༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅོ་ལྔ་པ། དམ་ཅན་རྡོ་རྗེ་ལེགས་པ་དམ་ལ་བཏགས་པའི་ལེའུ།
上一章
下一章

(ལེའུ་བཅོ་ལྔ་པ། དམ་ཅན་རྡོ་རྗེ་ལེགས་པ་དམ་ལ་བཏགས་པའི་ལེའུ།)

དེ་ནས་ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ ལྷ་འདྲེ་གདུག་པའི་ཞེ་བསྙགས་མཁྱེན་ནས་སུ༔ བལ་ཡུལ་ལམ་འཕྲེང་ལམ་ལ་གཤེགས་ཙ་ན༔ ཡར་ལྷ་ཤམ་པོས་སྐུངས་ཐོག་བརྒྱབ༔ གཡག་དཀར་རི་ཙམ་ཞིག་ཏུ་སྤྲུལ༔ ལུས་འདེབས་བྲག་རྣམས་ཐམས་ཅད་རློག༔ ལམ་འཕྲང་བཅད་ནས་འགྲོ་ས་མེད་པར་བྱས༔ ཁ་རླང་སྣ་རླང་ན་བུན་བཞིན་དུ་འཐིབས༔ ཁ་ཆར་བབས་པས་ལམ་མི་མཐོང་བ་བྱས༔ སློབ་དཔོན་རྐེད་ནས་གསེར་གྱི་རྡོ་རྗེ་བཏོན༔ བྲག་ལ་བརྒྱབ་པས་བྲག་ཕུག་ཧུར་གྱིས་བརྡོལ༔ ཕུག་པའི་ནང་ན་ཚུར་ལ་འཛུལ་ནས་བྱོན༔ མིང་ཡང་རྡོ་རྗེ་ཕུག་ལམ་ཞེས་སུ་གྲགས༔ ད་ལྟ་འགྲིམ་ཚད་དེ་ན་ཚུར་ལ་རྒྱུ༔ སློབ་དཔོན་གཡག་དཀར་རི་རབ་

1-35a

༄༅༔       ༔ཙམ་ཕྱག་རྒྱས་བསྡམས༔ རྡོ་རྗེས་བརྩོགས་པས་ཁྱེའུ་ཆུང་ཞིག་ཏུ་གྱུར༔ མང་ཡུལ་ཕུག་མདའི་ནང་དུ་ཁྱེའུ་ཆུང་ཁྲིད༔ ང་ལ་འདི་བཞིན་བྱེད་པ་ཇི་ལྟ་བུ༔ ཁྱེད་བསད་བམ་སྒྲུབ་བྱེད་པ་ཡིན་ནོ་གསུངས༔ ཁྱེའུ་ཆུང་དངངས་བྲེད་འདར་འཚུབ་ཞུས༔ ལོག་པར་བལྟ་བའི་གྱོང་པོ་ཀླུ༔ སློབ་དཔོན་ཐུགས་རྗེས་མ་བཏུལ་ན༔ ཆོ་འཕྲུལ་འཕྲོ་མི་ཆད་པར་འོང་༔ གཏམ་སྙན་སྒྲོག་པས་གཏོང་བར་ཞུ༔ ང་ཡི་སྲོག་སྙིང་འདི་ཉིད་བཞེས་པར་ཞུ༔ ཨ་ཙི་ཀ་ས་ཛ༔ ང་ཡི་གནས་སུ་བམ་སྒྲུབ་མི་མཛད་ཞུ༔ སྲོག་སྙིང་ཕུལ་བས་དམ་ལ་བཏགས༔ གཏེར་ཁ་གཅིག་གི་གཉེར་བྱང་བཅོལ༔ གར་འགྲོ་ཞེས་གསུངས་གངས་ལ་སོང་༔ དེ་ནས་ཁ་ལ་ལ་ཅན་བྱོན་ཙ་ན༔ ཞང་ཞུང་དགྲ་མུ་ཙ་མེད་སྐུངས་སུ་ཚུད༔ སློབ་དཔོན་གདན་འདྲེན་བང་ཆེན་མི་གསུམ་དང་༔ སློབ་དཔོན་དཔོན་གཡོག་རི་གཉིས་བར་དུ་བཅར༔ སློབ་དཔོན་གསོད་པར་བརྩམ་པ་ལས༔ སློབ་དཔོན་རི་ཡི་

