ལྡེའུ་ཆོས་འབྱུང་།
བསམ་ཡས་བཞེངས་པ།
上一章
下一章

(བསམ་ཡས་བཞེངས་པ།)

ཐུགས་དམ་སྟེན་དུ་བསམ་ཡས་ལ་སོགས་པ་བཞེངས་སྐད་པ། རྗེ་ཁྲི་སྲོང་ལྡེབས་རྩན་དེ་ཡང་། སྔོན་རྒྱ་གར་གྱིས་ཡུལ་ན་རྒྱལ་པོ་ཅིག་ལ་སྲས་གསུམ་ཡོད་པས། བྱང་ཆུབ་སེམས་དཔའ་གཅིག་ལ་སེམས་བསྐྱེད་ནས་སྐྱེ་བ་ཕྱི་མ་ལ། ཕོ་བོ་ཆེ་དག་གིས་ཆོས་མཆད་པ་སྨོན་ལམ་སྟབ་པོ། །འབྲིང་པོས་བར་ཆད་བསྲུང་ཡང་སྨོན་ལམ་སྟབ། ནུའོ་ཆུང་ཤོས་ཀྱིས་དེ་གཉིས་ཀྱིས་ཡོན་བདག་བྱེད་པར་སྨོན་ལམ་སྟབ། དེའི་དུས་སུ་སྤུན་གསུམ་ཀ་རབ་ཏུ་བྱུང་པ་ཡིན་ཏེ། ཁྲི་སྲོང་ལྡེབས་བཙན་ནོ་བོ་ཆུང་དག །དགེ་སློང་ཨ་པ་ཁ་འདུ་བྱ་བ་ཚེ་འཕོས་པ་ཡིན་བསྐད། དེ་ལྟ་བུའི་རྗེ་ཁྲི་སྲོང་ལྡེབས་བཙན་དེས། ཙུག་ལག་ཁང་གཅིག་བཞེངས་པར་འདོད་པ་ལ། ལྷ་འདྲེ་གདུག་པ་ཅན་གྱིས་བར་དུ་ཅོད་ན། རྩིག་དུ་མ་སྟེར་བ་ལ། བོད་ཀྱིས་སློབ་དཔོན་མང་པོ་སྤྱན་དྲངས་ནས། ས་བཞི་བཏུལ་ཀྱང་མ་ཐུལ་ནས། རྒྱ་གར་གྱིས་ཡུལ་ནས་སློབ་དཔོན་ཆེན་པོ་བྷོ་དྷེ་སྭ་ཏྭ་སྤྱན་དྲངས་ནས། རྗེ་ཁྲི་སྲོང་ལྡེབས་རྩན། མཁན་པོ་བྷོ་དྷེ་སྭ་ཏྭ་དང་། འབང་སང་ཤི་ཏ། བློན་པོ་སྙེམས་སྟག་གོང་གཟིགས། དེ་བཞིས་བྲག་དམར་ཁས་

190a

༄༅།       །པོ་རིའི་རྩེ་ལ་བྱོན་ཏེ། སློབ་དཔོན་བྷོ་དྷེ་སྭ་ཏྭ་གཟིགས་པས། དེ་རྩ་ན་དགོངས་པ་དང་། རྩི་ཤིང་ལྕང་མ་རྩི་ཐོག་གྲྭ་རྒྱས་ནས་ཡོད་པས། མཁན་པོ་བྷོ་དྷེ་སྭ་ཏྭ་གཉེར་སྟག་སྣང་གོང་གཟིགས་ལ་བཀའ་སྒོ་ནས། ཕྱིབས་ཀྱི་ར་བ་དང་རྟ་རེས་གཅིག་རྩིག་པར་གླེངས་ནས། རྩའི་མཐོ་ཡོར་བཞི་རྩིག་ར་བ་བསྐོང་ནས་ས་སྟག་པའི་ཆོ་ག་བགྱིས་པའི་ཚེ། ཞང་བློན་གྱི་བུ་ཚ་ཕ་མ་ཚང་བ་བཞི། རྩད་པོ་དང་ལྔས་གསེར་གྱིས་འབྱོར་ཁྱེར་ནས། རྩད་པོ་ཁྲི་སྲོང་ལྡེབས་བཙན་གྱིས་ལན་བདུན་སྐོས། ཞང་བློན་གྱི་བུ་བཞིས་རེ་མོང་བྱས་ཀྱིན་སྐོས་པ་དང་། འབྲས་དཀར་མོ་དང་ནས་དཀར་མོ་ཕུལ་དོ་རྩམ་འདྲེས་པ་སའི་གཏིང་ནས་བྱུང་། བསགས་མ་རུས་པ་སོལ་བ་གྱོ་མོག་ལྟ་བུ་མ་བྱུང་ས་ཡང་བཟང་པོ་ཞག་ཀྱང་ནར་བྱུང་པས་སློབ་དཔོན་བྷོ་དྷེ་སྭ་ཏྭ་དགྱེས་ཏེ། རྩན་པོའི་སྤྱི་བོ་ལ་བྱུག་ཏེ། སི་ཏི་སི་ཏི་ཕ་ལ་ཕ་ལ་ཉེ་བཟང་ངོ་གསུང་ནས། ཐོག་མར་ཨརྱ་ཕ་ལོའི་གླིང་བཞེངས་ནས། རྩན་པོ་ལྷ་བཞེངས་པའི་ལྷ་གཟོ་མཁན་པོ་མེད་གསུང་པས། མཁན་པོས་ཡོ་བྱད་སོགས་དང་ལྷ་གཟོ་བ་གཅིག་ཡོང་གསུངས་པ་དང་། རྒྱལ་ཚལ་བུ་ཅན་ཞིག་ཚོང་དུས་ན་མར་བྱོན་ནས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལྷ་བཞེངས་པའི་ལྷ་གཟོ་མེད་གསུང་ན། ང་ནི་སྐུ་གཟུགས་མཁན་པོ་ཡིན་ཟེར་བ་ལ། དེ་བཀུག་ཏེ། བྷོ་དྷེ་སྭ་ཏྭའི་ཞལ་ནས། རྒྱ་གར་གྱིས་ལུགས་སུ་བགྱི་འམ། རྒྱ་ནག་གི་ལུགས་སུ་བགྱི་འམ། གང་དུ་བགྱི་གསུངས་པས། རྒྱལ་པོའི་ཞལ་ནས། བོད་ཀྱི་

190b

ལུགས་སུ་བགྱི་ཚལ། བོད་ནག་པོ་འདི་རྣམས་དད་པ་སྐྱེ་རེ་བ་ཡིན་གསུངས་ནས། བོད་ཀྱི་མི་ལ་གཟུགས་མཛེས་པ་ཁུ་སྟག་ཚབ། ཐང་བཟངས་སྟག་ལོད། དམའ་གསས་ཀོང་གསུམ་ལ་དཔེ་སླང་ནས། དབུས་ཀྱི་གཙོ་བོ་སྤྱན་རས་གཟིགས་དབང་ཕྱུག །གཡས་ན་རྒྱལ་བ་སྤྱན། གཡོན་དུ་རྟ་མགྲིན་དང་གསུམ་བཞེངས། ལྕོག་རོ་གཟའ་ལྟ་བུ་སྨན་ལ་དཔེ་སླང་ནས། ཇོ་མོ་སྒྲོན་མ་དང་ལྷ་མོ་མཁྲོ་སྙེར་ཅན་གཉིས་བཞེངས། ཞལ་སྤྲོ་བར་འདོད་པ་ལ་ནམ་སྲོས་ནས་མ་མཐོང་པ་ལ། ལྷ་ཁང་གི་སྟེང་ནས་འོད་གཅིག་བྱུང་། དེ་ཇེ་ཆེ་ཇེ་ཆེ་ལ་སོང་ཏེ། བསམ་ཡས་ཕུ་འདས་ཟླ་བ་ཤར་བ་ལྟར་གྱུར་ནས། སློབ་དཔོན་བྷོ་དྷེ་སྭ་ཏྭའི་ཞལ་ནས། འདི་ཨ་མི་དེ་བ་གཤེགས་པའི་འོད་ཡིན། ལྷ་ཁང་འདིའི་དབུ་རྩེའི་སྟོད་དུ། ཨ་མི་དེ་བའི་ཡང་ཐོག་གཅིག་རྩིག་དགོས་གསུངས་ནས། ལྷ་ཁང་ཡང་ཐོག་གཅིག་ཡོད་པ་གཅིག་རྩིག་ནས་ཞལ་སྲོ་མཛད་པའི་དུས་སུ། རྒྱ་ཚལ་བུ་ཅན་ལྷ་གཟོ་བ་དེ་ལ་སྟང་རག་སྟང་སྙམས་ནས། གདན་གྲུམ་ཚེ་གཏིང་ནས་སྤྱན་དྲངས་པར་བཞེད་རྩམ་ན་གར་བཞུད་རྩད་མ་ཆོད་དེ། སངས་རྒྱས་ཀྱི་སྤྲུལ་པར་གྲགས་སོ། །དེ་ནས་ལྷ་མོ་སྒྲོལ་མས་ལྷ་ཁང་ཞབས་ཀྱིས་ཅག །དེ་ནས་མཁན་པོ་བྷོ་དྷེ་སྭ་ཏྭའི་ཞལ་ནས། རྩན་པོ་ཁྱེད་དང་པོ་བྱང་ཆུབ་མཆོག་དུ་སེམས་སྐྱེད་པའི་གྲོགས་ཡང་ལྷ་མོ་སྒྲོན་མས་བྱས། ཁྱོད་སངས་རྒྱས་ནས་རྡོ་རྗེ་གདན་དུ་བཞུགས་པའི་ཚེ། ཆོས་ཀྱི་འཁོར་ལོ་ཀུལ་བ་ཡང་ལྷ་མོ་སྒྲོན་མས་བྱེད་པས། ད་ཡང་བགེགས་དང་བར་ཆད་སྲུང་བའི་ཕྱིར། ལྷ་མོ་སྒྲོན་མ་ལ་གསོལ་བ་ཐོབ་བསྙེན་པ་གྱིས་གསུངས་ནས་

