གསང་འདུས་ཆོས་འབྱུང་།
སྤྱི་དོན་གསུམ་པ། བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་རྒྱ་བོད་དུ་ཇི་ལྟར་དར་བའི་ཚུལ།
上一章
(སྤྱི་དོན་གསུམ་པ། བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་རྒྱ་བོད་དུ་ཇི་ལྟར་དར་བའི་ཚུལ།)
སྤྱི་དོན་གསུམ་པ་འདུས་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་རྒྱ་བོད་དུ་ཇི་ལྟར་དར་བའི་ཚུལ་ལ་ཡང་། འཕགས་ཡུལ་དུ་བྱོན་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་འཕགས་ཡུལ་དུ་ཇི་ལྟར་དར་བའི་ཚུལ་དང་། བོད་ཡུལ་དུ་བྱོན་པའི་བླ་མ་བརྒྱུད་པའི་རྣམ་ཐར་བསྟན་པའི་སྒོ་ནས་བོད་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གཉིས་ལས།