བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
དང་པོ། གསུང་བ་པོ་སྟོན་པ་གཏན་ལ་དབབ་པ།
上一章
下一章

(དང་པོ། གསུང་བ་པོ་སྟོན་པ་གཏན་ལ་དབབ་པ།)

དེ་ལ་དང་པོ་ལ་གང་ཟག་གང་ཞིག་ལམ་གང་ལས་འབྲས་བུ་ཡོན་ཏན་གྱི་མཆོག་མངའ་བརྙེས་ཤིང་སངས་རྒྱས་པའི་ཚུལ་ནི། གང་ཟག་རིགས་དང་ལྡན་བས་ལམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་ཚོགས་བསགས་ཏེ། སེམས་ཅན་ཡོངས་སུ་སྨིན་པར་བྱས། ཞིང་ཡོངས་སུ་དག་པར་བྱས། སྨོན་ལམ་ཡོངས་སུ་རྫོགས་པར་བྱས་ནས་འབྲས་བུ་ཡོན་ཏན་གྱི་མཆོག་དོན་གཉིས་མཐར་ཐུག་པའི་སངས་རྒྱས་མངོན་སུམ་དུ་བྱེད་པ་ཡིན་ནོ། །སངས་རྒྱས་དེ་ཉིད་གདུལ་བྱའི་ངོར་སྣང་ཚུལ་ལ་གཉིས་ཏེ། དག་པ་དང་། མ་དག་པའི་གདུལ་བྱ་ལ་སྣང་ཚུལ་ལོ། །