས་ཐོབ། །མན་ངག་སྙིང་པོ་ཚ་བའི་རོང་དུ་བཤུག་སྐད་གསུང་། །ཡང་ཙུན་པ་རྣམས་ལ་གཟིགས་ནས། ཆོས་ཀྱི་དབྱིངས་ལ་རིག་པས་མ་བསྐོར་ན། །མཆོད་རྟེན་དཀོར་བ་བྱས་པས་སངས་མི་རྒྱ། །རང་གི་སེམས་ཉིད་དག་པར་མ་མཐོང་

187b

ན། །ཁ་གཤལ་ལགས་པ་བཀྲུས་པས་སངས་མི་རྒྱ། །ཆོས་སྐུ་ཐིག་ལེ་ཉག་གཅིག་མ་མཐོང་ན། །བྲིས་སྐུ་འདེར་ཚོ་མཐོང་པས་སངས་མི་རྒྱ། །བསམ་གཏན་ཏིང་འཛིན་ཟས་དང་མ་ལྡན་ན། །ཟས་སྲུང་རྟོགས་པར་བསྡད་པས་སངས་མི་རྒྱ། །ཁ་ཁ་པ་རི་མ་ལྟ་གསུང་ནས་ཕྱིར་བཞུད་དོ། །དེ་ནས་འབངས་རྣམས་ཀྱིས་ཁ་ཁ་པ་རི་བྱ་བ་དེ་ཇི་སྐད་ལགས་ཞུས་པས། བྱེ་མ་ལའི་ཞལ་ནས། ཁོ་ང་ལ་འགུ་བ་ཡིན་གསུངས། ཇི་སྐད་བྱ་བ་ཡིན་ཞུས་པས། བྱེ་མ་ལ་ན་རེ། ཝ་སྤྲེ་དག་གིས་སྒྲ་སྒྲག་ཀྱང་། །སེང་གེའི་སྡངས་སུ་ཅང་འགྱུར་རམ། །ཕོ་རོག་རྡོ་རྗེ་འགྲོས་འགྱོག་ཀྱང་། །ཁམས་གསུམ་འཁོར་བར་ཅང་འགྱུར་རམ། །ཉོན་མོངས་བྱིས་པའི་ཆོས་བཤད་པས། །རྩོལ་མེད་བྱང་ཆུབ་ཅང་ཐོབ་སམ། །བྱ་བ་ལགས། ངས་བརྡའ་ཐིམས་བྱས་པ་དེ། ཆོས་ཐམས་ཅད་མཉམ་པ་ཉིད་འདྲ་མོད་བྱས་པ་ཡིན་གསུངས་སོ། །དེ་ནས་ཕྱག་རྩེ་སྤྲད་དེ། སྙག་ཛྙཱ་ན་ཀུ་མ་རས་ཞུས་པས། རྟོག་ཚད་གཡུ་སྒྲ་ཆེ་བ་རྩམ་བྱུང་། གཞུང་གི་ཅ་གཞི་བྱེ་མ་ལ་མཁས་པ་རྩམ་བྱུང་ནས། དེ་ནས་བྱེ་མ་ལ་དང་། གཡུ་སྒྲ་དང་། བསྙག་ཛྙཱ་ན་ཀུ་མ་ར་དང་། བོད་ཀྱི་མཁས་བཙུན་ཐམས་ཅད་འཚོག་ནས། བེེ་རོ་རྩ་ན་ལ་ཡང་དག་བཅུ་གཅིག་གི་གོ་ནས་བསྟོད་དེ། ལོ་ཚ་བ་བེེ་རོ་རྩ་ན་འདི་སྐྱེ་བ་སྔ་ཕྱི་དྲན་པས། མངོན་ཤེས་དང་ལྡན་པར་ཡང་དག །རྒྱལ་པོ་དགྱེས་པའི་མན་ངག་རྩལ་ཚད་རྙེད། རྙེད་ཚད་ཐུགས་ལ་ཟིན་པས་སྤྲུལ་སྐུ་ཡིན་པར་ཡང་དག །ལོ་