1-35b

ཁ་ལ་བྱོན༔ གཡས་གཡོན་ཕྱག་འཁར་བཙུག་ནས་ལམ་གཏོད་དེ༔ སྦལ་ལང་རྫེ་གསལ་སྣང་དང་༔ སེང་མགོ་ལྷ་ལུང་དང་༔ ཀླུ་གཟིག་གསུམ་གྱིས་ལམ་བཏོད་ཤུལ་ལ་འོངས༔ ལམ་ཕྱེད་པས་ནི་དངས་སྐྲག་སྐྱེས༔ མོ་ནི་རབ་ཏུ་བྲེད་པར་གྱུར༔ ཐུགས་རྗེ་མི་ཁྱོགས་པདྨ་འབྱུང་གནས་ལ༔ སྲོག་གི་སྙིང་པོ་འདི་འབུལ་ལོ༔ ལ་ལཱ་པཉྩ༔ སྲུང་མར་ཁས་བླངས་དམ་བཅས་གཏེར་གཅིག་གཏད༔ གསང་མཚན་རྡོ་རྗེ་གཡུ་བུན་མ་རུ་བཏགས༔ དེ་ནས་འུ་ཡུག་བྲེ་མོ་སྣ་རུ་བྱོན༔ བོད་ཁམས་བསྟན་མ་བཅུ་གཉིས་བར་གཅོད་བྱས༔ རི་གཉིས་བར་དུ་བཅར་བར་བྱས་པ་ལ༔ སློབ་དཔོན་བར་སྣང་མཁའ་ལ་བྱོན༔ པདྨའི་སྡོང་པོ་སྐྱེས་པས་ངོ་མཚར་རྟགས༔ ངེད་ཅག་བར་ཆོད་མི་ཚུགས་བཀྲ་ཤིས་ཞུ༔ སྐུ་ལ་མི་བདོ་ཞབས་ལ་སྐྱབས་སུ་མཆི༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གཏེར་ཁ་གཅིག་གཏད་གཉེར་བྱང་བཅོལ༔ དེ་ནས་ཁ་རག་ལ་ཁར་བྱོན་ཙ་ན༔ གངས་དཀར་མོ་ཡི་སྐུངས་ཐོག་

1-36a

༄༅༔       ༔འཐུམས༔ ཐོག་མདའ་དགུ་ནི་དུས་གཅིག་ཕབ༔ སློབ་དཔོན་ཕྱག་འཛུབ་དཀྲིས་ནས་ཆུ་ནང་བསྒྱུར༔ མོ་བྲེད་དཔལ་མོ་དཔལ་མཚོའི་ནང་དུ་བྲོས༔ མཚོ་ཁར་རྡོ་རྗེ་བཞག་པས་མཚོ་ཁོལ་ལོ༔ མོ་ཡི་ཤ་རུས་བྱེ་ནས་ཀེང་རུས་དཀར་སང་སོང་༔ མཚོ་ནག་གྱོད་མཚོ་འདི་ཡི་སྒོ་ཆོད་དམ༔ དེ་སྐད་ཟེར་ཅིང་མཚོ་ཁར་བྲོས་ནས་བྱུང་༔ སློབ་དཔོན་རྡོ་རྗེས་འཕངས་པས་མིག་ཞར་རོ༔ བར་གཅོད་བྱེད་ན་དེ་ཁྱེར་དེ་ལ་འགོམ༔ ཞེས་གསུངས་པས༔ སློབ་དཔོན་སྤྱན་སྔར་འདི་སྐད་ཞུས༔ ཀྱེ་སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་འཕྲེང་རྩལ༔ བར་གཅོད་མི་བགྱིད་ཐུགས་དམ་དགོངས་པ་གློད༔ སྒྱུ་མའི་ཕུང་པོ་ཉོན་མོངས་སྙིང་རེ་རྗེ༔ འབྲས་བུ་སེམས་འདི་ཞེ་མ་འཚོ་བས་ཉམས༔ ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆི༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གསང་མཚན་ཤ་མེད་རྡོ་རྗེ་གཡུ་སྒྲོན་མ༔ གཏེར་ཁ་གཅིག་གི་གཉེར་གཏད་བཅོལ༔ དེ་ནས་འུ་ཡུག་ནང་

1-36b

གི་བྱོན་ཙ་ན༔ ཡང་མ་བཅུ་གཉིས་ཐོག་མདའ་བཅུ་གཉིས་ཕབ༔ པདྨ་འབྱུང་གནས་ལོག་པ་ཅན༔ འཁོར་བའི་ས་རུ་ཅི་ལ་འོངས༔ ཀླུ་དང་འཐབ་ཟླ་ཅི་ལ་བྱེད༔ ལྷ་ལྕམ་ཁྱེད་ཀྱིས་ལོག་པར་ཁྲིད༔ མཐོ་རིས་དྲངས་ཟེར་རྫུན་པོ་ཆེ༔ ངོ་ཚ་མེད་པའི་ཁྲེལ་མེད་པོ༔ བུད་མེད་ཁྲོམ་ཚོགས་མང་པོས་ཆོ་ངེས་བཏབ༔ སློབ་དཔོན་ཐོག་ལ་ཕྱག་འཛུབ་གཏད༔ ཐོག་མཐོ་སྲན་མ་ཙམ་དུ་ཞུ་ནས་སོང་༔ ཡང་མ་བཅུ་གཉིས་སོལ་དུམ་བཅུ་གཉིས་སོང་༔ སྲོག་སྙིང་ཕུལ་ནས་འདི་སྐད་དོ༔ ཨེ་ཨེ་མིང་པོ་རྡོ་རྗེ་གྲོ་བོ་ལོད༔ དབང་ཆེན་རྔམས་པས་ལྷ་འདྲེ་དབང་དུ་སྡུད༔ ཡེ་ཤེས་རྔམས་པས་ལོག་ལྟ་གནས་སུ་སྒྲོལ༔ འཕྲིན་ལས་རྫོགས་པའི་སྐུ་ལ་ཕྱག་འཚལ་ལོ༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གཏེར་ཁ་གཅིག་གི་གཉེར་གཏད་བཅོལ༔ དེ་ནས་རྡོ་རྗེ་ལེགས་པས་བསུ་བ་བྱས༔ གུ་རུ་ཆེན་པོས་བཀའ་སྩལ་པ༔ དམ་ལོང་དམ་ལོང་རྡོ་རྗེ་ལེགས་པ་ཁྱོད༔ ཚིག་ལོང་ཚིག་ལོང་མགར་བ་ནག་པོ་ཁྱོད༔

