༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་དྲུག་པ། སྐུ་ལ་ཐང་ལྷ་སོ་ཤ་ཡུ་ཆུང་འབར་གསུམ་དམ་ལ་བཏགས་པའི་ལེའུ།
上一章
下一章

(ལེའུ་བཅུ་དྲུག་པ། སྐུ་ལ་ཐང་ལྷ་སོ་ཤ་ཡུ་ཆུང་འབར་གསུམ་དམ་ལ་བཏགས་པའི་ལེའུ།)

དེ་ནས་སྐུ་ལ་ཐང་ལྷར་བྱོན་ཙ་ན༔ ཐང་ལྷ་ཡབ་ཞུར་སློབ་དཔོན་ཉམས་ཚད་བྱས༔ གནོད་སྦྱིན་ཆེན་པོ་མགོའུ་རི་བོ་ཙམ༔ རྐང་པ་ཁམས་ཀྱི་གཡེར་མོ་ཐང་དུ་བརྐྱངས༔ ལག་གཡས་ལ་སྟོད་དགོན་པ་ནང་ཡར་བརྐྱངས༔ ལག་གཡོན་གཙང་ལ་དགོན་དུ་སླེབས་ཤིག་བརྐྱངས༔ སྦྲུལ་ཆེན་ཞིག་ཏུ་རྫུས་ནས་ལམ་བཀག་གོ༔ སློབ་དཔོན་ཕྱག་གིས་སྡིག་མཛུབ་ཡུག་གི་མཛད༔ བྱིས་པ་ཟུར་ཕུད་ཅན་པ་གཅིག་ཏུ་གྱུར༔ སློབ་དཔོན་ཞལ་ནས་འདི་སྐད་གསུངས༔ ཐང་ལྷ་ཡབ་ཞུར་ཞེས་བྱ་བ༔ མི་ལོད་འདོད་ཅན་འདིར་འདུག་པ༔ ང་ནི་བལ་པོའི་ཡུལ་ན་ཡོད་ཙ་ན༔ ཨ་སུ་ར་ཡི་བྲག་ཕུག་ཁོ་ཡིས་འོངས༔ དེ་རིང་ཁོ་ལ་དྲོ་ཞིག་སློང་གསུངས་ནས༔ གངས་དཀར་ཏེ་སེའི་གངས་ལ་གཤེགས་སོ་གསུངས༔ ཆ་ཡོད་ཀུན་ལ་མ་སྨྲས་གྱོད་ཅིག་མཆི༔ གསོལ་ཟས་ངོ་མི་བརྒྱལ་བར་འདྲེན་འཚལ་ན༔ ཁྱོད་ནི་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ༔ རྒྱལ་བློན་འཁོར་ཚོགས་སྦྱིན་པར་མི་གཏོང་ངམ༔ ཀླུ་ཡི་རྒྱལ་པོ་

1-44a

༄༅༔       ༔ནེ་ལེ་ཐོད་དཀར་ཞེས༔ མུ་གེས་གདུངས་པ་འཁྲིགས་པ་ཕར་སོང་གསུངས༔ ལྕག་བོར་སེང་གེ་ཆེན་པོ་ཞིག་ཏུ་བརྫུས༔ ཁོ་ཁྲོས་ཐོག་ཆེན་ཆར་པ་ཕབ༔ དེ་ནས་སློབ་དཔོན་སྦྲ་དཀར་ནང་དུ་ཞུགས༔ རྡོ་རྗེ་གསོར་ཞིང་སྦྲ་དཀར་རྡོ་རྗེར་བསྒོམས༔ ཐོག་འདྲེད་མཚོར་སོང་མཚོ་ནང་སེམས་ཅན་ཤི༔ སློབ་དཔོན་བྱིན་བརླབས་སེམས་ཅན་བསོས་པར་གྱུར༔ སློབ་དཔོན་ཆེན་པོ་དབང་ཆེན་ཁྲོས་པ་ཡི༔ ཏིང་ངེ་འཛིན་ལ་བཞུགས་ཏེ་གངས་ལ་གཟིགས༔ གངས་ཞུ་ནག་པོར་སོང་བས་ཁོ༔ རབ་ཏུ་དངངས་ནས་སྐྱེས་པ་རས་དཀར་གྱོན་པ་ཅིག༔ སློབ་དཔོན་ལ་ནི་ཕྱག་འཚལ་སྐོར་བ་བྱེད༔ ཨེ་མ༔ འདས་པའི་དུས་ན་པདྨ་ཧེ་རུ་ཀ༔ མ་འོངས་དུས་ན་དྲིན་ཅན་པད་འབྱུང་ཁྱོད༔ ད་ལྟའི་དུས་ན་སྤྲུལ་སྐུ་ཁྱད་པར་ཅན༔ ཅི་བལྟས་མཛེས་པའི་སྐུ་ལ་མོས་པ་ཐོབ༔ ཅི་གསུངས་སྙན་པའི་གསུང་ལ་ངེས་ཤེས་སྐྱེས༔ ཅི་མཛད་ཐབས་ལ་མཁས་པའི་མི་མཆོག་ལགས༔ བདག་ཀྱང་འཁོར་བཅས་ཁྱོད་