188a

༄༅།       །བཅྭོ་ལྔ་ལོན་ནས་རྒྱ་བོད་ཀྱི་ལམ་ལ་མཁས་པས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པར་ཡང་དག །མི་རྒོད་དང་གཅན་གཟན་གདུག་པ་ཅན་རྣམས་ཀྱི་འཕྲེང་གང་དུ་བྱོན་ཡང་སྐྱོན་གྱི་མ་གོས་པས་འཁོར་བར་མི་བསྡོད་པར་ཡང་དག །སྦལ་དོང་དང་ཤིག་དོང་ཀུན་གྱིས་མ་ཚུག་པས། བཟོད་པ་ཐོབ་པར་ཡང་དག་དམ་ཆོས་ཐོས་པ་རྩམ་སྒྲུབས་པ་རྩམ་གྱིས་དངོས་གྲུབ་ཐོབ་པས། དོན་དམ་པའི་བདེན་པ་ཐོབ་པར་ཡང་དག །མཐའ་བཞིའི་སྒྲ་སྐད་ཀུན་ལ་མཁས་པས། སྦྱངས་པའི་ལས་འཕྲོ་ཡོད་པར་ཡང་དག །རྒྱ་གར་མཁས་པ་ཉི་ཤུ་རྩ་གསུམ་གྱིས། དམ་ཆོས་ཟབ་དགུ་བོད་དུ་སྤྱན་དྲངས་པས། གདམས་ངག་ཕུལ་དུ་ཕྱིན་པར་ཡང་དག །ཐེགས་པ་མཐའ་དག་ཀུན་ལ་མཁས་པས། སྟོན་པའི་ཞལ་ཀྱིན་ཡིན་པར་ཡང་དག །རྫུ་འཕྲུལ་སྟོབས་བཅུ་ལྡན་པས་ས་བཅུའི། བྱང་ཆུབ་སེམས་དཔའ་ཡིན་པར་ཡང་དག །ཅེས་ཡང་དག་བཅུ་གཅིག་གི་གོ་ནས་སྟོད་དོ། །དེ་ནས་གཡུ་སྒྲས། གབ་པ་འཁྲུག་སྡེབས་སུ་བཤད་པ་གསང་པ་རྒྱའི་དཀོར་མ་རྟོགས་པ། ཕྱིས་འགྱུར་རྣམས་བྱེ་མ་ལ་ལ་ཞུས་ནས། གཡུ་སྒྲ་ཚ་བའི་རོང་དུ་ལོག་ནས། བེེ་རོ་རྩ་ན་ལ་བཀའ་མཆིད་ཞིབ་དུ་གསོལ་བས། ཤིན་ཏུ་དགེས་ནས་འདི་སྐད་གསུང་། བེེ་རོ་རྩ་ན་བདག་ཉིད་མཆིས་པ་ནི། །ཡང་དག་བཅུ་གཅིག་ཡང་དག་དོན་དང་ལྡན། །ས་བཅུ་མཐར་ཕྱིན་རྫོགས་པས་ས་གཅིག་པ། །སྐྱེ་མེད་ཐུགས་རྗེས་བོད་དུ་སྐྱེ་བ་བཞེས། །རྒྱ་གར་ཡུལ་ནས་རྫོགས་ཆེན་མན་ངག་རྩལ། །རྒྱལ་པོ་བློན་པོ་བཙུན་མོ་བཀའ་བགྲོས་ནས། །

