༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཞི་པ། མིའི་འགྲོ་དོན་མཛད་པའི་ལེའུ།
上一章
下一章

(ལེའུ་བཞི་པ། མིའི་འགྲོ་དོན་མཛད་པའི་ལེའུ།)

གཞན་སྣང་ཟིལ་གྱིས་གནོན་པའི་ཐུགས་ཀ་ནས༔ ནྲྀ་ཡིག་ལྗང་གུ་མི་ཡུལ་གླིང་བཞིར་འཕྲོས༔ ལྷ་མི་ཀུན་བསྟོད་ཨོ་རྒྱན་པདྨ་འབྱུང་༔ སྐལ་ལྡན་ཐམས་ཅད་ཐར་པའི་ལམ་ལ་འདྲེན༔ མཚོ་སྐྱེས་རྡོ་རྗེ་དུག་ལྔའི་ས་བོན་ཟད༔ པདྨ་རྒྱལ་པོ་ལེགས་པའི་ཡོན་

1-5a

༄༅༔       ༔ཏན་ཚང་༔ པདྨ་སམྦྷ་མོས་གུས་ཅན་བྱིན་རློབ༔ རྡོ་རྗེ་གྲོ་ལོད་ཐབས་ལམ་གནད་དང་བཅས༔ ཉི་མ་འོད་ཟེར་ཉམས་རྟོགས་ཁོང་ནས་ཤར༔ ཤཱཀྱ་སེང་གེ་སྡུག་བསྔལ་བདེ་ཆེན་བསྒྱུར༔ སེང་གེ་སྒྲ་སྒྲོག་ལྷ་འདྲེ་མི་གསུམ་འདུལ༔ བློ་ལྡན་མཆོག་སྲེད་ཡེ་ཤེས་སྐུ་ལྔར་ལྡན༔ སྐུ་གཅིག་མཚན་བརྒྱད་འཁོར་བའི་གཞི་རྩ་གཅོད༔ དྲང་དོན་རྒྱུ་འབྲས་སྤྱོད་པ་མས་ཀྱིས་འཛེག༔ ལྟ་བ་ཡས་འབུབ་ཡིན་ལུགས་ཐོག་ཏུ་གོ༔ རིག་པའི་གནས་འཇུན་སེམས་ལ་སྒོམ་མེད་འཆར༔ ཆོས་སྐུ་རང་ངོ་འཕྲོད་པར་དཔེ་ཡིས་སྟོན༔ ཅེར་ཕོག་སེམས་ལ་གནས་ལུགས་དཔེ་དོན་འདས༔ ཨོ་རྒྱན་པདྨ་འབྱུང་གནས་ཨོ་རྒྱན་དང་༔ རྒྱ་བོད་འཛམ་བུ་གླིང་གི་རྒྱན་ཆེན་འདི༔ ཉི་མ་ཟླ་བ་ལྟ་བུར་ཀུན་ལ་གྲགས༔ མིའི་འགྲོ་དོན་མཛད་པའི་ལེའུ་སྟེ་བཞི་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