1-37a

༄༅༔       ༔དེ་ནས་འུ་ཡུག་བྱེ་ཚང་རྫོང་མཁར་བྱོན༔ ཤར་བྲང་ཆུ་གོང་ཁའི་གླང་པོ་སྣ་ལ་གཟིགས༔ ཕོ་རོག་པས་ཀྱང་མི་རིགས་སྡུག་པའི་ས༔ གནས་འདི་ཆོས་བརྒྱད་སྒྲུབ་པའི་ས་བོན་ཅན༔ ལྷོ་ཁེའུ་གཙང་པོ་རིན་ཅེན་རྟ་ལ་གཟིགས༔ འུག་པ་བས་ཀྱང་མི་རིགས་སྡུག་པའི་ཧོར༔ སྦྲེལ་བས་ངན་སོང་གསུམ་གྱི་སོ་ནམ་རེམ་རེམ་འདྲ༔ ནུབ་ཆུ་མིག་ནེའུ་གསིང་རྨ་བྱའི་མདོངས་ལ་གཟིགས༔ ཕོ་རོག་འུག་པའི་བར་བ་སུས་མི་ཡོང་༔ མི་བདེ་རླུང་འཚུབ་ལྡང་བའི་སྡེ་ཆེན་འོང་༔ བྱང་སྨན་པོ་རིའི་མཁའ་ལྡིང་གཤོག་ལ་གཟིགས༔ བཙུན་པ་འདུལ་ཁྲིམས་མེད་པའི་སྤྱང་པོ་དང་༔ སྔགས་པ་དམ་ཚིག་མེད་པའི་གླེན་པ་དང་༔ བུད་མེད་དད་པ་མེད་པའི་དྲག་མོ་གསུམ༔ འདི་གསུམ་ཀུན་ལ་མི་གཏོགས་མི་སྲིད་དོ༔ འདི་གསུམ་ངས་བརྩམས་ཆོས་ཀྱི་བསྟན་པ་འཇིག༔ ས་ཕྱོགས་དཀར་པོ་སེང་གེའི་གདོང་ལ་གཟིགས༔ བདུད་ཁྱབ་པ་ལག་རིང་འདི་རུ་འཁྲུངས༔ ཞེ་སྡང་ལས་གྱུར་དམག་གི་འཇིགས་

1-37b

པ་འབྱུང་༔ འདོད་ཆགས་ལས་གྱུར་མུ་གེའི་འཇིགས་པ་བྱུང་༔ གཏི་མུག་ལས་གྱུར་ནད་ཡམས་འཇིགས་པ་འབྱུང་༔ ཞེས་གསུངས་སོ༔ དེ་ནས་རྡོར་ལེགས་མཆེད་བཅས་བསུ་བ་བྱས༔ ཨེ་མ་ཧོ༔ སྐུ་ལྔ་ཡོངས་རྫོགས་བླ་མ་རྡོ་རྗེ་འཆང་༔ མི་བདེ་བ་ཡི་རླུང་འཚུབ་ལྡང་ལ་གཟིགས༔ མི་སྐྱིད་པ་ཡི་ཉི་མ་ཤར་ལ་གཟིགས༔ འཇིག་རྟེན་ཁམས་ནི་གཡོ་འགུལ་གླིང་ལོག་གཟིགས༔ མ་དག་འདི་ལ་མྱ་ངན་བྱ་མི་རུང་༔ པད་འབྱུང་སེམས་ཀྱིས་མ་བཟོད་བརྗེད་པ་མེད༔ བར་གཅོད་མི་བགྱིད་བསྟན་པ་བསྲུང་ཕྱིར་དུ༔ མ་མོའི་ལག་སྒྱོགས་ནང་ནས་རྡེག་པ་འབུལ༔ ཐེའུ་རང་རྐང་གཅིག་ཕྱི་ནས་རྡེག་པ་འབུལ༔ དེ་ལ་འདྲ་བའི་དཔེ་བརྒྱད་བསྟན་པར་བྱ༔ སྐྱོན་མེད་དྲང་པོ་རྡོ་བ་ཁོ་ན་ཡིན༔ དམའ་མོར་འགྲོ་ཞིང་མཐོན་པོར་འཕོག་པ་ཡིན༔ དཔེ་ནི་སྐྱུང་ཀ་ཚང་དུ་འགྲོ་བ་འདྲ༔ ཐུར་ལ་རྒྱག་པའི་དཔེ་ནི་ཁོ་ན་སྟེ༔ དགྲ་རི་ཡིད་ཙམ་སྨད་ལ་བྱ༔ ཟུན་རི་ཡིད་ཙམ་སྟོད་ལ་བྱ༔ ཐག་འཐེན་བག་ཙམ་དམའ་བར་བྱ༔ རང་གི་

