བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
གསུམ་པ། རྡོ་རྗེ་ཐེག་པའི་ལུགས།
上一章
下一章

(གསུམ་པ། རྡོ་རྗེ་ཐེག་པའི་ལུགས།)

གསུམ་པ་ལ། བྱ་བ་དང་སྤྱོད་པའི་རྒྱུད་ཀྱི་ལུགས་ཀྱི་སངས་རྒྱས་ཚུལ་ནི་ཕལ་ཆེར་ཕྱི་མཚན་ཉིད་དང་འཐུན་པས་ལོགས་སུ་མི་གསུང་། རྣལ་འབྱོར་གྱི་རྒྱུད་ཀྱི་ལུགས་ཀྱི་བྱང་སེམས་དོན་གྲུབ་བྱང་ཆུབ་ཀྱི་སྙིང་པོར་བཞུགས་པ་ལ་སངས་རྒྱས་རྣམས་ཀྱིས་བསྐུལ་ནས་མི་གཡོ་བའི་ཏིང་ངེ་འཛིན་ལས་བཞེངས་ཏེ། སེམས་སྐྱེད་བསྐྱེད་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་ནས། མངོན་པར་རྫོགས་པར་སངས་རྒྱས་པར་དེ་ཉིད་བསྡུས་པའི་རྒྱུད་ནས་གསུངས་པ་ལ། ཤཱཀྱ་བཤེས་གཉེན་

8a

༄༅།      །ལ་སོགས་པ་རྣམས་ཟས་གཙང་གི་སྲས་པོ་དོན་གྲུབ་ཆུ་བོ་ནེ་རན་ཛ་ནའི་འགྲམ་དུ་དཀའ་ཐུབ་མཛད་པའི་ཚེ་སངས་རྒྱས་ཀྱིས་བསྐུལ་བས་ཡེ་ཤེས་ཀྱི་ལུས་འོག་མིན་དུ་བྱོན་ཏེ་སངས་རྒྱས་རྣམས་ཀྱིས་དབང་བསྐུར་ནས་སངས་རྒྱས་པར་བཞེད་པ་ལ་སློབ་དཔོན་ཀུན་དགའ་སྙིང་པོས་བསྐལ་པ་གྲངས་མེད་གསུམ་དུ་སྐྱེ་བ་སྣ་ཚོགས་བཞེས་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པར་མཛད་ནས། བསམ་གཏན་དང་གཟུགས་མེད་པའི་སྙོམ་པར་འཇུག་པ་བསྐྱེད་དེ། བསམ་གཏན་བཞི་པའི་ཆེན་པོའི་ཡང་ཆེན་པོ་བསྐྱེད་ནས་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཡིད་ཀྱི་རང་བཞིན་གྱི་ལུས་ཅན་གྱི་སྲིད་པ་ཐ་མར་མཛད་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་ཅོད་པན་དང་དར་དཔྱངས་ཀྱི་དབང་བསྐུར་བ་ཐོབ་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་འཚང་རྒྱ་བར་བྱའོ། །ཞེས་དགོངས་ནས་དབུགས་རྔུབ་པ་དང་། འབྱུང་བ་བཀག་སྟེ། བཅོམ་ལྡན་འདས་དོན་ཐམས་ཅད་གྲུབ་པ་འོག་མིན་གྱི་གནས་བྱང་ཆུབ་ཀྱི་སྙིང་པོ་ན་བཞུགས་པ་གང་ན་བ་དེར་གཤེགས་ཤིང་བཞུད་ནས་འདི་སྐད་གསུངས་པ་ཡིན་ནོ། །བཅོམ་ལྡན་འདས་བསྐལ་པ་བསམ་གྱིས་མི་ཁྱབ་པར་མངོན་པར་རྫོགས་པར་སངས་རྒྱས་ནས་ཤཱཀྱའི་རིགས་སུ་སྐྱེ་བ་སྟོན་པར་མཛད་དོ་ཞེས་གསུངས་པ་ན། ཤཱཀྱའི་རིགས་སུ་སྐྱེ་བ་བཞེས་ནས་ཞེས་བྱ་བ་འདི་དེ་ལ་མི་རིགས་སོ། །ཞེས་ཟས་གཙང་གི་སྲས་སུ་སྐྱེས་ནས་གདོད་བྱང་ཆུབ་པ་མ་ཡིན་གྱི། དེའི་སྔོན་རོལ་དུ་བྱང་ཆུབ་པར་བཤད་དོ། །དེ་བཞིན་དུ་གསང་བ་འདུས་པ་བ་ཁ་ཅིག་ཀྱང་། ཤཱཀྱ་བཤེས་གཉེན་དང་འཐུན་པར་འདོད་དེ། དེ་ནི་དྲང་དོན་དུ་