1-44b

ལ་སྐྱབས་སུ་མཆི༔ ཕྱི་མི་འགྱོད་པ་བསྐངས་བྱས་སངས་རྒྱས་བདག་ཞལ་མཐོང་༔ འབངས་སུ་མཆིའོ་ཐུགས་དགོངས་སྤྱན་ཟུར་གློད༔ དམ་ལ་ཆེར་གནས་ཁྱོད་ཀྱི་བསྟན་པ་བསྲུང་༔ རྗེས་སུ་གུས་ཕྱིར་བདག་གི་གནས་སུ་གཤེགས༔ དེ་སྐད་ཟེར་ནས་སྤྱན་དྲངས་རབ་ཏུ་མཆོད༔ མདངས་ལྡན་འཛུམ་ཕྱུང་མགྲོན་བཟང་བྱས༔ གསང་མཚན་རྡོ་རྗེ་མཆོག་རབ་རྩལ་དུ་བཏགས༔ ཉི་ཤུ་རྩ་གཅིག་གཏེར་གཉེར་བཅོལ་གཏད་བྱས༔ དེ་ནས་གནམ་དུ་བྱོན་པས་ཆུ་ཚན་གཟིགས༔ ཉི་ཚེ་ཉེ་འཁོར་དམྱལ་བ་འདི་ན་འདུག༔ དགོངས་པ་མཛད་པས་ལོ་དྲུག་ན་མནལ་བྲིའོ༔ སོ་ཤ་ཡུ་ཆུང་བྲག་ལྕམ་དམ་སྲི་འགོང་༔ ལོག་པའི་གཞི་བྱེད་མུ་སྟེགས་པ་ཞིག་གིས༔ རྒྱ་བོད་ལྷ་འདྲེ་ཐམས་ཅད་འདུལ་གྱི་གླེང་༔ གང་ལ་ཤིན་ཏུ་གཏུམ་སེམས་ལྡན་གྱུར་ཀྱང་༔ མི་བཟད་མ་རུངས་ངན་པའི་ལས་བྱེད་པ༔ ཆོས་མ་ཡིན་པ་སྤྱོད་ཅིང་ཐབས་ལ་དགའ༔ ལྷ་འདྲེ་མི་གསུམ་ཟས་ནོར་ཐམས་ཅད་འབྲལ༔ དེ་ལ་བར་

1-45a

༄༅༔       ༔ཆད་ཆོ་འཕྲུལ་དབབ༔ དམ་སྲི་འགོང་པོ་མང་པོའི་དམག་གིས་བསྐོར༔ བོང་བུ་ཞོན་པ་མང་པོ་ཡིས༔ ལ་ལ་དག་ནི་མཁའ་ལ་འཕྱོ༔ ལ་ལ་དག་ནི་བར་སྣང་འཁྲིགས༔ ལ་ལ་དག་ནི་ས་གཞི་ཁེངས༔ སློབ་དཔོན་སྟེང་དུ་རླུང་གི་བསྐལ་པ་ཕབ༔ བྱེ་མའི་ཁ་ཚུབ་འཚུབ་མ་དང་༔ ས་ཡི་ཆར་ཕབ་ས་ཡིས་མནན་པ་ལ༔ སློབ་དཔོན་ནམ་མཁའ་དཀར་ནག་མཚམས་སུ་བྱོན༔ གཡའ་སྤང་བྲག་རིར་ལྷ་འདྲེ་གནས་པ་དང་༔ ད་ལྟ་བོད་ཀྱི་ལྷ་འདྲེ་ཐམས་ཅད་རྣམས༔ ཨོ་རྒྱན་པདྨ་ང་ལ་དོ་འཛུགས་པའི༔ སོ་ཤ་གཙང་པོའི་གཞུང་ལ་ཕུས་བཏབ་བསྐྱུར༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ དེ་ནས་སྟོད་ལུང་ཀོ་བ་བྲག་ཏུ་བྱོན༔ འབར་མ་གསུམ་གྱིས་བར་གཅོད་བྱས༔ དབང་ཕྱུག་འབར་མ་ཤེས་རབ་འབར་མ་དང་༔ རྡོ་རྗེ་འབར་མ་བདུད་མོ་མཐིང་ནག་གསུམ༔ མགོ་གསུམ་མིག་དགུ་ཉི་མ་ལྟ་བུར་འབར༔ སྡང་མིག་ཕྱོགས་བཅུར་བགྲད་ནས་བདུད་དམག་གཡོབ༔ རལ་པ་