1-38a

༄༅༔       ༔ཡིད་ཙམ་མཐོ་བར་བྱ༔ མཛུབ་མོ་ཡིད་ཙམ་བཀུག་ལ་བྱ༔ ཤིང་འདྲེན་བསྟུངས་ལ་སུན་འདྲེན་བསྲིངས༔ དཔེར་ན་ཅི་འདྲ་བྱས་ཙ་ན༔ རྒྱ་ཁྲ་གཟན་ལ་གཅུམ་པ་འདྲ༔ གྱེན་ལ་རྒྱག་པའི་དཔེ་བསྟན་པ༔ གོང་མ་ལས་ནི་ལྡོག་པས་ཏེ༔ དཔེར་ན་ཅི་འདྲ་བྱས་ཙ་ན༔ བྱ་ནག་གཟན་ཁྱེར་བ་དང་འདྲ༔ ཆང་ཐབ་བྱེད་པའི་གནད་བསྟན་པ༔ བྱ་སྔས་སྨད་ལ་མཛུབ་མོ་སྐྱོད༔ འུར་ཐོག་བསྟུངས་ལ་བཅུག་ལ་འཕངས༔ དཔེར་ན་ཅི་འདྲ་བྱས་ཙ་ན༔ སྒོང་པ་ཡེ་དེ་རྩེ་བ་འདྲ༔ ད་ནི་སྒྱོགས་ཀྱི་ཁམས་བསྟན་པ༔ སྒྱོགས་མདེའུ་མེ་ཡི་ཁམས་ཡིན་པས༔ ཕྲ་ལ་ཁྱུག་པ་དགོས་པ་ཡིན༔ ཁང་པ་ནམ་མཁའི་ཁམས་ཡིན་པས༔ ཆེ་ལ་ཡངས་པ་དགོས་པ་ཡིན༔ མཛུབ་མོ་ལྕགས་ཀྱི་ཁམས་ཡིན་པས༔ མཉེན་ལ་འཇམ་པ་དགོས་པ་ཡིན༔ རྡོ་ནི་ཐོག་གི་ཁམས་ཡིན་པས༔ དྲག་ཅིང་ཚ་བ་དགོས་པ་ཡིན༔ བྱ་སྤྲེའུ་ས་ཡི་ཁམས་ཡིན་པས༔ མི་འགུལ་

1-38b

བརྟན་པ་དགོས་པ་ཡིན༔ ད་ནི་རྒྱག་པའི་མན་ངག་བསྟན༔ ས་ལ་བཞག་ཐབས་རྣམ་ལྔ་ཡོད༔ ཤོ་ཡི་བསྟན་ལ་དཔེ་ལོང་ལ༔ ཤར་ནི་ལྟ་བུར་རྒྱག་པ་ན༔ རྡོ་ནར་བ་ནི་གཡས་སུ་འགྲོ༔ ལེབ་ན་གཡོན་དུ་འགྲོ་བ་ཡིན༔ ཧྲིལ་ན་དབུས་སུ་འགྲོ་བ་ཡིན༔ དེ་བཞིན་ལྷོ་དང་ནུབ་དང་བྱང་༔ མཚམས་བཞི་ཡང་ནི་དེ་བཞིན་ཤེས༔ སྒྱོགས་མཁན་བྲང་གི་ལྷེ་སྣ་ནས༔ པུས་མོའི་ལྷ་ང་ཡན་ཆོད་ལ༔ འཛིན་པ་དགུ་བཅུ་གོ་དགུ་ཡོད༔ གཡས་སུ་ཤོར་ན་གཡས་ནས་བསྐྱེད༔ གཡོན་དུ་ཤོར་ན་གཡས་ནས་བསྐྱེད༔ འབུགས་ན་སྙིང་གི་དཀྱིལ་ནས་བསྐྱེད༔ གཤོག་ན་པུས་མོའི་ལྷ་ང་ནས༔ གཅོད་ན་རྐེད་པའི་དཀྱིལ་ནས་བསྐྱེད༔ དེ་ལ་མ་ཚང་བུ་ཁྲིད་དང་༔ བུ་ཚང་མ་ནི་ཁྲིད་པ་དང་༔ ནར་ཚང་ལེབ་ནི་ཁྲིད་པ་དང་༔ ལེབ་ཚང་ནང་ནི་ཁྲིད་པ་དང་༔ ཟུར་ཚང་འཇོང་ནི་ཁྲིད་པ་དང་༔ འཇོང་ཚང་ཟུར་ནས་ཁྲིད་པ་དང་༔ ཆེ་ལམ་ཆུང་ནི་ཁྲིད་པ་དང་༔ ཆུང་ལམ་ཆེ་ནི་ཁྲིད་པའོ༔ རྡོ་རིགས་མི་འདྲ་མཐའ་ཡས་ཀྱང་༔ འགྲན་གྱི་དོ་མེད་གསུམ་