8b

ཚུལ་བསྟན་པ་ཡིན་གྱི། ངེས་པའི་དོན་དུ་སྔོན་དུ་སངས་རྒྱས་ཀྱི་གོ་འཕངས་བརྙེས་ནས། སྤྲུལ་པའི་སྐུས་འདུལ་བའི་སེམས་ཅན་གྱི་དོན་དུ་ཟས་གཙང་གི་སྲས་དོན་གྲུབ་ཏུ་སྐྱེས་ནས་བྱང་ཆུབ་པའི་ཚུལ་བསྟན་པ་ཡིན་ཏེ་སྒྲོན་གསལ་དུ་ཐུན་མོང་མ་ཡིན་བའི་གསང་བ་ནས་ལུང་དྲངས་པར། དེ་ནས་གཞན་ཡང་ཐམས་ཅད་མཁྱེན་པའི་ཁོར་ཕུན་སུམ་ཚོགས་པར་བཤད་པར་བྱའོ། །འདི་ལྟ་སྟེ། འཇམ་དཔལ་ནི་རྒྱལ་པོ་ཆེན་པོ་ཟས་གཙང་མར་གྱུར་ཏོ། །འཇིག་རྟེན་དབང་ཕྱུག་ནི་ལྷ་མོ་ཆེན་མོ་སྒྱུ་འཕྲུལ་དུ་གྱུར་ཏོ། །དཔལ་ལྷ་མོ་ནི་གྲགས་འཛིན་ནོ། །རྡོ་རྗེ་སེམས་དཔའ་ནི་སྒྲ་གཅན་འཛིན་ནོ། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ནི་ཤཱ་རིའི་བུའོ། །ཀུན་ཏུ་བཟང་པོ་ནི་གནས་བརྟན་ཀུན་དགའ་བོར་གྱུར་ཏོ། །ལྷའི་དབང་པོ་བརྒྱ་བྱིན་ནི་གནས་བརྟན་ལྷ་སྦྱིན་ནོ། །རྣམ་པར་སྣང་མཛད་ཆེན་པོ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་ཏོ་ཞེས་གསུངས་སོ། །འོ་ན་རྣམ་བཞག་རིམ་པར། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའ་དགའ་ལྡན་ནས་ཡུམ་གྱི་ལྷུམས་སུ་འཇུག་ཅེས་པ་དང་འགལ་ཞེ་ན། དེ་ནི་ཚུལ་བསྟན་པ་ལ་དགོངས་པ་ཡིན་ནོ། །དེ་བཞིན་དུ་རྣལ་འབྱོར་མ་རྒྱུད་རྣམས་ཀྱིས་ཀྱང་སྔོན་དུ་སངས་རྒྱས་པ་ཉིད་འདིར་ཚང་རྒྱ་བའི་ཚུལ་སྟོན་པར་བཞེད་དེ། རི་གི་ཨ་ར་ལིའི་རྒྱུད་ལས། རྒྱལ་པོ་ཆེན་པོ་ཟས་གཙང་མ། །ཨ་ར་ལིར་ནི་ཡང་དག་བཤད། །དེར་ནི་རིག་གི་སྒྱུ་མ་ཆེ། །འགྲོ་བ་ཤེས་རབ་ཐབས་བདག་ཉིད། །དོན་གྲུབ་ཡང་ནི་རྡོ་རྗེ་སེམས། །མཆོག་ཏུ་དགའ་

9a

༄༅།       །བ་བདེ་བ་ཆེ། །ཞེས་གསུངས་སོ། །དེ་ནས་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོའི་རྒྱུད་ཐུན་མོང་བའི་ལུགས་ཀྱིས། གང་ཟག་སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་དེ་གནས་འོག་མིན་ཆེན་པོར་ལམ་ཟབ་ལམ་ཐུན་མོང་མ་ཡིན་པའི་ལམ་ལ་བརྟེན་ནས། མངོན་པར་བྱང་ཆུབ་པ་རྣམ་པ་ལྔས་ལོངས་སྤྱོད་རྫོགས་པའི་སྐུར་མངོན་པར་རྫོགས་པར་སངས་རྒྱས་ནས་འབྲས་བུ་མི་འཕྲོག་ཡོན་ཏན་གྱི་ཆོས་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ། །ཁྱད་པར་དུས་ཀྱི་འཁོར་ལོ་པའི་ལུགས་ཀྱིས། རྟེན་ཁམས་དྲུག་དང་ལྡན་པའི་སྐྱེས་བུ་ཆེན་པོ་གང་ཟག་ཉིད་ལམ་ནི་དུས་ཀུན་དུ་ནི་བྱང་ཆུབ་སེམས་ཀྱང་འགྲོ་བ་དང་ནི་འགྲོ་བར་འདོད་པ་རྣམ་པ་གཉིས་སུ་འགྱུར། །ཞེས་པས། སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དབང་བསྐུར་བདུན་པོ་འདི་དག་ནི། །དཀྱིལ་འཁོར་བཞེངས་ནས་སྦྱིན་པར་བྱ། །ཞེས་པ་ལྟར་བྱིས་པ་འཇུག་པའི་དབང་བདུན་དང་། འདིར་ནི་དབང་བསྐུར་རྣམ་པ་གཉིས་ཀྱང་བུ་ཡི་ཡོན་ཏན་དབང་གིས་འཇིག་རྟེན་འཇིག་རྟེན་འདས་པའོ། །ཞེས་པ་ལྟར་དབང་གོང་མ་རྣམ་པ་གཉིས་ལེགས་པར་བླངས། འདུས་པའི་རྒྱུད་ཕྱི་མ་ལས། རྡོ་རྗེ་རྣམ་བཞི་འདི་དག་ཉིད། །ཐ་མལ་སྒྲུབ་པ་བསྙེན་པ་བྱ་ཞེས་བཤད་པ་ལྟར། བསྐྱེད་པའི་རིམ་པ་ལ་བརྟེན་ནས་འོག་མིན་གྱི་མཐར་ཐུག་པའི་འཇིག་རྟེན་པའི་དངོས་གྲུབ་བསྒྲུབས་ཤིང་བསོད་ནམས་ཀྱི་ཚོགས་བསགས་ལས་ཀྱི་ཕྱག་རྒྱ་ཡོངས་སུ་དོར། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། །ཞེས་པ་ལྟར་ལམ་དམན་པ་རྣམས་སྤངས། །ཕྱག་རྒྱ་ཆེ་ལ་ཡང་དག་སྐྱེས། །ལྷན་སྐྱེས་

