ལྡེའུ་ཆོས་འབྱུང་།
ཆོས་ཀྱི་མེ་རོ་བསླངས་ལུགས་དང་སྡེ་པ་གྱེས་ལུགས།
上一章
下一章

(ཆོས་ཀྱི་མེ་རོ་བསླངས་ལུགས་དང་། སྡེ་པ་གྱེས་ལུགས།)

༈ དེ་ནས་ཆོས་ཀྱི་མེ་རོ་བླང་ལུགས། བསྡེ་པའི་གྱེས་ལུགས་དང་བཅས་པ་སྟོན་སྟེ། དེ་ནས་དམ་པའི་ཆོས་ཀྱི་མེ་རོ་ནི། ཁྲི་ཆུང་ཁྲི་ལྡེ་ཚ་ལ་གསུམ་གྱིས་རིང་། །མཚན་བཞི་ལྡན་པའི་དགོངས་པ་གསལ་གྱིས་སླང་། །ཞེས་པ་ལ་མངའ་བདག་(འོད་སྲུང་རྒྱུད)ཁྲི་ཆུང་དང་། ཁྲི་ལྡེ་མགོན་བཙན་(བུག་པ་ཅན་པ)དང་། ཡེ་ཤེས་རྒྱལ་མཚན་(ཆོས་སྐོར་བ)གསུམ་གྱི་རིང་ལ་ཆོས་ཀྱི་མི་རོ་བླང་ཏེ། སྟན་པ་དེ་ཡང་ཆུའི་སྙེར་མ་དང་འདྲ་ཏེ་སྔ་ཕྱི། ཉི་ཟླའི་ཤར་ནུབ་དང་འདྲ་སྟེ་འཕེལ་འགྲིབ། སྐས་ཀྱི་བརྡང་བུ་དང་འདྲ་ཏེ་མཐོ་སྨན། དབྱར་རྒུན་གྱིས་རྩི་ཐོག་དང་འདྲ་སྟེ་འགྱུར་བའི་དུས་ན། དགོངས་པ་གསལ་གྱིས་སླང་པ་ལ། རྨ་ལུང་རྡོ་རྗེའི་བྲག་ར། དན་ཏིག་པད་མའི་ཡང་དགོན། རྩེ་དྲུག་ལྷུན་གྱི་དགང་། གཡུང་དྲུང་ཤེལ་གྱིས་བྲག་ཕུག་ཞེས་བྱ་བའི་གནས་དེར། བླ་ཆེན་པོ་དགོངས་པ་གསལ་སྐུ་འཁྲུངས་ཏེ། སྐྱེ་བོའི་མིང་ཀ་ར་འཕན། བོན་སླབས་པས་བོན་པོའི་མིང་མུ་ཟུ་གསལ་འབར། མེ་རོ་བླང་པས་བླངས་ཆེན། མཁན་སློབ་ཀྱི་མཚན་ལ་དྲས་པས་དགོངས་པ་གསལ་དང་བཞིའོ། །ཁོང་ཡང་། ལས་དག་པ། རིགས་སུ་བཟང་པ། སྡོམ་རྒྱུད་ཀྱི་ཟུང་ཐུབ་པ། བདེ་གཤེགས་ཀྱི་སྤྲུལ་པ་གཅིག་བཞུགས་སོ། །དེ་དུས་སྐལ་པ་ཉམས་པས། དགེ་འདུན་གྱི་འཚོ་བ་བླ་ནས་སྦྱོར་བ་མེད། ཆུ་བོ་རིའི་དགོན་གྲྭ་ན། གཡོ་དགེ་འབྱུང་། རྩང་རབ་གསལ་དམར་ཤཱཀྱ་མུ་ནེ་གསུམ་ཡོད་པས། ཧོར་གྱི་ཡུལ་