1-39a

༄༅༔       ༔ལ་འདུས༔ སྒོ་ང་འདྲ་ན་འགྲན་གྱི་དོ་མེད་ཡིན༔ སྙིང་ནི་འདྲ་ན་འགྲན་གྱི་དོ་མེད་ཡིན༔ མཁལ་མ་འདྲ་ན་འགྲན་གྱི་དོ་མེད་ཡིན༔ རྡོ་རིགས་མི་འདྲ་ཟད་མེད་ཡོད་གྱུར་ཀྱང་༔ ནར་ནི་ཇི་ལྟར་ཟུར་ལ་གཞག་པར་བྱ༔ ཟུར་ནི་ཇི་ལྟར་མནན་ནས་གཞག་པར་བྱ༔ རྡོ་མགོ་དགྲ་སར་བསྟན་ལ་འཕངས༔ དེ་ནི་འཕྲུལ་ཅན་རྡོ་ཡི་མན་ངག་ཡིན༔ དེ་ལ་མཁས་པས་གོ་ལོང་ཅི་རིགས་མཛོད༔ མཁས་པ་རབ་འཆའ་བ་ལ་མཁས་པ་དང༔ འབྲིང་ཚད་འཚོལ་བ་ལ་མཁས་པ་དང་༔ ཐ་མ་རྒྱག་པ་ལ་མཁས་པའོ༔ དང་པོ་སྒྱོགས་ཁང་༔ བར་དུ་ཤིང་བཟོ༔ ཐ་མ་རྒྱག་ཐབས་སོ༔ དེ་ལ་རས་བལ་གྱི་སྒུལ་མོ་རྒྱང་རིང་༔ ཀོ་བའི་སྒུལ་མོ་ཁ་གཟེ༔ རང་ཕྱོགས་འདི་ཡི་སོར་བཞི་ལ༔ ཕ་གི་དགྲ་ཕྱོགས་འདོམ་གང་ཡོད༔ དེ་ལ་རྡོ་ལོག་བྱུང་ན་གཞུག་ལོག་བྱ༔ ཤིང་ལོག་བྱུང་ན་འཐེན་ལོག་བྱ༔ དགྲ་ལོག་བྱུང་ན་སྐོར་ལོག་བྱ༔ མཐོས་ན་གཉའ་གཅོག་པའི་གདམས་ངག་གསུམ་ལ༔

1-39b

མདའ་མོས་གཅིག་པོ་དང་༔ མཛུབ་མོས་གཅག་པ་དང་༔ འུར་ཐོག་གིས་གཅོག་པ་དང་གསུམ༔ རྡོ་ཞྭ་བོ་གསོ་བ་ལ་གསུམ༔ དཔུང་པས་གསོ་བ་དང་༔ སྒུལ་མོས་གསོ་བ་དང་༔ རྡོ་རང་གིས་གསོ་བ་དང་གསུམ་མོ༔ ཐུང་ན་སྒབ་རྐྱང་པ་ལ་གསུམ༔ སྒྱོགས་མདེའུས་རྐྱང་པ་དང་༔ མཛུབ་མོས་རྐྱང་པ་དང་༔ སྒུལ་མོས་རྐྱང་པ་དང་གསུམ༔ སྒྱོགས་ཀྱི་གནད་ཉེན་བསྟན་པ་ནི༔ བྱ་དཀར་ན་ནེ་མ་ཧས་དང་གསུམ༔ དེ་གསུམ་འཛོམ་པར་མ་སོང་ན༔ ཕྱི་ལ་བརྒྱབ་པས་ནང་དུ་འོང་༔ གནམ་དུ་འགྲོ་ཞིང་སྟག་ཀྱང་ཆག༔ འགྲོ་མི་བཏུབ་ལ་སྒྱོགས་ཀྱི་མདེའུ་ཆག༔ བྱ་ཐག་ཕྱིར་འཐེན་མ་ཤེས་ན༔ བྱ་མི་ཐེབས་པའི་སྐྱོན་དུ་འགྱུར༔ གཞུར་ཐག་ནང་འཐེན་མ་ཤེས་ན༔ ཚུར་འཁོར་མི་བཏུབ་སྐྱོན་དུ་འགྱུར༔ ཐག་འཐེན་སྒྱོགས་མཁན་མ་འཆམ་ན༔ སྒྱོགས་མདའ་ཆག་པའི་སྐྱོན་དུ་འགྱུར༔ མཁར་སྒྱོགས་ཐད་ཀར་མ་སོང་ན༔ ཡ་ཡོར་འཆོར་བའི་སྐྱོན་དུ་འགྱུར༔