191a

༄༅།       །མཁན་པོ་བྷོ་དྷེ་སྭ་ཏྭ་ལ་ལུང་བསྣོས་ནས་ཨརྱ་ཕ་ལོའི་གླིང་དུ་སྒོམས་པའི་ཚེ། ཉིན་ལན་གསུམ་མཚན་ལན་གསུམ་འཕགས་པ་རྟ་མགྲིན་གྱི་རྟ་སྐད་བྱུང་པས། ཞབས་འབྲིང་པ་དང་ལྷ་ཁང་གིས་བསྲུང་མ་ཀུན་གྱི་ཐོས་སྐད། དེ་ནས་དབུ་རྩེ་རི་གསུམ་གྱིས་ལྕགས་རིའི་རྨང་ཏིང་པས་ལྷ་འདྲེ་གདུག་པ་ཅན་གྱིས་བར་ཆོད་བྱས་ནས། རྩིགས་དུ་མ་སྟེར། ཉིན་མོ་རྩིག་པ་ནུབ་མོ་བཤིག །རི་རྡོ་རི་ལ་སྐྱལ། ལུང་རྡོ་ལུང་ལ་སྐྱལ་བས། རྩན་པོའི་ཞལ་ནས། ངན་བུ་སྒྲིབ་པ་ཆེ་འམ། སློབ་དཔོན་བྱིན་རླབས་ཆུང་ངམ། ཇི་ལྟར་བགྱིས་ཞུས་པས། སློབ་དཔོན་གྱིས་ཞལ་ནས་ང་བྱིན་རླབས་ཆུང་པ་ཡང་མན། མངའ་བདག་སྒྲིབས་པ་ཆེ་བ་ཡང་མན། དམ་པའི་ཆོས་ཀྱང་དཀོན་ལ་རྟགས་དུ་འཚེ་བ་མང་བྱ་བ་ཡིན་པས། འདི་ལ་ཞི་བས་ཕན་པར་མི་འགྱུར་བས། གྲགས་པོ་སྔོན་སྤྱོད་ཀྱི་འདུལ་དགོས། ང་ཆོས་མཁས་ཀྱང་དྲགས་པོའི་དངོས་གྲུབ་མ་ཐོབ་པས་མ་ཐུལ་བ་ཡིན། རྒྱ་གར་གྱིས་ཡུལ་ན་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་བྱ་བ། སེམས་དབང་ཆོས་ལ་ཐོབ་པ། རིགས་པའི་རྩལ་རྫོགས་པ། རྫུ་འཕྲུལ་གྱིས་སེམས་ཅན་གྱི་དོན་བྱེད་པ། སངས་རྒྱས་དང་གཉིས་ཀ་སྒྲོ་བ་མི་དང་མོལ་བ་བཞིན་མཛད་པ་གཅིག་བཞུགས། དེ་སྤྱན་འདྲེན་དགོས་འོ་ལྕགས་གསུམ་ཚེ་སྔན་མའི་སྤུན་ཟླ་ཡིན། ཚེ་ཕྱི་མ་ལ། ངས་སློབ་དཔོན་དུ་སྨོན་ལམ་སྟབ། སློབ་དཔོན་པདྨས་བར་ཆད་བསྲུང་པར་སྨོན་ལམ་བཏབ། རྒྱལ་པོས་ཡོན་བདག་མཛད་པར་སྨོན་ལམ་སྟབ་པས། འབྱོན་དེ་འོང་གསུངས་ནས། རྒྱལ་པོ་དགྱེས་ནས་སྤྱན་འདྲེན་མི་གསུམ་བཏང་དེ། སྣང་རྣམ་རྡོ་རྗེ་བདུད་འཇོམས། འཆིམས་ཤཱཀྱ་སྤྲ་བ། ཤུད་

191b

བུ་དཔལ་གྱིས་སེང་གེ་གསུམ་ལ་གསེར་གྱིས་པྲ་ཁྲ་བརྒྱད་རྫངས་ཏེ་བཏང་པ། སློབ་དཔོན་གྱིས་སྤྱན་འདྲེན་བྱུང་བར་མཁྱེན་ནས། རྒྱ་གར་གྱིས་ཆུ་འཕྲེང་ཤིང་འཕྲེང་དང་ཅན་འཕྲེང་རྣམས་ལ་འོ་རྒྱལ་བར་དགོངས་ནས་ཚུར་བྱོན་པ་དང་། ཟླ་བ་གསུམ་ན་རྡ་ལུ་ལའི་གྲོང་དུ་མཇལ་ནས། གསེར་གྱིས་སྤྲ་ཀྲ་ཕུལ་ནས་ཞུ་བ་ཕུལ། ཡོན་ཏན་མང་པོ་ཡོད་པའི་མི། །འགྲོ་དོན་མཛད་པའི་ས་ཕྱོགས་སུ། །སྐུ་ནི་ཉེ་བར་སྐྱོད་པར་ཞུ། །བྱས་པས། སློབ་དཔོན་གྱིས་ཞལ་ནས། གཞུ་མོའི་རྒྱུད་ལ་མདའ་མོའི་སྟོང་། །སྐྱེས་བུའི་ཐེབས་མོས་རྩོལ་ཚེ་ན། །མདས་ཀྱང་ཕ་རོལ་ཕྱིན་པར་འགྱུར་གསུངས་ནས་བྱོན་པ་ལས། བལ་ཡུལ་དང་མང་ཡུལ་གྱི་བར་ན་མར་བྱོན་རྩམ་ན། བོད་ཡུལ་ན་མཐུ་ཆེ་བ་དགྲ་ལྷའི་རྒྱལ་མོ་མུན་རྩ་མེགས་བྱ་བ་མ་བཟོད་ནས། སྔུན་དུ་དགུག་ནས་སློབ་དཔོན་དཔོན་གཡོག་ཚོ་རིའི་སྲག་ན་བྱོན་པ་ལ། མོས་རི་སྲག་དུ་བཅར་བ་ལས། སློབ་དཔོན་དཔོན་གཡོག་ཚོས་བར་སྣང་ལ་ཡུད་ཀྱིས་གཤེགས་པས། མོ་བྲེད་ནས་ནམ་མཁའི་མཐོང་སུ་གྲོས་པ་ལས། སློབ་དཔོན་གྱིས་རྡོ་རྗེ་ནམ་མཁའ་འཕངས་པས། མོ་མདུན་དུ་བྱུང་ཏེ། ཕྱག་འཚལ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་ལ་ཁ་ལ་བྱོན་རྩ་ན། སྟན་མ་བཅུ་གཉིས་ཀྱི་ཐོག་བཅུ་གཉིས་དུས་གཅིག་ལ་ཕབ་པས། སློབ་དཔོན་གྱིས་ཕྱག་འཛུག་གི་ཀླད་ལ་དཀོར་བས། སོལ་བའི་དུམ་བུ་བཅུ་གཉིས་སུ་སོང་བས། བྲེད་ནས་མཐིང་བུན་གྱི་གུར་བཅུ་གཉིས་ཕུལ་དེ་དམ་ལ་བཏགས་སོ། །དེར་གངས་དཀར་མ་མོ་ཇོ་དགེ་ལ་སོང་ཏེ་དམ་ལ་མ་ཐོག །དེ་

