བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
མཆོད་བརྗོད།
上一章
下一章

(མཆོད་བརྗོད།)

གང་ཞིག་ཚོགས་གཉིས་རིན་ཆེན་འབྱུང་གནས་བརྩོན་འགྲུས་སྲུབ་ཤིང་གིས་བསྲུབས་པས། །སྐྱེ་དགུ་ཀུན་གྱི་རྒ་ཤི་སེལ་བའི་བདུད་རྩིའི་མཆོག་དེས་ཚིམ་མཛད་ཅིང་། །མཁྱེན་པའི་སྤྱན་སྟོང་རབ་ཏུ་རྒྱས་ཤིང་བརྩེ་བས་འཆི་མེད་གདུལ་བྱ་སྐྱོང་། །ནུས་པ་མཐའ་གཉིས་ལྷ་མིན་འཇིགས་པ་འཇོམས་མཛད་རྡོ་རྗེ་འཛིན་ལ་འདུད། །དཔལ་ལྡན་བླ་མ་དམ་པ་དང་། །མི་འགྱུར་བདེ་ཆེན་དུས་འཁོར་ལོ། །རྣམ་ཀུན་སྟོང་ཉིད་སྣ་ཚོགས་ཡུམ། །རོ་གཅིག་མཉམ་པ་ཉིད་ལ་འདུད། །