1-40a

༄༅༔       ༔ཤར་ན་ཡངས་དོག་མ་རན་ན༔ འཁོར་དུ་མི་བཏུབ་སྐྱོན་དུ་འགྱུར༔ སྤར་ནན་ཚད་ལ་མ་ཕེབས་ན༔ རེས་མཐོ་རེས་ཐུང་སྐྱོན་དུ་འགྱུར༔ མཛུབ་མོའི་དགྱེ་དགུ་མ་རན་ན༔ སྟག་ཆག་གནམ་ལྡེངས་སྐྱོན་དུ་འགྱུར༔ རྡོ་ཡི་བཞག་ཐབས་མ་ཤེས་ན༔ ནང་དུ་འཁོར་བའི་སྐྱོན་དུ་འགྱུར༔ སྟག་མགོའི་མཐོ་ཚད་མ་ཤེས་ན༔ ཚབས་ཆུང་རྒྱང་ཐུང་སྐྱོན་དུ་འགྱུར༔ སྐྱོན་གྱི་ནང་ནས་ཡོན་ཏན་ཤེས་པར་མཛོད༔ ད་ནི་སྒྱོགས་ཀྱི་དགྲ་ལྷ་མཆོད་ཐབས་ལ༔ སྒྱོགས་མཁན་གྱིས་སྔགས་འདི་རྒྱུན་དུ་བཟླ༔ བཛྲ་སཱ་དྷུ་ས་མཱ་ཡ་དུ་པ་ཏྲི་དགྲ་ལྷ་ཛཿཧཱུཾ་བཾ་ཧོཿདུང་དུང་ཛཿཛ༔ འཕེན་པའི་དུས་སུ་སྙིང་པོ་བཟླ༔ མདུན་དུ་ཆང་དང་ར་མགོ་བཤོས་བུ་བཤམས༔ ཆང་ཕུད་འབྲང་རྒྱས་ར་ཡི་དབང་པོ་ལྔ༔ ཆང་ལ་བཏབ་ལ་མདུན་དུ་གཞག༔ དང་པོ་ཡུལ་དེར་སྒྱོགས་མ་འཕངས་པར་འདུག་ན༔ ཡུལ་བདག་ཀུན་ལ་བཤོས་བུ་ཉི་ཤུ་དང་༔ གླུད་ནི་ཉི་ཤུ་རྩ་གཅིག་དང་༔ ཡུལ་དེའི་འདྲེ་ངན་རྣམས་ལ་

1-40b

ཡང་༔ ཤ་དུམ་ཟན་དུམ་འགལ་པ་མགོ་གསུམ་འཕངས༔ ཆང་ཕུད་འཐོར་ཞིང་དམ་བདར་བཅོལ༔ བཤོས་བུ་བཏང་ལ་བཀའ་བསྒོ་བྱ༔ རང་ཡང་ཆང་རན་འཐུངས་ལ་རྒྱག་པའི་དུས༔ སྟོང་སྡེབ་ལན་གསུམ་གལ་ཆེའོ༔ དེ་ནས་ལྷ་རྡོ་ཡིན་པས་དཀར་པོ་འཕངས༔ དེ་ནས་འདྲེ་རྡོ་ཡིན་བས་ར་མགོ་འཕང་ངོ་༔ དེ་ནས་གོར་མ་རྡོ་རྣམས་བརྒྱག་པར་བྱ༔ ཐག་པ་འཐེན་པ་དམ་ཚིག་རྣམ་གསུམ་བསྲུང་་༔ ཁ་ཕྱིར་མི་ལྟ་བ་དང་གཅིག༔ གཏམ་སྨྲར་མི་འཇུག་པ་དང་གཉིས༔ སྒྱོགས་མཁན་གྱི་སྐད་ལ་ཉན་པ་དང་གསུམ༔ དམ་ཚིག་འདི་གསུམ་མ་ཉམས་བསྲུང་བ་གཅེས༔ སྐད་ནི་འདི་སྐད་བརྗོད་པར་བྱ༔ ཆཱོ་ཡ་ཆཱོ་ཡ༔ དྲག་ཐུང་དྲག་ཐུང་ཕྱའོ༔ ཉོན་ཅིག་ཟེར་བ་ཤིན་ཏུ་གཅེས༔ དེ་ལ་མཁས་པས་ཅི་རིགས་མཛོད༔ ད་ནི་སྒྱོགས་ཀྱི་སྒྲ་བཤད་བསྟན༔ སངས་རྒྱས་ཀྱི་བསྟན་པ་བསྲུང་བ་ལ༔ སྲིད་པ་འཕྲུལ་གྱི་སྒྱོགས་མཁན་དུ་བསྐོས་སོ༔ བསྟན་སྲུང་པདྨ་འབྱུང་གནས་ཀྱི་རྗེས་སུ་

1-41a

༄༅༔       ༔འཇུག་པ༔ ལོག་པར་ལྟ་བ་དང་ལོག་པར་འདྲེན་པ་འདུལ་བ༔ ཀྱེ་དགེ་བསྙེན་ཆེན་པོ་སྐུ་ལ་ངུར་སྨྲིག་གི་བེར་ཆེན་གསོལ༔ ཆིབས་སུ་རྟ་ནག་རྟིང་དཀར་ཆིབས་པ༔ ཕྱག་ན་སྒྱོགས་དང་དར་མདུང་འདྲིལ་བ༔ ཕྱི་ན་སྤྱང་ཀི་ཁྲིད་པ༔ སྟེང་ན་བྱ་ཁྲ་ལྡིང་བ༔ ལྷ་མ་སྲིན་གྱི་ཁ་ལོ་སྒྱུར་བ༔ སྐྱེས་པ་དྲག་རིམ་དང་རང་ཆས་སུ་འགྲོགས་པ༔ གསེར་སྐྱེམས་ལ་དགྱེས་པ༔ རའི་ཀྲུམས་གསོལ་བ༔ དགྲ་ལྷ་ཆེན་པོ་དེ་རིང་མིང་ནས་བོས་སོ༔ རྟེན་པའི་དམ་རྫས་འདི་ན་ཡོད༔ དམ་ཚིག་མ་ཉམས༔ ཁྱིམ་དུ་ཐོ་མི་གཏོང་༔ སྐྱེས་བུ་ཁྱོད་ཀྱིས་ང་སྨ་མ་དབབ་ཅིག༔ ཁྱོད་ལ་རེ་ངེས་སོ༔ བཅོམ་ལྡན་འདས་ཀྱིས་མཛད་པའི་སྒྱོགས་འདི༔ སྟེང་གི་ལྷ་ལ་མི་རྒྱག་གོ༔ འོག་གི་ཀླུ་ལ་མི་རྒྱག་གོ༔ བར་གྱི་བཙན་ལ་མི་རྒྱག་གོ༔ ཆོས་སྐྱོང་སྲུང་མ་ལ་མི་རྒྱག་གོ༔ ཕོ་ལྷ་དགྲ་ལྷ་རྣམས་ལ་མི་རྒྱག་གོ༔ ཡུལ་ལྷ་ཡུལ་བདག་ས་རྟེན་རྣམས་ལ་མི་རྒྱག་གོ༔ སྣང་སྲིད་ཀྱི་ལྷ་མ་སྲིན་སྡེ་བརྒྱད་ལ་

