བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡. སེམས་བསྐྱེད་ཚུལ།
上一章
(༡. སེམས་བསྐྱེད་ཚུལ།)
དང་པོ་ནི་སྔོན་རྒྱལ་པོ་འོད་ལྡན་དུ་གྱུར་པ་ན། སངས་རྒྱས་རྣམས་ཀྱི་སྟོབས་བརྩོན་འགྲུས་ཐོས་ནས། སྦྱིན་བ་དག་བྱིན། བསོད་ནམས་དག་བྱས་ཏེ། བླ་ན་མེད་བའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ། སྦྱིན་བ་རྒྱ་ཆེན་གྱུར་བ་འདི་ཡིས་སུ། ། ཞེས་སོགས་ཀྱི་སྨོན་ལམ་བཏབ་སྟེ་དང་པོར་སེམས་བསྐྱེད་དོ། །