188b

བན་ཆུང་ངན་བུ་ཚ་བའི་རོང་དུ་བཤུག །ཚ་བའི་རོང་དུ་བྱང་ཆུབ་ཉི་མ་ཤར། །བེེ་རོ་ཙ་ན་ད་ཡང་བོད་དུ་འགྲོ། །སྒྱུ་མའི་སྤྲུལ་པ་གཟུགས་སྐུ་དེ་བོར་ནས། །ཆོས་སྐུ་སྐྱེ་མེད་ནམ་མཁའི་མཐའ་བཞིན་རྒྱས། །ཞེས་གསུངས་ནས་བོད་དུ་བྱོན་ནས། སྟན་པ་སྤེལ་ནས་གྲོངས་པའི་སྐུ་ཚབ་ཧས་པོ་རིའི་མཆོད་རྟེན་ལགས་སྐད། གཡུ་སྒྲའི་སློབ་མ་གསལ་རབ་དང་། གསལ་གྲུབ་གཉིས་ཀྱིས་ཚ་བའི་རོང་ནས་བྱོན་ནས་གཅིག་བོད་དུ་བཞགས། གཅིག་ཚ་བའི་རོང་དུ་ལོགས་ནས། བོད་དང་ཚ་བའི་རོང་གཉིས་དཀར་སྟན་པ་དཔེལ་ལོ། །རྫོགས་ཆེན་གབ་པའི་བཀོར་རྣམས་བྱེ་མ་ལ་ཡར་ལ་གཤེགས་ཁར་གཏེར་དུ་སྦས་ཏེ་སྙག་ཛྙཱ་ན་ཀུ་མ་ར་ལ་རྒྱ་གར་ཆོས་རྒྱལ་གིས་བཤད་ལུག་སུ་མི་ཟབ་པ་སྔོན་པ་བཤད་ནས། ཟབ་མོ་སྟན་པའི་སྣོད་མ་སྙེད་ནས། བསམ་ཡས་འཆིང་བུའི་བྲག་རྡོ་རྗེ་གཟོང་ཕུག་མར་ལྟ་བ་ལ་ཟློ་བའི་རྒྱུད། བྲམ་ཟེ་ཐེགས་པ་ཤན་འབྱེད་པའི་རྒྱུད་གཉིས། གོལ་པ་གླང་པོ་ཆེ་སུན་འབྱིན་པའི་རྒྱུད་དང་གསུམ། ཕྱི་རྩིས་རྒྱའི་དཀོར། ནང་གསང་རྒྱའི་དཀོར། གསང་པ་རྒྱའུ་ཆུང་གི་དཀོར། མན་ངག་སྟད་རྒྱའི་དཀོར་ཚོ་སྟེར་དུ་སྦས་ནས་ཡར་ལ་གཤེགས་ནས་ལོ་གཅིག་ལོན་རྩ་ན། སྙག་ཛྙཱ་ན་ཀུ་མ་ར་ལ། སྙག་ཀླུ་དབང་དགའ་རྒས་ཁར་བློ་ལོགས་ནས། གསེར་གྱིས་རྨ་བྱའི་གདུག་གི་སྣ་དྲངས་པའི་ནོར་སྣ་སུམ་རྒྱ་ཕུལ་ཏེ་ཞུས་པ། སློབ་དཔོན་ལགས་གཅིག་དུ་བདག་ཕ་གུ་རྒད་པོ་ལགས། གཉིས་སུ་ཞབས་ཏོགས་འདི་ཚོ་ལ་དགོང་ལ། གདམས་ངག་ཟབ་མོ་གཅིག་ཞུ།