1-41b

མི་རྒྱག་གོ༔ འགོ་བའི་ལྷ་ང་ལ་མི་རྒྱག་གོ༔ འོ་ན་དྲག་པོའི་སྒྱོགས་འདི་གང་ལ་རྒྱག་ན༔ བདག་ཅག་འཁོར་དང་བཅས་པ་རྣམས་ལ༔ སྡང་བའི་དགྲ༔ གནོད་པའི་བགེགས༔ ཟ་འདྲེ་དང་ཕུང་འདྲེ་དང་༔ སྒུལ་བདོ་བ་རིགས་ལ་སྙེག་པ༔ ཁ་ལག་སྤྱོད་པ་གསུམ་མི་སྲི་བ༔ དགྲ་བོའི་མཁར་རྫོང་ལ་རྒྱག་པ་ཡིན༔ འདི་ན་ཁ་མང་གིས་གླེངས༔ མིག་མང་གིས་བལྟ༔ ལོག་པར་གླེང་དུ་མ་གཞུག་ཅིག༔ དགྲ་མཁར་འདི་རྩེ་ནས་ཕུད༔ གཞུང་དུ་གཤོགས༔ རྐེད་པར་གཏུབས༔ རྩེ་ལྷ་ཁྱོད་མཁར་དེ་སྒྱེལ་ལ་ངའི་རོགས་ཤིག་གྱིས་ཤིག༔ དེ་ནས་བཤོས་བུ་ཕྱོགས་ཀུན་ལ་འཕང་ངོ་༔ སྒྱོགས་ཀྱི་དགྲ་ལྷ་གཉན་པོ་ལ་རྨེད་ནས་འཕེན་ནོ༔ དྲག་ཞན་མེད་པ་ལ་གཞུར་མཁས་པ་ནས་འཐེན༔ མང་ཉུང་མཉམ་པར་བྱ༔ བྱ་ཐོག་ཚོད་བྱས་གཅིག་གིས་གཅིག་ཕྱིར་བསྐྱེད༔ དྲག་ཞན་རན་པར་བྱ༔ མཛུབ་མོ་དགྱེ་དགུ་ཐག་གི་ཚད༔ རིང་ན་དགྱེ་ལ་ཐུང་ན་དགུ༔ མཛུབ་མོའི་དགྱེ་དགུ་སྐབས་

1-42a

༄༅༔       ༔སུ་བཅོས༔ ལུས་མཉེན་པོ་བས་བྱ༔ འུར་ཐོགས་རིང་ཐུང་སྒྱོགས་ཀྱི་ཚད༔ ཆེ་ན་རིང་ལ་ཆུང་ན་ཐུང་༔ དེ་ཡང་མ་འཚམས་འཇོལ་བའི་སྐྱོན་བསྟན་པ༔ སྒྱོགས་མདའ་རིང་ལ་སྒུལ་མོ་ཐུང་བ་ནི༔ རྡོ་ཆེ་བ་རྣམས་ལམ་ལ་ལུས་པ་ཡིན༔ སྒྱོགས་མདའ་ཐུང་ལ་སྒུལ་མོ་རིང་བ་ནི༔ རྡོ་ཆུང་བ་རྣམས་ལམ་དུ་ལུས་པ་ཡིན༔ ཐག་ཆ་དང་བྱང་ཆེ་ཆུང་མ་སྙོམས་པའི༔ རྡོ་ཡི་ལྗིད་ནི་ཤིང་ལ་ཤོར་བ་ཡིན༔ བསྡིགས་སར་མི་འགྲོ་དགྲ་ལ་མི་བསྒྱེལ་ལོ༔ རྡོ་ཡི་ལྗིད་དུ་མ་མོ་ཤོར་བ་ཡིན༔ ཕན་ཕོགས་གསུམ་པ་ཡིན༔ དེ་ནས་ཆུང་ན་ཐོད་ཆུང་གནོད་ཚོད་སྦྱར༔ ཤེས་རབ་ཆེ་དགོས་རིག་པ་རྣོ་བ་གཅེས༔ ལིག་ལིག་བྱས་ན་ཕན་པར་མཆི༔ སྔ་མའི་སྦྱང་འཕྲོ་མེད་པའི་མཐའ་འཁོབ་མི༔ ལས་བཟང་བག་ཆགས་མེད་པའི་མཐའ་འཁོབ་ཏུ༔ སྡེ་བརྒྱད་སྒྱོགས་རྣམས་ཚང་བར་མ་བསྟན་སྦོས༔ དགྲ་ལ་དེ་ལྟར་དོན་དང་ལྡན་པ་ན༔ འདིར་ཡང་སྲིད་སྡེ་བདེ་དང་ལྡན་

