བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡. ཐེག་པའི་སྒོ་ནས་དབྱེ་བ།
上一章
(༡. ཐེག་པའི་སྒོ་ནས་དབྱེ་བ།)
དང་པོ་ནི་སངས་རྒྱས་ཀྱི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་། གཙོ་བོ་ཐེག་པ་གསུམ་དུ་འདུས་ལ། དེ་ལ་ཡང་རང་སངས་རྒྱས་ཀྱི་ཐེག་པ་ལ་སྡེ་སྣོད་ལོགས་ན་མེད་པས། དམན་པ་ཉན་ཐོས་ཀྱི་སྡེ་སྣོད་དང་། ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་སུ་འདུས་ཏེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང་ཞེས་སོ། །