219b

དུ་ཕྱིན་རྩ་ན། དེར་ཡང་ཆོས་ལུག་ལ་རྒོད་པར་མ་ནུས་ནས། ཧོར་གྱི་དགེ་བསྙེན་ཤཀྱ་པྲ་བ་དང་འགྲོགས་ནས། མདོ་སྨད་ཨན་ཆུང་རྣམ་རྫོང་གི་དགོན་པར་བཞུགས་པའི་ཚེ། བླ་ཆེན་པོས་ཞལ་ལྟར་ཕྱིན་ཏེ། འཇལ་བས་ཆོས་གཅིག་སློབ་པར་ཞུས་པས། འདུལ་བ་འོད་ལྡན་སྟན་ནས་འདི་ལ་ལྟོས་དང་། དད་ན་གྲོས་བྱ་ཡིས་གསུང་པས། དེ་ཁྱེར་ནས་ལམ་ན་ཕར་ལྟ་ཡི་ཕྱིན་པས། དད་ནས་ཆུ་མ་ཡང་ཤོར། དེ་ནས་ཟླ་གཅིག་ལོན་ནས་རབ་ཏུ་བྱུང་། གཡོས་མཁན་པོ་བྱས། རྩངས་ཀྱིས་སློབ་དཔོན་བྱས། དམར་ཀྱིས་གསང་ཏེ་སྟོན་པ་བྱས་ནས། རྒྱ་ནག་གི་ཧབ་ཤང་སྐྱེ་བ། ཧ་ཤང་གིམ་འབག །བླ་ཆེན་པོ་གསུམ་རབ་དུ་ཕྱུང་ནས། བླ་ཆེན་པོ་ལ་དགེ་བ་གསལ་དུ་བཏགས་སོ། །དེ་ནས་ལོ་འགའ་ལོན་ནས། བྲུམ་འབར་བ་བྱ་བས་གསུམ་པོ་ལ་རབ་དུ་འབྱུང་པར་ཞུས་པས། གཡོ་ན་རེ་ཁོ་བོ་རྒས་པས་མཁན་བུ་མི་སྐྱོངས་པས། དགེ་བ་གསལ་གྱིས་མཁན་པོ་གྱིས་ལ་གནས་བཞི་ཚུགས། སྟན་པ་སྤེལ་ཞེས་གསུངས་པས། དགེ་བ་གསལ་ན་རེ་བདག་གིས་སྡོམ་པ་སླང་ནས་ལོ་ལྔ་ལས་མ་ལོན་པར་དེ་ལྟར་རུང་ངམ་ཞུས་པས། མཁན་སློབ་ལ་དྲི་མ་ཞད་གཅིག་འབྱུང་ཏེ། བསྡོམ་པ་ཀྱེ་བ་ལ་མི་སྣོད་པས་གྱིས་གཅིག་གསུངས་ནས། དགེ་བ་གསལ་གྱིས་མཁན་པོ་བྱས། རྩངས་ཀྱིས་སློབ་དཔོན་བྱས་སྟེ། བྲུམ་རབ་དུ་བྱུང་ཏེ་ཡེ་ཤེས་རྒྱལ་མཚན་དུ་ཏགས། གཞན་ཡང་ཡ་གོང་ཡེ་ཤེས་གཡུང་དྲུང་དང་། ཤོ་ཆུང་ལེགས་

220a

༄༅།       །རབ་དྲག་པ་དང་། སྣུབས་དཔལ་གྱི་བྱང་ཆུབ་དང་། རློན་འབར་བ་བྱང་ཆུབ་ལ་སོགས་པ་མང་པོ་ལ་བཀའ་དྲིན་གནང་ངོ་། །མདོ་སྨད་ནས་སྟན་པའི་མེ་རོ་བླང་པས་བླང་ཆེན་ཞེས་སོ། །གྲུམ་ཡེ་ཤེས་རྒྱལ་མཚན་གྱིས་ཀྱང་། ཡང་གོང་ཡེ་ཤེས་གཡུང་དྲུང་དང་བསྡེབ་ནས་ཀྱང་མཁན་སློབ་ཀྱི་གྲ་མཛད་པ་ན། སློབ་མ་རྣམས་ལ་དགེ་འདུན་གྱིས་ཆེད་དུ་ཞིང་རྨོ་བ་བཀག་གོ །ཕྱུག་སྲེལ་ཡང་མ་སྣང་། འོག་ཏུ་འདིང་པའི་དོམ་སྟན་ཡང་ཕྱུང་ངོ་། །བཙུན་པའི་ཕུལ་དུ་ཕྱིན་པས་མཚན་ཡང་ཨ་རྩ་ར་རྒྱ་ཡེ་ཤེས་རྒྱལ་མཚན་དུ་གྲགས་སོ། །སློབ་མ་རྣམས་ལ་བཙུན་རྒྱུད་དུ་གྲགས། བློན་འབར་བ་བྱང་ཆུབ་སླབ་པ་ལ་འཕན་འབྱུང་པར་དྲག་དེའི་བསྙེན་བསྐུར་སྤང་པས། ཞེ་སྡང་གི་བྲུམ་ཤིང་གླག་ཅན་དུ་དྲག །སྣུབས་དཔལ་གྱི་ཡེ་ཤེས་དང་སྡེབས་ནས། མཁན་སློབ་ཀྱི་སྡེ་ལོགས་སུ་མཛད་ནས། དགེ་འདུན་གྱིས་ཆེད་དུ་ཞིང་རྨེད་པ། ཕྱུག་སྲེལ་བ། ཚོང་བཀག་ཏེ། རྒྱལ་སྲིད་ཕྱེད་གནང་ནས། སློབ་མ་རྣམས་ལ་མཁས་རྒྱུད་དུ་དྲགས་སོ། །ཤབ་ཀྱི་སྔོན་མོ་ལུང་ནས་ཚོང་བཙུན་ཤེས་རབ་སེང་གེ། རྒྱན་གོ་རི་ཕུག་ནས་ལོ་སྟོན་རྡོ་རྗེ་དབང་ཕྱུག །ཤ་ཚ་ན་ཀླུ་མེས་ཤེས་རབ་ཚུལ་ཁྲིམས། འབྲི་ཡས་ནི་འབྲི་རྫི་ཀ་ར། རྦ་བཙུན་བློ་གྲོས་དབང་ཕྱུག །རག་ཤི་ཚུལ་ཁྲིམས་འབྱུང་གནས། སུམ་པ་ཡེ་ཤེས་བློ་གྲོས་རྣམས་ཀྱིས། བླ་ཆེན་པོ་ལ་སྡོམ་པ་སླང་སྐད་དོ། །དེ་ནས་ཡར་བྱོན་པའི་དུས་སུ། སྡེ་དང་མ་ལག་

