བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༢. སྡུད་པ་པོས་བསྡུས་ཚུལ།
上一章
下一章

(༢. སྡུད་པ་པོས་བསྡུས་ཚུལ།)

གཉིས་པ་བཀའ་བསྡུ་བ་དང་པོ་ནི། དུས་ནི་སྟོན་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་སྐུ་འདས་པའི་ཕྱི་དེ་དབྱར་པོ་དབྱར་གྱི་ནང་དུ་གནས་ཤིང་ནྱ་གྲོ་དྷའི་ཕུག་ཏུ། དགོས་པ་ལྷ་རྣམས་ཀྱི་འཕྱ་བ་བསལ་བ་དང་བསྟན་པ་ཡུན་རིང་དུ་གནས་པའི་ཆེད་དུ། བཀའ་སྡུད་པ་པོ་ཀུན་དགའ་བོས་མདོ་སྡེ། ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུང་གིས་མངོན་པ་བསྡུས་སོ། །བཀའ་བསྡུ་བ་གཉིས་པ་ནི་དུས་སྟོན་པ་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན།

10b

གནས་ཡངས་པ་ཅན་གྱི་ཀུམ་པུ་རིའི་གཙུག་ལག་ཁང་དུ། དགོས་པ་རུང་བ་མ་ཡིན་བའི་གཞི་བཅུ་བསལ་བའི་ཕྱིར། སྦྱིན་བདག་ཆོས་རྒྱལ་མྱ་ངན་མེད་ཀྱི་བྱས་ཏེ། སྡུད་པ་པོ་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་བསྡུ་བ་གཉིས་པ་བྱས་སོ། །བསྡུ་བ་གསུམ་པ་ལ་མི་འཐུན་པ་འགའ་རེ་སྣང་ཞིང་། དགོས་པ་གྱེས་པ་བཅོ་བརྒྱད་བཀའ་མ་ཡིན་པའི་དོགས་པ་གསལ་བའི་ཕྱིར། དུས་སྟོན་པ་འདས་ནས་ལོ་སུམ་བརྒྱ་ན། གནས་ཁ་ཆེའི་ཡུལ་ཀུན་པ་ན་ཞེས་བྱ་བའི་དགོན་པར་སྦྱིན་བདག་ཛཱ་ལནྡྷ་རའི་རྒྱལ་པོ་ཀ་ནི་ཀས་བྱས་ཏེ། སྡུད་པ་པོ་པུཪྞི་ཀ་ལགས་པ་དགྲ་བཅོམ་པ་ལྔ་བརྒྱ། བ་སུ་མི་ཏྲ་ལས་སོགས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ། སོ་སོ་སྐྱེ་བོའི་པཎྜི་ཏ་ཉིས་བརྒྱ་ལྔ་བཅུའམ་ཁྲི་དྲུག་སྟོང་འདུས་ནས་བསྡུ་བ་གསུམ་པ་མཛད་དེ་སྡེ་པ་བཅོ་བརྒྱད་བཀར་བསྒྲུབས་སོ། །ཞེས་གྲག་གོ། །