བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༣. ཐ་མ་སངས་རྒྱས་ཚུལ།
上一章
下一章

(༣. ཐ་མ་སངས་རྒྱས་ཚུལ།)

གསུམ་པ་ནི། དགའ་ལྡན་ནས་འཕོས་དོན་གྲུབ་གཞོན་ནུར་སྐུ་འཁྲུངས་ཤིང་འཛམ་བུའི་གྲིབ་མ་ལ་བསམ་གཏན་བཞི་མངོན་དུ་མཛད་པའི་བར་ནི་སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་བཅས་པ་ཡིན་ལ། དེ་ཚུན་ཆད་འཆིང་བ་ཕྱོགས་བྲལ་ཡིན་ནོ། །དེ་ནས་བཙུན་མོའི་འཁོར་སྤངས་ནས་རབ་ཏུ་བྱུང་། དཀའ་བ་སྤྱད། བྱང་ཆུབ་ཀྱི་སྙིང་པོར་གཤེགས་ཏེ་བདུད་བཏུལ་ནས་བསམ་གཏན་བཞི་པའི་དངོས་གཞི་ལ་བརྟེན་ནས་ཚོགས་ལམ་གྱི་ལྷག་མ་དང་སྦྱོར་ལམ་དང་མཐོང་སྒོམ་གྱི་ལམ་གྱི་སྐད་ཅིག་མ་སོ་བཞིས་ཐོ་རངས་སྐྱ་རེང་འཆར་ཁར་མངོན་པར་རྫོགས་པར་སངས་རྒྱས་པ་ལ་འདོད་དེ། མཛོད་ལས། སྟོན་དང་བསེ་རུ་བྱང་ཆུབ་པར། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །ཞེས་སོ། །དེ་ནས་ཀུན་ཤེས་ནས་རབ་བཟང་གི་བར་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཏེ་ལྷག་མེད་དུ་མྱ་ངན་ལས་འདས་པར་འདོད་དོ། །