བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༢. བར་དུ་བསྡུས་ཚུལ།
上一章
下一章

(༢. བར་དུ་བསྡུས་ཚུལ།)

གཉིས་པ་ནི་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་ལ་སྭ་བྷཱ་ཝཱ་ཞེས་པའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ་འཇམ་དཔལ་གྱིས་མངོན་བ། བྱམས་པས་འདུལ་བ། ཕྱག་ན་རྡོ་རྗེས་མདོ་སྡེ་བསྡུས་སོ་ཞེས་གྲག་གོ། །ཏོག་གེ་འབར་བ་ལས་ཐེག་པ་ཆེན་པོ་སངས་རྒྱས་ཀྱིས་གསུངས་པ་ཡིན་ཏེ། རྩ་བའི་སྡུད་པར་བྱེད་པ་པོ་ཀུན་ཏུ་བཟང་པོ་དང་འཇམ་དཔལ་དང་གསང་བའི་བདག་པོ་དང་བྱམས་པ་ལ་སོགས་པ་རྣམས་ཀྱིས་བསྡུས་པའི་ཕྱིར་རོ། །ཞེས་འབྱུང་ཞིང་། འབུམ་ཏིག་ཏུའང་ཕྱག་རྡོར་སངས་རྒྱས་སྟོང་གི་བཀའ་བསྡུད་པ་པོར་གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ནས་བཤད་ཅིང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་དུའང་ཕྱག་ན་རྡོ་རྗེ་བཀའ་

12a

༄༅།       །སྡུད་པ་པོར་བཤད་པས་ཕྱག་རྡོར་གྱིས་བྱམས་པ་ལ་སོགས་པ་རྣམས་ལ་འདི་སྐད་བདག་གིས་ཐོས་པ་ཞེས་བཀའ་བསྡུ་བ་བྱས་པར་བཞེད་དོ། །བརྒྱད་སྟོང་འགྲེལ་པར་ཤེར་ཕྱིན་གྱི་མདོ་སྡེ་ཀུན་དགའ་བོས་བསྡུས་པར་བཞེད་དོ། །ཟླ་བ་གྲགས་པས་ཀུན་དགའ་བོ་དང་ཕྱག་རྡོར་གཅིག་པར་བཞེད་དོ། །