220b

ཁྱུ་རིས་དང་རྐྱང་ཚན། ཆད་ལུག་སོ་སོར་མེད་པ་ལས། སྤུ་རངས་ནས་རྩད་པོ་ལྷ་བླ་མའི་གསེར་སློང་བྱུང་པའི་དུས་སུ། ཁྲལ་ཁ་སོ་སོ་དང་རིས་རིས་སུ་གྱེས་ཏེ། འདྲེ་ཚོ་སྟག་ནག་བྱེ་ཚང་ནས་གྱེས། ཚོང་ཚོ་མྱང་རོ་འདྲེ་བརྡས་ནས་གྱེས། ལོ་ཚོ་རྒྱན་གོང་རི་ཕུག་ནས་གྱེས། སྦ་ཚོ་དབུ་རག་ནས་གྱེས། རག་ཚོ་དགེ་རྒུལ་ནས་གྱེས། ཀླུ་མེས་ཀོ་ཆུ་ནས་གྱེས། སུམ་པ་ཀླུ་མེས་ཀྱི་ཕྱིར་འབྲངས་པས། འབྲིང་ཏེ་བྱ་བར་བརྡའོ། །དེ་བཞིན་དུ་ཁམས་ཀྱི་སོག་མོ་མི་དྲུག་གི་ཀྱང་བླ་ཆེན་ལ་སྡོམ་པ་སླང་ཏེ། ཡང་གོང་ཡེ་ཤེས་གཡུང་དྲུང་། སྤར་རིན་ཆེན་གསལ། ཇ་ཡེ་ཤེས་སེང་གེ། ཅོག་རོ་ཤེས་རབ་བྱང་ཆུབ། འལ་པ་རྡོ་རྗེ་བྱང་ཆུབ། སྣུབས་པ་ཤི་ཏ་ཆེན་པོའོ། །དེ་དྲུག་གི་ནང་ནས་མཁས་པ་མི་བཞི་བྱུང་ཏེ། ཡང་གོང་། འལ། སྣུབས། ལྕོག་རོ་བཞིའོ། །དེ་བཞིའི་སློབ་མ་སེ་བཙུན་དང་འགར་མིའོ། །དེ་གཉིས་ཀྱིས་སློབ་མ་ཁུ་སྟོན་བརྩོན་འགྲུས། དེ་ལས་རྒྱུད་པའི་སྦ་དགེ་མཐོང་ལགས་མང་དུ་བྱུང་ཏེ། ཉན་བཤད་ཀྱིས་སྲོལ་སྟོད་དོ། །སླབ་པའི་སྲོལ་ནི་ཀླུ་མེས། སུམ་པ། རྦ་ཚོང་གེ། ལོ་བཙུན་རྣམས་ཀྱིས་སྟན་པ་རྒྱས་པར་བྱས་སོ། །དེ་རྣམས་ཐམས་ཅད་ཀྱང་སྨོན་ལམ་གྱི་སྟོབས་ཅན་ཡིན་ཏེ། འབྲི་ཡེ་ཤེས་ཡོན་ཏན་གྱིས། དགོན་པ་བཟུང་ནས་གྲོང་ཁ་ལས་མཁན་པོ་མ་མཛད་པས་མཁན་པོ་ཉུང་སྐད་དོ། །ཀླུ་མེས་ཀྱིས་ཁམས་སུ་དགེ་ཚུལ་གྱི་སྡོམ་པ་ལས་