192a

༄༅།       །ནས་དཔལ་མོ་དཔལ་མཚོར་བྱོན་རྩ་ན། བུད་མེད་བཟང་མོ་རྨིག་དུང་རྨིག་དུ་ལྟ་བ་གཅིག་འདུག་རྩ་ན། ང་ལ་ཕྱག་ཚོལ་གསུང་པས། མོ་ན་རེ། ང་དགེ་སློང་མ་ཁྲིམས་བདུན་བསྲུངས་རྩ་ན། ཁྱོད་ཤིང་སྟག་མའི་རྩ་ན་དབུ་རུ་གཅིག་ཡོད་པ་ཡིན། ང་ཁྱོད་ལ་ཕྱག་མི་འཚལ་ཟེར་ནས་མཚོ་ནང་དུ་གྲོས་ནས་སོང་ངོ་། །དེ་ནས་སློབ་དཔོན་གྱིས་ཆབ་ལྷུང་བཟེད་གང་བཅུས་ནས། དགོངས་པ་མཛད་པས། ལྷུང་བཟེད་ཀྱི་ཆུ་དྲོས་རྩ་ན། མཚོ་གྲོས། ལྷུང་བཟེད་ཀྱི་ཆུ་ཁོལ་རྩ་ན་མཚོ་ཁོལ་སྟེ། མོ་ཤ་རུས་བྱེ་ནས། རུས་པའི་བུད་མེད་གཅིག་སྐྱ་བཀྲོང་བ་བྱུང་པས། ཤ་མེད་གངས་དཀར་མར་ཐོགས་སོ། །དེ་ནས་མོ་ན་རེ། སྟོན་པའི་ཞལ་ཀྱིན་རྡོ་རྗེ་ཐོད་ཕྲེང་རྩལ། བཀའ་ལས་མི་འདའ་དགོངས་པ་ཡུད་ཙམ་གློད་ཟེར་ནས། སློབ་དཔོན་གྱིས་དགོངས་པ་གློད་པས། མོས་རླག་རྙེད་པར་ཚོར་ནས། སློབ་དཔོན་གྱི་རྒྱབ་ནས་ཕུལ་བས། སློབ་དཔོན་གྱང་མཚོ་ནང་དུ་དོ་འགྱེལ་རྩམ་བྱས་སོ། །དེར་མོ་གྲོས་ནས་སོང་པ་ལ། སློབ་དཔོན་གྱིས་རྡོ་རྗེ་འཕང་པས། མོས་ཕྱི་མིག་ལྟས་པས་མིག་གཡས་པ་བཅར་ཏེ། རྡོ་རྗེ་སྤྱན་གཅིག་མར་བཏགས་སོ། །དེ་ནས་མོ་དྲེད་ནས་སྲོག་སྙིང་ཕུལ་ནས་དམ་ལ་སྟགས་ཏེ། གསང་མཚན་རྡོ་རྗེ་གཡུ་མུན་མར་སྟགས་སོ། །དེ་ནས་བྱང་ཟང་ཟང་ན་མར་ལ་བྱོན་ནས། འོ་ཡུག་བྲེ་མོ་ལ་ཁ་ན་མར་བྱོན་རྩ་ན། མ་བདུན་སྲིང་བཞིས་ཐོག་ཕབ་པས། སློབ་དཔོན་གྱིས་ཕྱག་འཐིལ་དུ་ཆིལ་མ་བླུག་ནས་བཟེད་པས། ཆིལ་མ་གསོ་རིང་པ་གཅིག་ལས་མ་བྱུང་པས། བྲེད་ནས་སྲོག་

192b

སྲོག་སྙིང་ཕུལ་དེ་དམ་ལ་བསྟགས་སོ། །དེ་ནས་བྱང་སྣམ་མཚོ་ཕྱུག་མོའི་རྩར་སླེབ་ནས། ལྷ་ཐང་ལའི་གང་གི་རྩར་སྦྲ་ཕིག་ནས་ཞག་གཅིག་བཞུགས་པས། སྦྲུལ་ཆེན་པོ་གཅིག་གིས། སློབ་དཔོན་གྱིས་ཕོ་བ་ཁར་མགོ་སྟད། འཇུག་མ་ཁམས་ཀྱིས་དབྱར་མ་ཐང་དུ་སླེབ་པ་གཅིག་གིས། སློབ་དཔོན་ལ་བར་ཆད་རྩམས་སྟེ་ཐོག་སྨད་དགུ་ཕབ་པས། སློབ་དཔོན་གྱིས་སྦྲ་དཀར་ཁྲོ་ཆུའི་སྦྲར་བྱིན་གྱིས་བརླབས་པས་མ་ཚུག་པར། ཐོག་མད་དགུ་པོ་མཚོ་ནང་དུ་སོང་པས་སྲོག་ཆགས་མང་པོ་ཤི་བ་ལ། སློབ་དཔོན་གྱིས་ངན་སོང་སྦྱོང་པའི་དལ་བཞེངས་ནས། བུམ་ཆུ་ལ་ངན་སོང་སྦྱོང་པའི་སྔགས་སྟབས་ནས་མཚོ་ནང་དུ་བླུག་པས། སེམས་ཅན་ཤི་བ་ཐམས་ཅད་སྔར་བཞིན་སོང་སྐད། དེ་ནས་སློབ་དཔོན་ཐུགས་མཁྲོས་ནས། འདི་སྔར་ཡང་འགལ་བ་ཆེས་ནས་འདིར་བཤུག་པ་ཡིན། ད་བྱང་དགྲ་མི་གཉན་དུ་མི་བཤུགས་རི་གསུངས་ནས། ཕྱག་གིས་སྤས་ཅག་ལ་སྲིས་ནས་རྒྱབ་དུ་ཀྱུར་ན་བས། ཁོ་བྲེད་ནས་ཁྱེ་གདོང་གཡུའི་ཟུར་ཕུད་ཅན་གཅིག་དུ་སྤྲུལ་ནས་མདུན་དུ་བྱུང་དེ། བདག་ནི་ཀླུ་རྗེ་ཐོད་ཀར་ཞེས་ཀྱང་བྱ། གྲི་ཟ་ཟུར་ཕུད་ལྔ་པ་ཞེས་ཀྱང་བྱ། ས་བདག་ལྟོ་ནག་ཕག་མགོ་ཅེས་ཀྱང་བྱ། དངོས་སུ་ཐང་ལ་ཡབ་ཞུར་ཞེས་པ་ཡིན་པས། བདག་བཀའ་ཉན་གསུང་སྟོད། བདག་གི་གམ་དུ་གྲོ་ལ་གཤེགས་འཚལ་ཟེར་ནས། གཡོག་པོ་གསུམ་དང་ཕྱིབས་པ་དེར་བཞག་ནས། སློབ་དཔོན་གང་བར་ན་ཡར་ལ་མདའ་སྟང་པ་བཞིན་གཤེགས། ཞལ་ཟས་ཚ་ལམ་མེ་བ་རོ་མཆོག་རྒྱ་དང་ལྡན་པ་བསྣམ་ནས་

193a

༄༅།       །བྱོན་ཏེ། གངས་བྲག་ཡ་གི་ན་དྲི་ཟ་ཕྱུག་པོ་གཅིག་བརྡའ་གསུང་སྐད། དེ་ནས་སྙེ་མོ་འབྲི་ཟད་ན་མར་བྱོན་ནས། བྱང་གནམ་ཐང་ན་མར་བྱོན་རྩ་ན། ཕོ་བདུད་ཉི་ཁྲི་ཆིག་སྟོང་གིས་བར་ཆོད་རྩམས་སྟེ། ཉི་མ་དང་པོ་ལ་སེང་གེས་ལུང་པ་གང་ནས་བྱུང་པས། སློབ་དཔོན་གྱིས་དགོངས་པ་ལ། གཡོ་བ་མ་བྱུང་པས། སེང་གེ་རྣམས་རང་ཞི་ལ་སོང་། ཉི་མ་གཉིས་པ་ལ་འབྲོང་གི་ལུང་པ་གང་ནས་བྱུང་པས། སློབ་དཔོན་ལ་གཡོ་བ་མེད། གཡག་ཐམས་ཅད་སྤང་ལ་རང་ཞིར་སོང་། ཉི་མ་གསུམ་པ་ལ་བྱ་སྣ་ཚོགས་ཀྱིས་ལུང་པ་ཁེང་ནས་བྱུང་པས། སློབ་དཔོན་གྱིས་དགོངས་པ་ལ་གཡོ་འགུལ་མེད་པས། བྱ་ཐམས་ཅད་ནམ་མཁའ་ལ་རང་ཞིར་སོང་། དེ་ནས་སློབ་དཔོན་གྱིས་ཞལ་ནས། ཕོ་བདུད་ཉི་ཁྲི་ཅིག་སྟོང་འདུལ་དགོས་པར་འདུག་གསུངས་ནས། རྣམ་ཐ་ཕུག་ལྟོ་མ་བླ་ཧོམ་དུ་ཞག་གསུམ་སྒྲུབས་པ་མཛད་པས། ནམ་ཕྱེད་རྩམ་ན་གནམ་ཆག་པ་སྐད་དམ། ས་འགྲུམ་པ་སྐད་རྩམ་ཟེར་བས། སློབ་དཔོན་ཉིད་ཀྱང་ཡེད་པ་ཅིག་བྱུང་ནས། སློབ་དཔོན་ཉིད་ཀྱི་དགོངས་པ་ལ། འདི་གནོད་སྦྱིན་མོ་འདྲ་བ་གཅིག་གི་མདངས་སྐད་ཡིན་སྙམས་ནས་ཡོད་རྩ་ན། དམག་དཔོན་ཆེན་པོ་བཞིས་རུ་དར་ཕྱར་ནས་བྱུང་ཏེ། སློབ་དཔོན་ཆེན་པོ་ལགས། གནོད་སྦྱིན་མ་འདྲ་བ་ལ་དེ་རྩམ་པའི་མདང་སྐད་ཅི་ལ་མཆི། དྲེགས་པ་བདུད་ལ་དབང་ཆེ་བ་ངའི་ཞང་པོ་འདིའི་སྐད་ཡིན་ཟེར། སློབ་དཔོན་གྱི་བཀའ་ཉན་གསུང་བསྟོད་ཟེར་ནས། སློབ་དཔོན་གྱི་ཁྱོད་དེ་རྩམ་པའི་མདང་སྐད་འདོན་མི་འཚལ་བ་ལ། ཕོ་བདུད་ཉི་

