༄༅། །བཀའ་ཐང་སྡེ་ལྔ།
ལེའུ་གཉིས་པ། ཡི་དྭགས་ཀྱི་འགྲོ་དོན་མཛད་པའི་ལེའུ།
上一章
(ལེའུ་གཉིས་པ། ཡི་དྭགས་ཀྱི་འགྲོ་དོན་མཛད་པའི་ལེའུ།)
རང་བྱུང་སྐུ་བལྟམས་རྒྱལ་བའི་གསང་གནས་ནས༔ ཡི་གེ་པྲེ་སེར་ཡི་དྭགས་གནས་སུ་འཕྲོས༔ འཛིན་ཆགས་མེད་པའི་རྫུ་འཕྲུལ་ཆེན་པོ་སྟོན༔ རྣམ་པར་སྣང་བྱེད་སྦྱིན་པ་དྲུག་ལ་སྤྱོད༔ འཁྲུལ་པ་མེད་པའི་ཤེས་རབ་གསུམ་དང་ལྡན༔ དབང་པོའི་བདེ་བ་འཕགས་པའི་ནོར་
1-4a
༄༅༔ ༔བདུན་སྐྱོང་༔ ཡེ་ཤེས་སྤྱན་གྱིས་གཟིགས་པའི་ཡི་དྭགས་གནས༔ ཤན་ཏ་རཀྵི་ཅི་བཞེད་ནམ་མཁའ་མཛོད༔ བཀྲེས་སྐོམ་མི་བདེའི་སྡུག་བསྔལ་ཀུན་ལས་ཐར༔ གཤོར་བ་གཞོན་ནུ་གདུག་པའི་སེམས་ནི་ཞི༔ སུ་ནི་ཏྲ་ནི་འདོད་དགུ་ཆར་དུ་དབབ༔ པདྨ་བཛྲ་རྣག་ཁྲག་ཕྱི་སྒྲིབ་སེལ༔ ཌོཾ་བྷི་ཧེ་རུས་ཡི་དྭགས་ནང་སྒྲིབ་འཁྲུ༔ པདྨ་དཀར་པོ་དཀོན་ཅོག་ནོར་འཕགས་འདུལ༔ པདྨ་དྷཱུ་ཏཱིས་སྤྱི་མཐུན་སྒྲིབ་པ་སྦྱོང་༔ མི་ལོ་ཁྲི་དང་ལྔ་སྟོང་འགྲོ་དོན་མཛད༔ ཡི་དྭགས་ཀྱི་འགྲོ་དོན་མཛད་པའི་ལེའུ་སྟེ་གཉིས་པའོ༔ ༔ ཐྲཐཉྲརྦྱ།རྦྱ།༔