221a

༄༅།       །མ་ཐོབ་ཀྱང་དྲའི་ཀྱི་རུ་གཟུང་ཏེ་སློབ་མ་སྐྱང་མང་ངོ་། །སྦ་བཙུན་གྱིས་ཀྱང་མཁན་བུ་ཀྱང་ཏེ། སྦ་རག་གི་གནས་བརྟན་ཐམས་ཅད་སྡེ་བཟང་ལ་དྲག་གོ ། ལོ་བཙུན་གྱིས་རྒྱན་འགོང་གི་ལྷ་ཁང་གཟུང་ནས། འཁན་བུ་ཀྱང་། ཚོང་བཙུན་ཤབ་ཀྱི་སྒོ་ལྔ་གཟུང་ནས་མཁན་རྒྱས་སོ། །དེའི་ཚེ་ཁྱུང་པོ་སེང་གེ་རྒྱལ་མཚན་དང་། སྦས་རྒྱལ་བ་བློ་གྲོས་དང་། ངན་ལམ་རྒྱལ་བའི་དབང་པོ་དང་། སྔགས་པ་གསུམ་གྱིས་བཙུན་པ་འགའ་དང་འགྲོགས་ནས་འོང་པས། གོང་དུ་སྡེ་སྔགས་ཕྱག་མཉམ་དུ་རྗེ་བ་ལ། ལོ་བཙུན་སྦ་བཙུན་གཉིས་ཀྱིས་ཕྱག་ཐབས་ཀྱིས་ཕྲོག་པས། སྔགས་པ་གསུམ་སྙིང་མ་དགའ་སྟེ་མཐུ་བྱས་ནས། ལོ་བཙུན་ལ་ནུབ་གཅིག་ལ་ཐོག་གསུམ་ཏུད་ནས་བཏང་པས། ཁོས་གསུང་རབས་འོག་དུ་ཉལ་བས་མ་ཤི་ཏེ། དེར་མ་ཚུག་པར་སྟོད་མངའ་རིས་སུ་བྲོས་པའི་དུས་སུ་དཔལ་མོ་དཔལ་ཐང་ལ། འཇིག་རྟེན་གྱི་མཁའ་འགྲོ་མ་རྡོ་རྗེ་རབ་རྟན་དང་འཕྲད་དེ། ངས་མགོན་བྱ་ཡིས་ཟེར་སྐྱབས་ནས། མཁན་བུ་སྐྱངས་པས་རྩང་གི་ལོ་ཚོ་བྱུང་། སྦ་བཙུན་གྱིས་གྲོགས་ཀླུ་མེས་ཀྱི་བྱས་ཏེ། དབུས་སུ་སྡེ་སྔགས་ཀྱི་འཁྲུག་པ་བྱས་པས། སྔགས་པས་མ་ཐུབ་ནས། གཏད་བྱས་པས། སྦ་བཙུན་དང་ཀླུ་མེས་གཉིས་མཛེས་ཁྱེར་སྐད། དེ་ལྕག་པོ་བྱི་བའི་ལོ་ལ་ཆོས་སྣུབས་ནས་ས་ཕོ་བྱི་བའི་ལོ་ལ་མེ་རོ་བླང་ཏེ། དབུས་ཀྱི་སྡེ་དར་བ་ཡན་དུ་ལོ་སྐོར་དགུ་སོང་ངོ་། །བླ་ཆེན་ཁམས་

221b

པ་ཡིན་པས། ད་ལྟ་འཁམས་པ་ལ་ཨ་མིར་འབོད་པ་དེ་ལྟར་རོ། །ཕྱིས་རྒྱ་གར་ནས་སྟག་ཚོ་དང་དཔུང་ཚོ་ལ་སོགས་པ་ཤས་རྩམ་འཕེལ་ཏེ། བོད་ན་སྡོམ་པ་རིགས་གཉིས་ཡོད་དོ། །དེ་རྣམས་ཀྱི་ཆོས་ཀྱི་མེ་རོ་སླང་ལུགས་སྡེ་པའི་གྱེས་ལུགས་དང་བཅས་པ་རྒྱས་པར་ཐལ་ལོ། །