193b

ཁྲི་ཆིག་སྟོང་གི་ནང་ནས་མཐུ་ཆེ་བ་ལ་རྩལ་གྲགས་པ་ཉི་ཤུ་རྩ་གཅིག་གི་ཁྲིད་ནས་ཤོག་གསུངས་པས། བདུད་ལ་དབང་ཆེ་བ་གསུམ། རྨུ་ལ་དབང་ཆེ་བ་གསུམ། སེ་ལ་དབང་ཆེ་བ་གསུམ། རྩན་ལ་དབང་ཆེ་བ་གསུམ། ཀླུ་ལ་དབང་ཆེ་བ་གསུམ། གཉན་ལ་དབང་ཆེ་བ་གསུམ། དགྲ་ལྷ་ལ་དབང་ཆེ་བ་གསུམ། དེ་ཚོའི་དབུ་ཅོག་རེགས་སུ་གྲགས་ནས། དགེ་གཉེན་ཉི་ཤུ་རྩ་གཅིག་གི་མཚན་གསོལ་དམ་ལ་བཏགས་སོ། །དེ་ནས་ཚུར་བྱོན་རྩ་ན། ཡར་ལྷ་ཤམ་པོ། རྒད་པོ་མགོ་ལུ་གུ་བཞིན་དུ་དཀར་བ། རྐང་པས་ལུས་པོ་མི་ཁྱག་པ་གཅིག །སློབ་དཔོན་གྱིས་སྤང་དུ་མགོ་བཞག །རྐང་པ་ཁམས་ཀྱི་དབྱར་མོ་ཐང་དུ་སྐྱང་པ་གཅིག་དུ་སྤྲུལ་ནས་བར་ཆོད་བརྩམས་པས། སློབ་དཔོན་གྱིས་སྤ་ལྕགས་ཀྱིས་འཕངས་པས་ཁམས་ཀྱི་དབྱར་མོ་ཐང་དུ་སོང་པས་ཁོ་བྲེད་ནས། མི་དཀར་པོ་དར་ཐོད་ཅན་གཅིག་དུ་བྱས་ནས། ཕྱག་འཚལ་ནས་སྲོག་སྙིང་ཕུལ་ཏེ་དམ་ལ་བཏགས་སོ། །དེ་ནས་འཕན་ཡུལ་སྲས་ཀྱི་ལ་ཁར་བྱོན་པས། སློབ་དཔོན་གྱིས་ཞལ་ནས། འདི་ལུང་པ་རྟ་རོ་དམར་པོ་ཁ་ཕྱེ་བ་གཅིག་འདུག །འདི་ན་སྲིན་པོ་སྤུན་གསུམ་ཀྱང་འདུག །འདིར་མི་མདོང་གསུངས་ནས། བསྟོད་ལུང་ན་མར་ལ་བྱོན་ཏེ་བྱེ་བ་སྦྲུལ་སྡིག་གི་ཀླུ་ལ་གྲོ་བླངས་སོ། །དེ་ནས་ཞོང་པར་བཞུགས་སྟེ། ནང་པར་གཡོག་པོས་ཚ་བ་གཡོ་བའི་ཆུ་མ་རྙེད་ནས། སློབ་དཔོན་གྱིས་སའི་ལྷ་ལ་ཆུ་བླང་ཏེ་ཆུ་བྱུང་པས། ད་ལྟ་ཡང་ཞོང་པའི་ལྷ་ཆུ་ཞེས་པར་གྲགས་སོ། །དེ་ནས་ལྷ་སར་ཇོ་བོ་ཤཱཀྱ་ལ་མཆོད་པ་འབུལ་གྱིས་ཞགས་གསུམ་

194a

༄༅།       །བཞུགས་པས། ཆིབས་མོག་རོ་མགོ་དམར་ལ་གཟའ་མ་སྙེད་ནས། ལྷ་ས་བྱེ་མ་གླིང་དུ་འདུག་པ་སློབ་དཔོན་གྱིས་བྱིན་གྱིས་སླབ་ནས། བྱེ་མ་གསིང་མའི་ནར་སོང་སྟེ་ཆིབས་པའི་གཟའ་བྱས། ཆིབས་པ་ལ་སྟུང་ཆུ་མེད་ནས་སློབ་དཔོན་གྱིས་བྱིན་རླབས་མཛད་ནས་སྤ་བཅག་ས་ལ་གཙུག་པས་ཆུ་བྱུང་ངོ་། །དེ་ནས་བ་ལམ་གྱི་ལ་ལ་བྱོན་ནས། བསམ་ཡས་ཕུ་ན་མར་བྱོན་རྩམ་ན། མངའ་བདག་གསེ་ཅན་བཞུགས་པས་མ་ཚོར་བ་ལ། བློན་པོ་རྣམས་ཀྱིས་མཐོང་ནས་མངའ་བདག་ལ་བརྡའ་སྟང་ཏེ། མངའ་བདག་ལགས་སློབ་དཔོན་པདྨ་འབྱུང་གནས་བྱོན་བརྡའོ་ཅེས་བརྗོད་པས། མངའ་བདག་གི་བསམ་པ་ལ། ང་བོད་རུ་བཞིའི་རྒྱལ་པོ་ཡིན་ཡང་། ཁོ་ཨོ་རྒྱན་གི་རྒྱལ་པོ་གཅིག་ཀྱང་ཡིན་པར་འདུག །སེམས་དང་ཆོས་སུ་འདྲེས་པའི་གང་ཟག་གཅིག་ཀྱང་ཡིན་པར་འདུག །སངས་རྒྱས་དང་གཉིས་དཀའ་བགྲོས་གླེང་མི་དང་མོལ་བ་བཞིན་མཛད་པ་གཅིག་ཀྱང་ཡིན་པར་འདུག །ངས་མཆོད་གནས་སུ་ཡང་སྤྱན་དྲངས་པ་ཡང་ཡིན། ཞེས་ས་འབུལ་དགོས་གསུང་ནས། དབུ་ལ་ཐོད་གསོལ། ཞབས་ལ་ཆགས་གསོལ། སྐུ་རགས་འཆིང་པ་རྗེད་ནས་བྱོན་པ་ལ། སློབ་དཔོན་གྱིས་ཞལ་ནས་དུས་ལན་གཅིག་སྟོད་དུ་རྒྱལ་སྲིད་ཞྭ་རྩམ་གཅིག་འཆགས། སྨད་དུ་རྒྱལ་སྲིད་ལྷམ་རྩམ་གཅིག་འཆག །དབུས་སུ་རྒྱལ་ཁྲིམས་ཞིག་ནས་སིལ་བུར་འགྲོ་གསུངས་སོ། །དེ་ནས་མངའ་བདག་གིས། སློབ་དཔོན་མཐའི་མོན་བུ་སྤྱི་འདུམ་གཅིག་དུ་མཐོང་ནས། ཞེས་ས་མ་འབུལ་བར། སློབ་དཔོན་པདྨ་འབྱུང་གནས། ཤེས་པ་སེམས་དང་ཆོས་སུ་

