༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བདུན་པ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཆེ་བ་བཞི་བཅུའི་ལེའུ།
上一章
下一章

(ལེའུ་བདུན་པ། ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཆེ་བ་བཞི་བཅུའི་ལེའུ།)

གཉིས་པ་བརྒྱད་ལྔ་ཆེ་བའི་མཛད་པ་ནི༔ སྐུ་ཡི་ཆེ་བ་བརྒྱད་དང་གསུང་གི་བརྒྱད༔ ཐུགས་ཀྱི་ཆེ་བརྒྱད་ཡོན་ཏན་འཕྲིན་ལས་བརྒྱད༔ དང་པོ་སྐུ་ཡི་ཆེ་བ་བརྒྱད་ལ་ནི༔ ཕ་མའི་རྒྱུ་རྐྱེན་མ་བསྐྱེད་སྐུ་བལྟམས་ཚེ༔ རྒྱལ་སར་དབྱུང་བའི་ཆོ་ག་མེད་པས་ཆེ༔ རོལ་རྩེད་སྣ་ཚོགས་དོ་མཉམ་མེད་པས་ཆེ༔ སྐུ་ཚེ་འདས་གྲོངས་མེད་པས་སྐུ་ཡི་ཆེ༔ གདུལ་བྱ་དངས་འདྲེན་བགྲེས་རྒུད་མེད་པས་ཆེ༔ སྐུ་ལ་འབྱུང་བཞིའི་དགྲས་མི་ཚུགས་པས་ཆེ༔ སོ་ཐར་སྔགས་ནས་སྡོམ་གསུམ་བསྲུངས་པས་ཆེ༔ མཚན་བཟང་སུམ་ཅུ་རྩ་གཉིས་དཔེ་བྱད་ལྡན༔ ཨོ་རྒྱན་པད་འབྱུང་སྐུ་ཡི་ཆེ་བ་ཡིན༔ གཉིས་པ་གསུང་གི་ཆེ་བ་བརྒྱད་ལ་ནི༔ ཚངས་པའི་གསུང་ལྡན་ཡན་ལག་དྲུག་ཅུས་ཆེ༔ གསུང་གླེང་ཡི་དམ་ལྷ་དང་སྒྲོག་པས་ཆེ༔ སྐད་རིགས་གྱུར་ཚད་ཐམས་ཅད་མཁྱེན་པས་ཆེ༔ ཐ་མལ་གསུང་ནི་ཡེ་མི་འབྱོན་

1-7a

༄༅༔       ༔པས་ཆེ༔ འབྱོན་ཚེ་ཆོས་སུ་འབྱོན་པས་གསུང་གི་ཆེ༔ རིགས་དྲུག་སྐད་རེས་ཆོས་སྟོན་གསུང་གི་ཆེ༔ ལྷ་འདྲེ་དམ་འོག་ཚུད་པས་བཀའ་ཉན་ཆེ༔ གསུང་དབྱངས་བྲམ་ཟེ་ཚངས་པའི་དབྱངས་བཞིས་ཆེ༔ རོལ་མོའི་མཆོད་པ་གསུང་གི་ཆེ་བ་ཡིན༔ གསུམ་པ་ཐུགས་ཀྱི་ཆེ་བ་བརྒྱད་ལ་ཡང་༔ ཐུགས་ལ་འཁྲུལ་པ་མེད་པས་ཐུགས་ཀྱི་ཆེ༔ ཆོས་ལ་ཕྱོགས་རིས་མེད་པས་ཐུགས་ཀྱི་ཆེ༔ རྟོགས་པ་མཁའ་ལྟར་མཐོ་བས་ཐུགས་ཀྱི་ཆེ༔ སྒོམ་པ་རི་བས་བརྟན་པ་ཐུགས་ཀྱི་ཆེ༔ སྤྱོད་པ་ཉི་རྡུལ་ལྟར་ཞིབ་ཐུགས་ཀྱི་ཆེ༔ འབྲས་བུ་གཞན་དོན་གྲུབ་པས་ཐུགས་ཀྱི་ཆེ༔ དུས་བཞི་མངོན་པར་མཁྱེན་པས་ཐུགས་ཀྱི་ཆེ༔ གདུལ་བྱ་རིས་སུ་མི་འབྱེད་ཐུགས་ཀྱི་ཆེ༔ བཞི་པ་ཡོན་ཏན་ཆེ་བ་བརྒྱད་བསྟན་པ༔ མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པས་ཆེ༔ ཡོངས་གྲགས་མཁས་པ་ཆེན་པོ་གྲུབ་ཐོབ་ནི༔ ཕོ་མོ་སྟོང་དང་རྩ་བརྒྱད་བསྟེན་པས་ཆེ༔ རིག་པའི་གནས་ལྔར་

1-7b

མཁས་པས་ཡོན་ཏན་ཆེ༔ སྡེ་སྣོད་གསུམ་ལ་སྦྱངས་པས་ཡོན་ཏན་ཆེ༔ བྱང་ཆུབ་ཐུགས་བསྐྱེད་ཉེར་ལྔ་རྒྱ་ཡིས་ཆེ༔ སྦྱོར་སྒྲོལ་དབང་གིས་ཐམས་ཅད་སྨིན་པས་ཆེ༔ དགོན་གནས་བདག་ཏུ་མ་བཟུང་པ་ཡིས་ཆེ༔ འཕགས་པས་ནོར་བདུན་ཕྱུག་པས་ཆེ་བའོ༔ ལྔ་པ་འཕྲིན་ལས་ཆེ་བརྒྱད་ལ༔ བསྟན་པ་སྙིགས་མར་རྒྱས་པས་ཆེ༔ བསྟན་པ་འཕེལ་འགྲིབ་མེད་པས་ཆེ༔ བསྟན་ཞབས་གཏེར་གྱིས་སྐྱོང་བས་ཆེ༔ མཆོག་དམན་གྲོགས་སུ་འགྲོ་བས་ཆེ༔ ཆོས་དང་ཆོས་མིན་འབྱེད་པས་ཆེ༔ ལྷ་འདྲེ་བྲན་དུ་འཁོལ་བས་ཆེ༔ བསྟན་པ་འཛིན་སྐྱོང་བསྲུང་བས་ཆེ༔ སྲིན་པོའི་ཁ་གནོན་མཛད་པས་ཆེ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི་ཆེ་བ་བཞི་བཅུའི་ལེའུ་སྟེ་བདུན་པའོ༔       ༔ཐྲཐཉྲརྦྱ།རྦྱ།༔