1-42b

པར་འགྱུར༔ ཕྱི་མ་བླ་མེད་འབྲས་བུ་འཐོབ་པར་ཞུ་བ་འབུལ༔ ལོག་ན་ཉེས་སྐྱོན་རང་ལ་ཡོང་བས་གཟབ༔ འདི་ཡི་བྱེད་སྤྱོད་རྨེ་བ་ལྔ་སེར་སྟེང་༔ སྟག་ལོ་པ་ལ་ནག་པོ་དུད་ཁ་བྱུག༔ མགོ་ལ་འབོག་ཞུ་ཆེན་པོ་བསྐོན་པར་བྱ༔ གཡས་སུ་ཐོ་བ་གཡོན་དུ་མགར་སྦུད་འབུ༔ ལུས་ལ་དར་ནག་བེར་ཆེན་བསྐོན་པར་བྱ༔ མདུན་དུ་གསེར་ཁང་གཡུ་ཁང་ཕུབ༔ གསེར་དང་དངུལ་གྱི་སྒྱེད་པུ་གཟུགས༔ གསེར་གྱི་ཟངས་ཕུར་ཞིམ་དགུ་ཟས་གཡོས་བྱེད༔ གསེར་ཕོར་དངུལ་ཕོར་སྣ་དགུའི་ཟས་ཀྱིས་བཀང་༔ དམ་ཅན་རྡོ་རྗེ་ལེགས་པའི་ཕྱག་ཏུ་དྲངས༔ འདི་ལྟར་དགོས་པའི་བླ་རྡོ་མ་བཅས་ན༔ སོལ་དུམ་བཙུགས་པས་ལྗོན་ཤིང་མི་སྐྱེའོ༔ ས་བོན་མེས་ཚིག་ཞིང་བཏབ་འབྲས་བུ་མེད༔ སྐྱོན་གྱི་ཕུང་པོར་ཡོན་ཏན་རེ་ཐག་ཆད༔ སེམས་ཅན་གྱིས་ནི་སྡུག་བསྔལ་སྤྱོད་ངེས་སོ༔ དེ་སྐད་སློབ་དཔོན་ཉིད་ལ་ཕུལ༔ བཀའ་དམ་མི་འདའ་དམ་བཅས་སོ༔ སློབ་དཔོན་པདྨས་བཀའ་སྩལ་པ༔ དེ་ལྟར་

1-43a

༄༅༔       ༔སྙིགས་མའི་སེམས་ཅན་གདུལ་དཀའ་ཡང་༔ སྦྱིན་པ་བཏང་ན་མི་འདོད་ཟེར་མཁན་མང༔ འདུལ་ཁྲིམས་གཙང་མ་དེ་ལ་ཐམས་ཅད་རྩི༔ ཇོ་བོ་བཟང་པོ་དེ་ལ་ཐམས་ཅད་མོས༔ ཞེ་འདོད་བསྒྲུབ་ལ་སློབ་མ་ག་ལ་མོས༔ བསྟན་པ་བཤིག་པས་བདེ་གཤེགས་ག་ལ་མཉེས༔ སྤྱོད་ལོག་བྱས་པས་མི་ནག་ཅི་སྟེ་མགུ༔ རོ་ལངས་བདུན་པའི་བསྟན་པ་འབྱུང་བར་ངེས༔ ཞ་ཉེའི་སྡོང་པོ་ལྕགས་ཀྱིས་གཅོད་པ་ལྟར༔ མདོ་སྔགས་ཡ་བྲལ་ཆོས་རྣམས་མ་འོངས་འབྱུང་༔ དུས་ངན་སེམས་ཅན་དྲན་རྒྱ་ཅན་བློ་པ༔ ཆོས་རྣམས་ཐམས་ཅད་བཀའ་གཏེར་གཉིས་སུ་འདུས༔ བསྟན་པ་གསོ་ཕྱིར་གསང་གཏེར་བརྒྱ་དང་བཅུ༔ རྡོ་རྗེ་ལེགས་པ་ཁྱོད་ལ་བཅོལ་ལོ་གཉེར༔ འཁོར་བའི་ཆོས་ལ་ཡིད་འབྱུང་དཔའ་བློ་སྐྱེ༔ ཚོགས་བསགས་སྨོན་ལམ་དག་པས་ལེན་དུ་འོང་༔ ཞེས་གསུངས་གཏེར་གྱི་གཉེར་བྱང་གཏད༔ དམ་ཅན་རྡོ་རྗེ་ལེགས་པ་དམ་ལ་བཏགས་པའི་ལེའུ་སྟེ་བཅོ་ལྔ་པའོ༔      ༔

1-43b

ཐྲཐཉྲརྦྱ།རྦྱ།༔      ༔