༄༅། །བཀའ་ཐང་སྡེ་ལྔ།
ལེའུ་གསུམ་པ། དུད་འགྲོའི་དོན་མཛད་པའི་ལེའུ།
上一章
下一章

(ལེའུ་གསུམ་པ། དུད་འགྲོའི་དོན་མཛད་པའི་ལེའུ།)

མཚན་དང་དཔེ་བྱད་ལྡན་པའི་ལྟེ་བ་ནས༔ ཡི་གེ་ཏྲི་ནག་དུད་འགྲོའི་གནས་སུ་འཕྲོས༔ རྨིག་པ་ཁ་དབྲག་རྨིག་ཟླུམ་སྡེར་ཆགས་དང་༔ འགྲེང་བུ་དང་ནི་འདབ་ཆགས་དུད་འགྲོའི་རིགས༔ སེང་གེ་རབ་བརྟན་གཏི་མུག་ཁྱུ་གླིང་འདྲེན༔ རེས་ཀ་ཚོགས་འཁོར་རེས་ཀ་བཅུད་ལེན་མཛད༔ དུད་འགྲོ་

1-4b

ཀླུ་ཡི་རིགས་བྱེད་ངེས་མེད་ཚོགས༔ སྲིད་པའི་འབྱུང་གནས་བདུད་རྩིའི་བཅུད་ལེན་མཛད༔ བདེ་བའི་འབྱུང་གནས་ཤ་ཡི་བཅུད་ལེན་མཛད༔ དག་པའི་འབྱུང་གནས་སྨན་གྱི་བཅུད་ལེན་མཛད༔ གཏེར་གྱི་འབྱུང་གནས་ནམ་མཁའི་བཅུད་ལེན་མཛད༔ ཤིན་ཏུ་འབྱུང་གནས་ཆུ་ཡི་བཅུད་ལེན་མཛད༔ བུདྡྷ་འབྱུང་གནས་ས་ཡི་བཅུད་ལེན་མཛད༔ དབང་གི་འབྱུང་གནས་རྡོ་ཡི་བཅུད་ལེན་མཛད༔ འཕྲིན་ལས་འབྱུང་གནས་རླུང་གི་བཅུད་ལེན་མཛད༔ ལ་ལ་འདབ་ཆགས་ལ་ལ་སྡེར་ཆགས་ཁྲི༔ ལ་ལ་རྨིག་ཟླུམ་ལ་ལ་ཁ་དབྲག་ཁྲི༔ དུད་འགྲོའི་འགྲོ་དོན་མཛད་པའི་ལེའུ་སྟེ་གསུམ་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