བུ་སྟོན་ཞབས་ཀྱིས་མཛད་པའི་དུས་འཁོར་ཆོས་འབྱུང་།
༡༽. མཚན་བསྒྱུར་བ།
上一章
(༡༽. མཚན་བསྒྱུར་བ།)
དང་པོ་ནི། རྒྱ་གར་སྐད་དུ་ཞེས་པ་ནི། ཡུལ་རྒྱ་གར་བའི་མི་རྣམས་ལ་སྐད་རིགས་བཞི་ཡོད་པའི་ནང་ནས་སཾ་སྐྲི་ཏ་ལྷའི་སྐད་ལ་ཞེས་པའོ། །བོད་སྐད་དུ་ཞེས་པ་ནི་བོད་ཡུལ་གྱི་མི་རྣམས་ཀྱི་སྐད་ལ་ཞེས་པའོ། །པ་ར་མ་ནི་མཆོག་གི །ཨཱ་དི་ནི་དང་པོ། བུད་དྷ་ནི་སངས་རྒྱས། ཨུད་དྷྲིད་ནི་ཕྱུང་བ། ཤྲཱི་ཀཱ་ལ་ཙཀྲ་ནི་དཔལ་དུས་ཀྱི་འཁོར་ལོ། ནཱ་མ་ནི་ཞེས་བྱ་བ། ཏན་ཏྲ་ནི་རྒྱུད། རཱ་ཛ་ནི་རྒྱལ་པོའོ། །འགྲེལ་པར་ཡང་། བི་མ་ལ་ནི་དྲི་མ་མེད་པ།
51b
པྲ་བྷ་ནི་འོད། ནཱ་མ་ནི་ཞེས་བྱ་བ། མཱུ་ལ་ནི་རྩ་བ། ཏན་ཏྲ་ནི་རྒྱུད། ཨ་ནུ་པཱ་རི་ཎཱི་ནི་རྗེས་སུ་འཇུག །དྭ་ད་ཤ་སཱ་ཧ་སྲི་ཀཱ་ནི་སྟོང་ཕྲག་བཅུ་གཉིས་པ། ལ་གྷུ་ནི་བསྡུས་པ། ཀཱ་ལ་ཙཀྲ་ཏན་ཏྲ་རཱ་ཛ་ནི་སྔར་བཞིན། ཊཱི་ཀཱ་ནི་འགྲེལ་བཤད་དོ། །