9b

གཞན་དང་འགྲོགས་པ་མིན། །ཞེས་པ་ལྟར། ཕྱག་རྒྱ་ཆེན་པོའི་ལམ་ལ་བརྟེན་ཏེ། འདུས་པའི་རྒྱུད་ཕྱི་མར། མཆོག་གི་ཡེ་ཤེས་བདུད་རྩི་ཉིད། །སྦྱོར་བ་དྲུག་གིས་བྱ་བ་ཡིན་ཞེས་པ་ལྟར། ལམ་སྦྱོར་བ་ཡན་ལག་དྲུག་ལ་ལེགས་པར་བསླབས་ཏེ། དུས་སྦྱོར་བཅུ་གཉིས་ཀྱི་རླུང་འགགས་པ་བཅུ་གཉིས་རྫོགས་པར་བྱས་ཏེ། གནས་འོག་མིན་ནམ། ཆོས་ཀྱི་དབྱིངས་བདེ་བ་ཆེན་པོའི་གནས་སུ། འབྲས་བུ་ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་དེ་ཆོས་ཀྱི་སྐུར་གྱུར་པ། ཞེས་པ་ལ་སོགས་པའི་སྐུ་བཞིའི་བདག་ཉིད་དུ་སངས་རྒྱས་ཏེ། ཡོན་ཏན་གྱི་ཆོས་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པ་ཐབས་ཤེས་རབ་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པར་སངས་རྒྱས་པ་ཡིན་ནོ། །དེ་ནས་སྤྲུལ་སྐུས་གདུལ་བར་བྱ་བའི་དོན་དུ། འཛམ་བུའི་གླིང་དུ་སངས་རྒྱས་པར་བསྟོན་པ་ནི། འདི་རྣམས་དགྲོལ་བའི་སླད་དུ་སྲས་དང་བཅས་པ་རྒྱལ་བའི་བདག་པོ་ལས་ཀྱི་སར་ནི་རབ་ཞུགས་ཏེ། །མངལ་ནི་རབ་ཏུ་བཟུང་བ་མཛད་ཅིང་མཆོག་གི་ཐུགས་རྗེ་དག་གིས་བྱང་ཆུབ་སྐྱེད་པ་མཛད་ནས་ནི། །ཉོན་མོངས་དང་ནི་བདུད་རྣམས་བཅོམ་ནས་ས་ཡི་སྟེང་གི་གནས་སུ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །སྤྲུལ་པ་སྒྱུ་མ་མཛད་ནས་སླར་ཡང་བཅོམ་ལྡན་འདས་ནི་དག་པའི་སྐུ་ཅན་དེ་ཉིད་ཁོ་ནའོ། །ཞེས་གསུངས་ཤིང་། དྲི་མེད་འོད་ལས་ཀྱང་། སངས་རྒྱས་བཅོམ་ལྡན་འདས། སྔར་ས་བཅུ་གཉིས་ཀྱི་དབང་ཕྱུག་ཏུ་གྱུར་པ་མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་བ་སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་དང་ལྡན་བ་འཕགས་པའི་ཡུལ་ལུམ་བི་ནིར་ཤཱཀྱའི་རིགས་མིའི་དབང་པོ་ཟས་གཙང་

10a

༄༅།       །མའི་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་ལྷུམས་ནས་བལྟམས་པ་ནི་གཞོན་ནུ་དོན་གྲུབ་པ་ཡིན་ལ། ཞེས་གསུངས་པས་སངས་རྒྱས་ཉིད་ཟས་གཙང་གི་སྲས་སུ་སྐུ་སྐྱེ་བ་བསྟན་ཁབ་བཞེས་པ་དང་ཁབ་ནས་འབྱུང་བ་དང་དཀའ་བ་སྤྱད་པ་དང་བདུད་འཇོམས་པའི་ཚུལ་བསྟན་ནས། འཕགས་པའི་ཡུལ་དུ་ས་གའི་ཟླ་བའི་ཉའི་སྐྱ་རེངས་འཆར་བའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ཏོ། །