194b

འདྲེས་པའམ། རིགས་པའི་རྩལ་རྫོགས་པའམ། སངས་རྒྱས་དང་གཉིས་ཀ་གྲོས་མི་དང་མོལ་བ་བཞིན་མཛད་པའི་གང་ཟག་གཅིག་ཡིན་ཟེར་བ་ལ། མཐའི་མོན་བུ་སྤྱི་ཟླུམ་གཅིག་འདུག་གསུང་པས། སློབ་དཔོན་གྱིས་རྡོའི་རྣམ་པར་སྣང་མཛད་གཅིག་འདུག་པ་ལ། སྣམ་པར་སྣང་མཛད་གཟིགས་ལྷ། གཟིགས་ལྷ་ལ་ཕྱག་འཚལ་ལོ། །གསུང་ནས་ཕྱག་བཙལ་བས་རྣམ་སྣང་གས་སོ། །ཡང་རྣམ་པར་སྣང་མཛད་གཟིགས་ལྷ། གཟིགས་ལྷ་ལ་དབང་བསྐུར་རོ། །གསུང་ནས་ལྷུང་བཟེད་ཀྱི་ཆུས་དབང་བསྐུར་བས་རྣམ་སྣང་འབྱར་རོ། །དེ་ནས་སློབ་དཔོན་གྱིས་ཕྱག་གཡས་པའི་འཐེབ་ཆེན་གྱིས་སེན་མོ་ཕྱིས་ནས་རྒྱལ་པོ་ལ་སྟན་པས། འཕྲུལ་གྱི་མེ་ལོང་ཕྱིས་ནས་སྟན་པ་བཞིན་དུ། བོད་རུ་བཞི་ཨ་ཅང་ཆེས་སྟེ། རྒྱ་གར་རྒྱ་ནག་ཚུན་ཆད་ཀྲ་ས་ལེ་འདུག་གོ །མངའ་བདག་ཉིད་ཀྱང་ལ་ཐོད་དགོར་རེ་འདུག་པ་མཐོང་ནས། མངའ་ཀྱང་འགྱོད་པ་སྐྱེས་ཏེ། ཞེ་ས་ཕུལ་ནས། ཞེས་སའི་བཞུགས་ལ་སྐུ་རེ་ཡང་མཛད་དོ། །ང་བོད་རུ་བཞིའི་རྒྱལ་པོ་གཅིག་གིས། མཐའི་མོན་བུ་སྤྱི་འདུམ་གཅིག་ལ་ཞེ་ས་ཕུལ་མ་གསུང་གཅིག་གསུང་སྐད། དེ་ནས་བོད་རྗེ་འབངས་ཚོས་ལྷ་ཕྱག་གྱང་འགྱེལ་བ་བཞིན་དུ་རྩལ་ནས་དཀོར་བ་བྱས་ཏེ། འདར་ཤང་ཤང་བྱ་བའི་འགུར་ཡང་བཞེངས་སྐད། དེ་ནས་མངའ་བདག་དང་སྤྱན་འདྲེན་མི་གསུམ་ཇོ་མོ་མཁར་ཆེན་གཟའ་མཚོ་རྒྱལ་དང་ལྔ་ལ། མ་ས་གོང་གི་ཕོ་བྲང་གི་ཁང་སྔོན་དུ་དབང་བསྐུར་མཛད་ནས། ཇོ་མོ་མཁར་ཆེན་གཟའ་མཚོ་རྒྱལ་གྱི་ལ།

195a

༄༅།       །ཁྱོད་ཡེ་ཤེས་ཀྱི་མཁའ་འགྲོ་མ་དཀར་མོའི་སྤྲུལ་པར་འདུག །སོ་ཡང་དུང་སོ་འཁོར་མར་ཡོད། མཚན་ཐམས་ཅད་ཀྱང་ཚང་པར་འདུག །ཁྱོད་ལ་འོག་མིན་གྱིས་གནས་སྟོན་གསུངས་ནས། ཞགས་གསུམ་བཞུད་ནས་མེད། དེ་ནས་བྱོན་ནས་རྩན་པོ་ན་རེ། ཁྱོད་ཀྱི་འོག་མིན་གྱིས་གནས་མཐོང་ངམ་གསུངས། ཇོ་མོས་མཐོང་གསུངས་པས། མངའ་བདག་གི་ཞལ་ནས་དེ་མི་བདེན། སློབ་དཔོན་གྱིས་ཀྱང་ད་རུང་འོག་མིན་གྱིས་གནས་ལ་སྤྱོད་མི་ནུས། འོག་མིན་གྱི་གནས་མཐོང་པ་ལ་གཟུགས་ཀྱི་ཕུང་པོ་ལ་མི་ཆགས་པར་བཞུད་དགོས་སྟེ། སློབ་དཔོན་ད་རུང་གཟུགས་ཀྱི་ཕུང་པོ་དང་འགྲོག་འདུག་པ་གསུང་པས། ཇོ་མོའི་ཞལ་ནས་འོག་མིན་གྱི་གནས་མཐོང་། ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་དང་ཀུན་གྱིས་ཞིང་ཁམས་འདི་ལྟར་འདུག་བྱས་པས། མངའ་བདག་གི་ཞལ་ནས་དེ་མི་བདེན། དེ་བདེན་ན་མངོན་བདག་གི་མ་རྒྱ་མོ་ཨོང་ཆུང་རྒྱལ་པོ་སྡེ་བཞིས་སྟོད་པའི་དུས་སུ། ཁྲོམ་གེ་གསར་དམག་གི་རྒྱལ་པོའི་ལག་ཏུ་བདག་གི་མའི་འཕྲུལ་གྱི་མེ་ལོང་བསེའི་ཕུབ་ཆུང་རྩམ་གཅིག་ཤོར་ནས་ཡོད་ཀྱི་དེ་ལེན་དུ་ཆུག་དང་གསུངས་པས། དེ་ཇོ་མོ་སློབ་དཔོན་ལ་བརྗོད་པས། དེ་མ་ཐག་དུ་སློབ་དཔོན་གྱི་ཏིང་ངེ་འཛིན་གྱིས་བཞུད་ནས། མངའ་བདག་གི་ཤེལ་འཕྲེང་ལྔ་འཁོར་བ་དང་ལོག་ནས་བྱུང་ངོ་། མངའ་བདག་གི་ཞལ་ནས་དེ་བྱུང་གི། སུམ་བཅུ་རྩ་གསུམ་དགའ་ལྡན་ལྷའི་ཡུལ་རྣམ་པར་རྒྱལ་བའི་ཁང་བཟངས་ཀྱི་

195b

སྟེང་ན། བྱ་རྒྱལ་ཁྱུང་གི་སྒོ་ང་ཡོད་ཀྱི་དེ་ལེན་དུ་ཆུག་དང་བྱས་པས། ཇོ་མོས་དེ་སློབ་དཔོན་ལ་བརྗོད་པས། སློབ་དཔོན་བཞུད་ནས། མངའ་བདག་ཤེལ་འཕྲེང་འདྲེན་མ་ཁོམ་པར་བྱ་རྒྱལ་ཁྱུང་གི་སྒོ་ང་ལོན་བྱུང་ངོ་། །ཡང་མངའ་བདག་ན་རེ་དེ་བྱུང་གིས། ཕྱིའི་རྒྱ་མཚོའི་གཏིང་ན། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་གྱིས་སྤྱི་བོའི་གཙུག་ན་ཡིད་བཞིན་གྱིས་ནོར་བུ་རིན་པོ་ཆེ་གཅིག་ཡོད་དེ་ལེན་དུ་ཆུག་དང་བྱས་པས། ཇོ་མོས་སློབ་དཔོན་ལ་བརྗོད་མ་ཐག་དུ། སློབ་དཔོན་གྱི་རྒྱལ་པོའི་ཤེལ་འཕྲེང་འདྲེན་མ་ཁོམ་པར་ལོན་ནས་བྱོན་པས། མངའ་བདག་ཡིད་ཆེས་ནས། སློབ་དཔོན་ལ་བསམ་ཡས་བཞེངས་པའི་གྲོགས་ཞུ་བ་ཕུལ་བ། སློབ་དཔོན་གྱིས་སྔར་ལྷ་འདྲེ་ཐམས་ཅད་དམ་ལ་ཐོག་ནས་ཡོད་པས། དེ་མ་ཐག་དུ་སློབ་དཔོན་གྱིས་རྡོ་རྗེ་འགྲོས་བྱས་ནས་སྣ་དྲངས། དེའི་ཕྱི་ན་ཕར་བོད་རུ་བཞིའི་མི་ཁྲི་ཚོ་ལྔ་དྲུག་གི་གྱང་སྟང་པས། ཉིན་མོ་གྱང་འཁོར་གཉིས་གཉིས་ལས་མ་ཐེངས་སོ། །དེ་ནས་སློབ་དཔོན་གྱིས་ལྷ་མ་སྲིད་སྡེ་བརྒྱད་ལ་ལས་མཁན་བཅོལ་བས། ཚངས་པ་དང་རྒྱལ་བྱིན་གཉིས་གིས་དབྱངས་མཁན་བྱས་ནས་སྣ་དྲངས། རྒྱལ་པོ་ཆེན་པོ་བཞིས་ལས་ཀྱི་དཔོན་བྱས། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དང་། མ་བདུན་སྲིང་བཞི་དང་། གིང་ལྕམ་དྲལ་ལྷ་སྲིད་སྡེ་བརྒྱད་ཀྱི་ལས་མཁན་བྱས་ནས། ཁུ་སྒྲ་དང་བཅས་ནས་ནུབ་མོ་གྱང་སྟང་པས་གྱང་འཁོར་གསུམ་གསུམ་ཐིངས་སོ། །ཁྱད་པར་དུ་བྱང་གཟས་རྩིགས་པས་རྩིགས་པ་ཡང་ལེགས་སྐད། དཔལ་གྱི་བསམ་ཡས་ཀྱི་དབྱིབས་