189a

༄༅།       །གསུམ་དུ་བདག་མཆི་ཀ་མ་ཡིན་པས་ཀྱང་གདམས་ངག་ཟབ་མོ་གཅིག་ཞུ་བྱས་པས། སློབ་དཔོན་གྱིས་སྐལ་ལྡན་དུ་གཟིགས་ནས་གཏེར་འདོན་དུ་ཕྱིན་པས། མཁའ་འགྲོ་མས་ཕྲ་དོག་བྱས་ནས་འདོན་དུ་མ་སྟེར་བས། སློབ་དཔོན་ཀུ་མ་རས་གཏོར་མ་དང་ཚོགས་འཁོར་ཆེན་པོ་བྱས་ནས། རྒྱུད་གསུམ་པོ་མཁའ་འགྲོ་མ་ལ་བཞག་ནས། ཀློང་རྒྱ་ཁ་སྤྲོད་སྟོན་ནས། སྙགས་ཀླུའི་དབང་ཕྱུག་ལ་བཤད། དེས་མྱང་པོ་ཀླུའི་རྒྱལ་མཚན་ལ་བཤད། དེས་སྦལ་བུ་འཕགས་པའི་ཤེས་རབ་ལ་བཤད། དེས་འགོལ་གོམས་ཚུལ་ཁྲིམས་རྒྱལ་མཚན་ལ་བཤད། དེས་ཡར་འདའི་ཞང་ཛྙཱ་ན་ཤེས་རབ་ལ་བཤད། དེས་དཔལ་ཆུའི་རིར་ཁམས་ཀྱི་བླ་མ་ཡེ་ཤེས་ཚུལ་ཁྲིམས་ལ་བཤད། དེས་འདམ་སྙིང་དུག་གི་བླ་མ་སྤ་ཚབ་སྟོང་གྲགས་ལ་བཤད། དེས་བྱང་ནག་ཤོད་ཀྱི་བླ་མ་ཡེ་ཤེས་སྙིང་པོ་དང་། བྱ་ཟང་ཟང་གི་བྱང་སྒོམ་རིན་ཆེན་བཟང་པོ་ལ་བཤད། བླ་མ་ཡེ་ཤེས་སྙིང་པོ་ལ་དཔེ་ཆ་མེད་པར་རྒྱའོ་ན་མར་ཉམས་ལེན་ལ་གཤེགས། བྱང་སྒོམ་རིན་ཆེན་བཟང་པོས་སྤེ་ཐམས་ཅད་ཤོག་དྲིལ་དུ་བྱས་ཏེ། ཀྱིའི་རྐྱལ་པ་གང་བྱས་ཏེ། རྩང་ལས་སྟོད་ན་ཡར་འདོམ་བུ་ལ་བྱོན། མར་ལོགས་ནས་བར་ཐང་འདྲ་བར་འདུམ་བུ་བྱས་ནས་གྲོགས་ཕུག་གཅིག་ན་ཉི་མ་སྲོ་ཡིན་ཡོད་ཙ་ན། སོ་སྒོམས་འཇམ་དཔལ་དང་འཕྲད་ནས། སོ་བསྒོམ་གྱིས་བླ་མ་ཁྱེད་གང་པ་ཡིན་བྱས་པས། བྱང་སྨད་མ་གི་བ་ཡིན་གསུངས་པས། གར་ཕྱིན་པ་ཡིན་ཟེར། ལ་སྟོད་ན་ཡར་འདུམ་བུ་ལ་ཕྱིན་གསུངས་པས། རྩང་དུ་དགེ་བཤེས་འདྲ་བ་ལ་ཆོས་མ་ཞུས་སམ་ཟེར། ཨ་རེ་ཞུས་པ་ལ། བླ་མ་བཟང་པོ་གཅིག་གི་གདམས་ངག་

189b

ཁོང་དུ་ཚུད་པས། དེ་མན་གྱི་ཆོས་ཀྱི་བློ་མ་ཁེངས་གསུང་པས། སོ་བསྒོམས་སྙམས་ན་སྤྲང་པོ་ཁ་ཚོ་རེ་ཆེ་ན་མཉམ་ནས་ཆོས་གཏམ་བྱས་པས་སོ་སྒོམ་གྱིས་མ་ཐུབ་ནས། ངོ་མཚར་སྐྱེས་ནས་དཔེ་ཆ་ག་ན་ཡོད་བྱས་པས། འདི་ན་བཞུགས་ཟེར་ནས་ཀྱི་རྐྱལ་ཤོག་ཧྲིལ་གྱིས་བཀང་འདུག་པས། ལོ་གཅིག་ཞབས་ཏོགས་བྱས་ནས་ཆོས་ཞུས། གཉན་རྒྱུད་ལ་ཟིན་ཐུན་བྱས། གཞན་ལུང་སྣོས་ནས་ཉང་སྟོན་རྩེགས་སེ་ལ་གནང་ངོ་། །