196a

༄༅།       །ནི་སྔོན་པའི་གཞུང་ལྟར། དབུ་རྩེ་རི་གསུམ་ནི་རི་བོ་མཆོག་རབས་ཀྱི་ཚུལ། གླིང་བྲན་བཅུ་གཉིས་ནི་ཉི་ཟླ་ཟུང་གཅིག་གིས་ལས་བྱེད་པའི་ཚུལ་དུ་བཞེངས། ཐོག་འབིག་ལུགས་དང་། བུ་ག་བཞག་ལུགས་དང་བཅས་པ་འདུལ་བའི་ལུགས་སུ་བཞེངས། ལྷ་ཚོགས་ཐམས་ཅད་མདོ་སྡེ་ལྟར་བཞེངས་སོ། །དབུ་རྩེ་རི་གསུམ་ནི་རྣམ་པར་སྣང་མཛད་འགྲོ་བ་འདུལ་བའི་ཚུལ་དུ་བཞེངས་སུ་གསོལ་ཏེ། ལྷའི་སྐུ་གཟུགས་ཇི་ལྟར་བགྱི་གསོལ་པ་དང་། རྒྱལ་པོའི་རྨི་ལམ་དུ་མི་དཀར་པོ་གཅིག་བྱུང་ནས། རྒྱལ་པོ་ཆེན་པོ་ཁྱོད། སངས་རྒྱས་ཀྱི་སྐུ་གཟུགས་ཇི་ལྟར་གཉེམ་པ་དེ། མངོན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་གྱིས་རློབས་པའི་ལྷ་ཡོད་གཅིག་དེར་འདོང་ཞེས་ཁྲིད་དོ། །ཁས་པོ་རིར་ཕྱིན་པ་དང་བྲག་ཀུན་ལ་ལྟར་བཅུག་ནས། འདི་སངས་རྒྱས་ཀུན་གྱིས་གཟུགས་ཡིན། འདི་བྱང་ཆུབ་སེམས་དཔའ་ཀུན་གྱི་གཟུགས་ཡིན། འདི་ཁྲོ་བོ་ཀུན་གྱིས་གཟུགས་ཡིན་ཞེས་སྟན་པ་རྨིས་ནས། ནམ་ལང་པ་དང་ཁ་སྤོ་རིར་ལྟར་ཕྱིན་པ་དང་། ས་ཕྱོགས་དེར་གཟིགས་པ་དང་། མདང་གི་རྨི་ལམ་དང་མཐུན་པར་བྲག་ལ་ལྷ་གཟུགས་ཚོ་འོ་ལེ་བརྡའ་ནས་ཤིན་དུ་དགྱེས་ཏེ། བལ་པོ་རྡོ་མཁན་བཀུག་ནས། བྱོན་མ་ཐོག་དུ་སྐུ་གཟུགས་བཅོས་ཏེ། ཡང་ཁང་ནི་རྒྱ་གར་གྱིས་ལུགས་སུ་བཞེངས་ཏེ། དབུས་ཀྱི་གཙོ་བོ་སྣང་པར་སྣང་མཛད་ཀུན་ཏུ་ཞལ་ལ། འཁོར་ཉེ་བའི་སྲས་བརྒྱད་ཀྱི་བསྐོར་བ། བྱང་ཆུབ་སེམས་དཔའ་རྡོ་རྗེ་རྒྱལ་མཚན་གྱིས་གཙོ་མཛད་པ་ཉི་ཤུ་རྩ་དྲུག །སྒོ་བསྲུངས་ཁྲོ་བོ་བརྒྱད་ལ་སོགས་པ་སངས་རྒྱས་བཞི་བཅུ་ཞེ་བཞི་བཞུགས་སོ། །རི་མོ་རྡོ་རྗེ་དབྱིངས་

196b

ཀྱིས་ལྷ་ཚོགས་སུ་བྲིས་ནས། ཆོས་སྐྱོངས་གནོད་སྦྱིན་ཟངས་འབེ་ཅན་ལ་བསྟོད། །ཐོག་བཞི་ལ་སངས་རྒྱས་དགའ་བའི་འཁོར་བཅས་བཞེངས་ནས་ཆོས་སྐྱོངས་ལགས་ན་རྡོ་རྗེ་ལ་གཏད་དོ། །བར་ཁང་རྒྱ་ནག་ལུགས་སུ་བཞེངས་སུ་གསོལ་ཏེ། དབུས་ཀྱི་གཙོ་བོ་རྣམ་པར་སྣང་མཛད། སྣང་བ་མཐའ་ཡས། བྱམས་པ་དང་གསུམ་བཞུགས་སོ། །འཁོར་ས་བཅུའི་བྱང་ཆུབ་སེམས་དཔས་བཀོར་བ་བཞེངས། ཁྲོ་བོ་རྡོ་རྗེ་ཀིང་ཀ་གཉིས་ཏེ་ལྷ་ཚོགས་བཅྭོ་ལྔ་བཞུགས་སོ། །རི་མོ་འབུམ་གྱིས་གླེང་བཞིའི་རྒྱུད་རིས་སུ་བྲིས། དཀོར་ཁང་ཁ་ཕྱིར་ལྟ་མཆོད་རྟེན་བརྒྱད་པ་དང་། ནང་ལྷ་སྲིན་ཆེན་སྙིང་པོའི་རྒྱུད་རིས་སུ་བྲིས། རྔ་ཁང་གདོང་ལ་ཕྱོགས་བཅུའི་སངས་རྒྱས་དང་། རྡོ་རྗེ་སེམས་དཔའ། གཤིན་རྗེ་གཤེད་ཀྱི་ལྷ་ཚོགས་དང་། ཆོས་སྐྱོངས་རྣམས་ཀྱི་འབག་དང་བཅས་པ་བྲིས་ནས། ཆོས་སྐྱོངས་རྒྱལ་པོ་ཤིང་བྱ་ཅན་དང་ལྕམ་འགྲོ་བ་བཟང་མོ་ལ་སྟད་དོ། །འོག་ཁང་བོད་ལུགས་སུ་བཞེངས་ཏེ་དབུས་ཀྱི་གཙོ་བོ་དུས་གསུམ་སངས་རྒྱས་ལ། འཁོར་བསྐལ་པ་བཟང་པོའི་སེམས་པ་བརྒྱད། སྒོ་སྲུངས་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་དང་། མི་གཡོ་བ་གཉིས་སྟེ་སྤྱིར་བཅུ་གསུམ་བཞུགས་སོ། །རི་མོ་ཕྱོགས་བཅུའི་སངས་རྒྱས་དང་། དཀོར་ཁང་ཁ་ཕྱིར་ལྟ་ཐམས་ཅད་མདོ་སྡེ་པདྨ་དཀར་པོའི་རི་མོ། ཁ་ནང་ལྟ། རིན་པོ་ཆེ་རྟོག་གི་རྒྱུད་རིས་སུ་བྲིས་སོ། །ཆོས་སྐྱོངས་སེང་གེ་ཁྲིའི་རལ་པ་ཅན་ལ་བསྟད་དོ། །རྔ་ཁང་མདོ་སྡེ་དཀོན་ཅོག་སྤྲིན་གྱིས་རྒྱུད་རིས་སུ་བྲིས། འཁོར་ས་བར་མ་རྒྱ་ཆེ་རོལ་

197a

༄༅།       །པ་དང་། འཁོར་ས་ཆེན་མོ་གདོང་པོ་རྒྱན་པའི་རྒྱུད་རིས་སུ་བྲིས་སོ། །ཆོས་སྐྱོངས་ཨ་ན་ཨུ་ལི་ཀ་ལ་སྟོད།  དེ་ནས་ཀུ་གཟུགས་དེ་རྣམས་བལ་པོ་ལྷ་གཟོས་བཞེངས་པ་དང་། ཤིང་རྟ་ལ་སྤྱན་འདྲེན་པའི་དུས་སུ་ས་གཡོས་དར་གྱིས་ནམ་ཟ་གསོལ། གསེར་གྱི་སྐུ་རག་གི་བཅིངས་ནས་ནང་དུ་སྤྱན་དྲངས་སྟེ་དབུ་རྩེ་རིགས་གསུམ་དུ་བཞུགས་དུ་གསོལ། དཀོར་མཛོད་དགུ་ལ་ལྷོ་ཕྱོགས་མཛོད་གསུམ། རིན་ཆེན་གཏེར་གྱིས་མཛོད་ཡིན་ཏེ། ཆོས་སྐྱོངས་གནོད་སྦྱིན་ནག་པོ་མཆེད་གསུམ་ལ་གཏད་དོ། །ནུབ་ཕྱོགས་མཛོད་གསུམ་གསུང་རབས་རྒྱུད་ཀྱི་མཛོད་ཡིན་ཏེ། ཆོས་སྐྱོངས་ཨ་ཙ་ར་ནག་པོ་མཆེད་གསུམ་ལ་གཏད་དོ། །བྱང་ཕྱོགས་མཛོད་གསུམ་རིན་ཆེན་ནོར་གྱི་མཛོད་ཡིན་ཏེ། ཆོས་སྐྱོངས་གནོད་སྦྱིན་ནག་པོ་ལ་གཏད་དོ། །དེ་ལ་སྒོ་མོ་སུམ་བཅུ་རྩ་བརྒྱད། བཤའ་ཚེ་བཞི་བཅུ་རྩ་བརྒྱད། ཀ་བ་སྟོང་རྩ་བརྒྱད། འཁྲུལ་ཀས་ཆེན་པོ་བཞི་དང་། དཀོར་མཛོད་དགུ། འཁོར་ས་བར་མ་བརྒྱན་ནོ། །གཡག་ཤ་སྟེང་འོག་གཉིས་ཀྱི་ལྷ་ཚོགས་ནི། ཡག་ཤ་གོང་མ་དཔལ་ཀུན་ཏུ་བཟང་པོའི་ལྷ་ཚོགས་ཡིན། ཡག་ཤ་འོག་མ་དཔལ་གང་བ་བཟང་པོའི་ཕོ་བྲང་ཡིན་ནོ། །རི་མོ་སྐལ་པ་བཟང་པོ་སངས་རྒྱས་སྟོང་གི་རྒྱུད་རིས་བྲིས་སོ། །ཆོས་སྐྱོངས་གནོད་སྦྱིན་གང་བ་བཟང་པོ་ལ་གཏད་དོ། །ཤར་གྱི་གླིང་གསུམ་ལ། རྣམ་དག་ཁྲུས་ཁང་གླིང་ལ། ལྷ་ཚོགས་བྱང་ཆུབ་སེམས་དཔའ་གཙོ་འཁོར་ལྔ་བཞུགས་སོ། །

197b

རི་མོ་ཏིང་འཛིན་བཟང་པོའི་རྒྱུད་རིས་སོ། །ཆོས་སྐྱོང་ཚངས་པ་དུང་གི་མཐོར་ཚུག་ཅན་ལ་གཏད་དོ། །མཁྱེན་རབ་འཇམ་དཔལ་གླིང་གི་ལྷ་ཚོགས་ནི། འཇམ་དཔལ་གཙོ་འཁོར་ལྔ་བཞུགས་སོ། །སྒོ་སྲུངས་གཤིན་རྗེ་ནག་པོ་གཉིས་སྟེ་བདུན་བཞུགས་སོ། །རི་མོ་སྣང་བ་མཐའ་ཡས་དང་ཐུག་པོ་བཀོད་པའི་རྒྱུད་རིས་བྲིས་སོ། །ཞིང་ཁམས་གཉིས་ཀྱི་རྒྱུད་རིས་བྲིས་ནས་བཞུགས་སོ། །ཆོས་སྐྱོངས་གཤིན་རྗེ་མེའི་འཁོར་ལོ་ཅན་ལ་གཏད་དོ། །བརྡའ་སྦྱོར་ཚངས་པ་གླིང་གི་ལྷ་ཚོགས་ནི། གརྩོ་བོ་ཤཀྱ་ཐུབ་པ་ལ་འཁོར་བྱང་ཆུབ་སེམས་དཔའ་དྲུག་གི་བཀོར་ནས་བཞུགས་སོ། །བདུད་འདུལ་སྔགས་པའི་གླིང་གི་ལྷ་ཚོགས་ནི། བྱང་ཆུབ་སེམས་དཔའི་ལུག་སྐུ་གཙོ་འཁོར་ལྔ། རི་མོ་བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོའི་རྒྱུད་རིས་བྲིས་ནས་བཞུགས་སོ། །ཆོས་སྐྱོང་གནོད་སྦྱིན་དེད་དཔོན་ཉི་ཤུ་རྩ་བརྒྱད་ལ་གཏད་དོ། །དད་ལྡན་ཆོས་བྱེད་བར་ཆོད་སྲུང་པ་དང་། ཐུགས་རྗེ་རྒྱུན་འབྱུང་ཨརྱ་དཔལ་ལོའི་གླིང་གི་ལྷ་ཚོགས་ནི། དབུས་ནི་གཙོ་འཁོར་ལྔ་དང་། རྒྱལ་པོའི་སྐུ་ཚབ་ཐུགས་རྗེ་ཆེན་པོ་དང་། རིགས་གསུམ་མགོན་པོ་དང་། རྗེ་བཙུན་སེང་གེ་སྒྲ་དང་། བ་སོ་ཇོ་མོ་སྒྲོལ་མ་དང་། འཕྲ་མེན་གྱི་མཆོད་སྟེན། སྟོང་ཕྲག་རྒྱ་པའི་ཡུམ་ཆེན་མོ་དང་བཅུ་གསུམ་བཞུགས། རི་མོ་ནི་ཟ་མ་རྟོག་བཀོད་པ་དང་། མདོ་སྡེ་ས་བཅུ་ཡི་རྒྱུད་རིས་བྲིས་ནས་བཞུགས་སོ། །ཆོས་སྐྱོངས་དམ་ཅན་ཕོ་ཉ་རྣམས་ལ་གཏད། སྨོན་པ་བྱང་ཆུབ་མཆོག་དུ་སེམས་བསྐྱེད་པའི་ཕྱིར། སྒྲ་བསྒྱུར་རྒྱ་གར་གླིང་གི་ལྷ་ཚོགས་ནི། ཟངས་ཀྱིས་རྣམ་པར་སྣང་མཛད་

198a

༄༅།       །གཙོ་འཁོར་ལྔ། རི་མོ་སྣམ་སྣང་མངོན་པར་བྱང་ཆུབ་པའི་རྒྱུད་རིས་བཀོད། ཆོས་སྐྱོངས་གནོད་སྦྱིན་གླང་མགོ་ཅན་ལ་གཏད། བྱང་ཆུབ་ཁྱད་པར་ལུང་སྟོན་བྱེ་མའི་གླིང་། དགའ་ལྡན་བྱང་ཆུབ་གླིང་གི་ལྷ་ཚོགས་ནི། གཙོ་བོ་བྱམས་པ་ལ་འཁོར་ཉན་ཐོས་གསུམ། མཁའ་འགྲོ་གཉིས་སྟེ་ལྔ། སྒོ་བསྲུངས་གཉིས་ཏེ་བདུན། ལྕོག་ན་ཨ་མི་དེ་བ་གཙོ་འཁོར་ལྔས་སྟེ་བཅུ་གསུམ་བཞུགས་སོ། །རི་མོ་ཤག་ཐུབ་ཀྱི་སྟན་པ་མར་འགྲིབ་ལ། བྱམས་པའི་སྟན་པ་ཡར་འཕེལ་གྱི་རི་མོ་ལ། བསམ་ཡས་ཉིད་ཀྱི་དཔེ་དང་། སྣ་གནམ་རྒྱལ་ཚ་སྐྱེས་པའི་རབས་དང་དེ་རྣམས་བྲིས། ཆོས་སྐྱོངས་མཁའ་ཆུང་ལི་འི་བེ་ཅོན་ལ་གཏད། སྒྲུབས་རྒྱུད་གདམས་ངག་འབོག་པའི་གླིང་། བསམ་གཏན་གླིང་གི་ལྷ་ཚོགས་ལ། རིགས་ལྔ་དང་། སྐལ་བཟང་གཅིག་དང་། འཁྲོ་བོ་གཉིས་སྟེ་གཉིས་གསུམ་ཡོད་དེ། ལྔ་སྟོང་ལ་ཚེ་དཔག་མེད་དང་ངན་སོང་སྦྱོང་བའི་དལ་དང་། འཁྱམས་ལ་ཕལ་ཆེན་གྱི་རྒྱུད་རིས་བྲིས་སོ། །ཆོས་སྐྱོངས་རྒྱལ་པོ་དངུལ་མགོ་ཅན་ལ་སྟད་དོ། །སྒོམ་སྒྲུབས་ཏིང་འཛིན་བསྒོམས་པར་བྱེད་པ། རིན་པོ་ཆེ་སྣ་ཚོགས་གླིང་གི་ལྷ་ཚོགས་ནི། གཙོ་བོ་འབུ་རྟ་མ་ཕྱག་པད་མ་སྤྱན་ཕྱག་རྡོ་རྗེ་པ། སྒྲིབ་པ་སེལ་བ་བདུད་རྩི་འཁྱིལ། མ་བདག་ཞི་བའི་ལྷ་བཞི་གཉིས་ཏེ། ཞེ་བདུན་བཞུགས་སོ། །རི་མོ་སྟག་དུ་ངུ་དང་། ཡུམ་གྱིས་ད་ལ་ལ་བྲིས་སོ། །ཆོས་མཁའ་འགྲོ་སེང་གེ་གདོང་ཅན་ལའོ། །བྱང་ཆུབ་འཇུག་པ་སེམས་སྐྱེད་པའི་གླིང་། བཀོར་མཛོད་དཔེལ་དཀར་གླིང་གི་ལྷ་ཚོགས་ནི།

198b

ཤགས་ཐུབ་ལ་ཉེ་བའི་སྲས་བརྒྱད་ཀྱི་བཀོར་ནས་སོ། །རྒྱུད་རིས་ཡབ་དང་སྲས་མཇལ་གྱིས་ལུགས་སོ། །ཆོས་སྐྱོངས་དཔེལ་དཀར་རོ། །རྒྱལ་བློན་རྗེ་འབངས་མང་པོའི་ནོར་མཛོད། གླིང་ལ་མ་རྟོག་ཁྲུས་ཁང་གླིང་གི་ལྷ་ཚོགས་ནི། འོག་བཞི་མཚོ་ལྟ་བུར་མེར་བའི་དཀྱིལ་ན། པད་མའི་སྡོང་པོ་སྐྱེས་པའི་ཡལ་ག་ལ། ཕྱག་ན་རྡོ་རྗེ་དཀར་པོའི་ཞི་བའི་ཚུལ་དུ་བཞུགས་སོ། །ཡལ་ཀ་ལ་ཀླུ་བརྒྱད་ཕྱག་རྡོར་དང་། ལོག་ལ་ཀླུ་དང་གཉན་དང་གཟུག་བྲིས་པ་ཆུང་ནང་ན་འགུལ་བ་བཞིན་སྣང་ངོ་། །ཀླུ་རྒྱལ་རྒྱུ་གདལ་ལ་སྟད། སྟེ་རྩེ་དཀར་པོ་སེང་གེའི་རྒྱན་གྱིས་རྒྱན། ཆོས་སྐྱོངས་དཀར་ཟླ་སྟོང་ལའོ། །ཏེ་རྩེ་དམར་པོ་པད་མ་སྟོང་གིས་བརྒྱན། མཁའ་འགྲོ་ལྕགས་མཆུ་ཅན་ལའོ། །མཆོད་རྟེན་སྔོན་པོ་ལྷ་ཁང་སྟོང་གི་བརྒྱན།  ཆོས་སྐྱོངས་གནོད་སྦྱིན་ཉི་མའི་གདོང་ལ་གཏད། ཤར་ལྷོའི་མཆོད་རྟེན་དཀར་པོ་ཉན་ཐོས་ཡིན། ལྷོ་ནུབ་བྱང་ཆུབ་སེམས་དཔའ་ཡིན། ནུབ་བྱང་རང་རྒྱལ་ཡིན། བྱང་ཤར་སངས་རྒྱས་ཡིན། དཀར་པོ་དགའ་བ་བརྩེགས་པའི་མཆོད་རྟེན་ཡིན། དམར་པོ་པདྨ་རྩེགས་པ། ནག་པོ་བཀྲ་ཤིས་བརྩེགས་པའོ། །ལྗང་ཁུ་ཡོན་ཏན་རྩེགས་པའི། ཡང་ན་དཀར་པོ་རི་རབ་ཚུལ་དུ། དམར་པོ་པདྨ་སྟོང་ལྡན་ཚུལ་དུ། ནག་པོ་ཚ་ཚ་སྟོང་ལྡན། ལྗང་ཁུ་སྒོ་མང་རྡོ་རྗེ་སྦྱིངས་ཀྱི་ལའོ། །ལྕགས་རི་ནག་པོ་སྒོའི་སྒོ་ཁང་ན། ལྷ་ཚོགས་ཉི་ཤུ་ཉི་ཤུ་བཞི་བཅུ་བཞུགས། རི་མོ་སངས་རྒྱས་སྟོང་། ཆོས་སྐྱོངས་རྒྱལ་པོ་བཞི་ལ་

199a

༄༅།       །གཏད་དོ། །ལྕགས་རི་རྒྱུད་ཀྱིས་མི་རྗེད་སྲུང་མ་ནི། རྒྱལ་པོ་སྟོང་སྡེ་བཅྭོ་བརྒྱད་ལ་གཏད། དེ་ལྟར་བཞེངས་ནས། མཆོད་རྟེན་དཀར་པོའི་འཁོར་ལོ་ཤིང་མཁན་དང་། འགར་བ་བགྱིས་ནས། ཁས་སུ་རིའི་ཁ་ནས་སྤྱན་དྲངས་སྙམས་ནས་ཡོད་རྩ་ན་དེའི་ནུབ་མོ་གཏོར་ནས་ཤིང་མཁན་འགར་བ་བྲེད་ནས་རྒྱལ་པོའི་སྙན་དུ་གསོལ་པས། བལ་པོ་ལྷ་གཟོའི་རྨི་ལམ་ན་མི་བཞིས་ཁྱེར་འཁོར་ལོ་རྩུགས་ནས་བཀོར་བ་བྱས་ནས་ཅི་འདོད་འགྲུབ་པོ་ཟེར་བ་རྨིས་ནས་ར་ལ་སྨྲས་པས། བྱ་སྒ་ཆེད་པོ་བྱིན་ནོ། །དེ་ལྟ་སྟོན་པ་ནི་རྒྱལ་པོ་ཆེན་པོ་བཞིའོ། །དེ་ནས་ལྕོང་ལུགས་སུ་ལྷུག་དུ་མ་སྟེར་བ་ལ། རུའི་སྤྱི་མདོས་བཤམས་ནས། ལྷ་འདྲེ་ཡོངས་ཀྱི་གླུ་བོ་ཆེ་བླང་ནས། ཆེ་ཆུང་ལྕག་རིའི་རྒྱ་ལ་ལྟོས། །མཐོ་སྨན་རི་རབ་རྩེ་ལ་ལྟོས། །མང་ཉུང་སྐྱེ་འགྲོའི་གྲངས་ལ་ལྟོས། །མཛེས་སྡུག་དར་ཟབ་འཕན་ལ་ལྟོས། །གསུངས་པས་ལྷ་འདྲེ་ཡེངས་ཀྱི་བར་ལ་ལྕོང་ལུགས་ཐེབས་སོ། །ཡོས་ཀྱི་ལོ་ལ་རྨང་ཏིང་ནས་ལོ་སྐོར་གཅིག་འབྲུག་ལ་ཞལ་སྤྲོ་མཛད་དོ། །རུས་རབ་གནས་ལན་གསུམ་མཛད་དོ། །དང་པོ་ལྷ་ཚོགས་ཀུན་གྱིས་ཕྱིར་བྱོན་ནས་མཆོད་རྟེན་དཀར་པོ་ལ་དཀོར་བ་བ་ལན་གསུམ་བྱས་ནས་ནང་དུ་བྱོན་བྱིན་རླབས་དཀར་པོ་ཆེ་བ་དེ་ལྟར་ལགས་སོ། །གཉིས་པ་རྟ་མགྲིན་རྟ་སྐད་ཐང་གསུམ་བྱུང་ཚངས་པའི་འཇིག་རྟེན་མན་ཆོད་ཀྱི་ཐོས་སྐད། རྟ་མགྲིན་བྱིན་རླབས་ཆེ་བ་དེ་ལྟར་ལགས་སོ། །གསུམ་པ་རྡོ་རིང་ཁའི་ཀྱི་མོས། སྐད་ལན་གསུམ་

199b

བྱུང་པས་རྒྱ་གར་དུ་ཐོས་སྐད། རྒྱ་གར་ནས་ཆོས་སྒྱུར་འཕྲོ་མ་ཆད་པ་དེ་ལྟར་རོ། །རབ་གནས་ལན་བདུན་མཛད་ནས་འཇིག་པ་མི་ཡོང་པ་ལགས་སྐད་དེ། སློབ་དཔོན་མ་སྣང་ནས་བྷོ་་དྷེ་སྭ་ཏྭས་ལན་བཞི་མཛད་དོ། །ཇོ་མོས་བཞེངས་པ་ལ་གསུམ་ལ། ཚེ་སྤོང་གཟའ་དམར་རྒྱལ་གྱིས་ཁམས་གསུམ་བཞེངས། འགྲོ་གཟའ་བྱང་ཆུབ་ཀྱིས་དགེ་རྒྱས། ཕོ་ཡོང་གཟའ་དམར་རྒྱལ་མོ་བཙུན་གྱིས་བུ་ཚལ་བཞེངས། འདི་ལ་ལོ་རྒྱུས་གསུམ་ཡོད། ཀར་ཆག་ནི་དཔེལ་དཀར་གླིང་ན་ཡོད། ཁྲིམས་ཀྱི་མཛོད་ཅེས་བྱའོ། །སྲུངས་མ་ནི་ཁྲིམས་ཁང་གི་རྒྱལ་པོ། ལོ་རྒྱུས་བསྡུས་པ་གཅེས་པར་བྱས་པ་ནི། གསེར་དངུལ་གྱིས་བྲིས་ནས་བསེ་སྒྲོམ་དངུལ་གྱིས་སྤྲས་པའི་ནང་དུ་བཞུགས། དངུལ་གྱི་སྒོ་ལྕགས་བཅུག་ཏེ་དཀར་ཆགས་ཡི་གེར་བྱས་སོ། །བསྲུངས་མ་གནོད་སྦྱིན་དང་རྒྱལ་པོ་ལ་གཏད་དོ། །ལོ་རྒྱུས་ཤིན་ཏུ་བསྡུས་ནས་མི་འཆལ་བར་བྱ་བའི་ཕྱིར། རྡོ་རིང་ལ་གཟོང་གི་བྲིས་ནས་བཞག་གོ །དཀར་རྩིགས་ཀྱིས་རྡོ་རིངས་ཅེས་བྱས་ཏེ། སྲུང་མ་ཡང་བྲི་དུས་མཆུ་འམ། མུ་ཁ་ལེ་ཞེས་ཀྱང་བྱ། རྡོ་རིངས་ཁར་ཟངས་ཀྱིས་ཁྱི་གཟུགས་བྱས་ནས་བཞག་གོ །དེ་ནས་བྲག་དམར་མཚོ་མོ་འགུར་གྱི་ན་ཐོག་དུ་པད་མའི་སྡོང་པོ་གཅིག་ཁྲུང་ནས་ཀྱིད་པའི་བྲོ་མོ་ཆེ་དང་གླུ་བོ་ཆེ་གཉིས་སུ་བླངས་སོ། །