1-45b

འབུམ་རྒྱན་ཁྲོ་གཉེར་མཆེ་བ་གཙིགས༔ གཡས་ཀྱིས་གྲི་གུག་ནམ་མཁར་གདེངས་ཚུལ་བསྣམས༔ གཡོན་པ་ནད་ཀྱི་རྐྱལ་པ་ཁ་ཕྱེ་བསྣམས༔ མི་ལ་ཚ་བ་ནད་ཀྱི་དབལ་གཏོང་པ༔ ལྕེ་ཡིས་བར་སྣང་ཁམས་ཁེབས་རྐན་རྡེབ་པ༔ རལ་པ་གསིག་དཀྲུག་སྐྲ་གསེབ་གློག་འཁྱུག་པ༔ ཐོག་དང་སེར་བའི་བུ་ཡུག་ཚུབ་མ་འཚུབ༔ སྟག་མོ་རོལ་པའི་གདན་སྟེང་དོར་སྟབས་བགྲད༔ བརྗིད་པའི་ཆེ་བ་སྐུ་ནི་རི་རབ་མཉམ༔ རོལ་དུ་སེང་གེ་དཀར་མོ་མ་སྨད་ཁྲིད༔ སྔོན་ནས་བཤུལ་འདྲེན་ཤ་ཟ་མ་མོ་འབུམ༔ མོན་མོ་མོན་ཕོ་མཁའ་འགྲོ་མ༔ ལ་ལ་ཤ་ཟ་ལ་ལ་ཁྲག་འཐུང་བ༔ ལ་ལ་པགས་གྱོན་ལ་ལ་རོ་ལ་ཞོན༔ ལ་ལ་ཀླད་བལྡག་ལ་ལ་འོ་དོད་འབོད༔ ལ་ལ་རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འཐུང་༔ སྲིད་གསུམ་ཟས་སུ་བཟོས་ཀྱང་མི་འགྲངས་པ༔ མདུན་བསུ་སྔོན་ནས་བཤུལ་འདྲེན་ན༔ གཡས་ནས་གདོན་ཆེན་བཅོ་བརྒྱད་གཡས་རུ་འདྲེན༔ ལག་ན་རལ་གྲི་དང་ནི་བེ་ཅོན་དང་༔ ཐོ་བ་དགྲ་སྟ་དབྱུག་

1-46a

༄༅༔       ༔ཏོ་ཞགས་པས་བཅིངས༔ གྲི་གུག་གཏུན་ཤིང་བ་དན་ནག་པོ་དམར་སེར་འཕྱར༔ རོ་ལངས་ཞོན་ནས་གཡས་ནས་སྭོས་འདེབས་སོ༔ མོ་ཡི་གཡོན་གྱི་ཕྱོགས་ནས་རུ་འདྲེན་པ༔ བྱིས་པའི་གདོན་ཆེན་བཅོ་ལྔ་སྟེ༔ སྟག་ཆས་གཟིག་ཆས་གུག་ཆས་བཅུག་ནས་ཆས༔ གོ་ཆ་སྲ་ཞིང་མཚོན་རྣོ་ཕོ་བརྒྱ་ཕུབ་དང་བཅས༔ རྒྱོབ་སོད་སྭོས་འདེབས་མོ་ཡི་་་གཡོན་རུ་འདྲེན༔ ཕྱོགས་སྐྱོང་བཅུ་དང་འཁོར་གཡོག་གནོད་སྦྱིན་ཏེ༔ སོ་སོ་རང་རང་ཆས་དང་ལག་ཆ་བསྣམས༔ ཕྱི་གཞུག་སྡུད་ཅིང་མོ་ཡི་རྟིང་སྐུལ་བྱེད༔ མ་མོ་འཁོར་དང་བཅས་པ་དེ་རྣམས་ཀྱིས༔ སློབ་དཔོན་སྟེང་ན་མར་ལ་ཁྲག་ཐུན་ཕབ༔ མཚོན་ཆའི་ཆར་དང་བུ་ཡུག་ཆར་པ་ཕབ༔ ལུང་པའི་མི་རྣམས་གཏུབ་ཅིང་གསོད་པ་དང་༔ ནང་ཁྲོལ་དོན་སྙིང་ཕྱུང་ནས་ཟ་བ་དང་༔ བླ་འདེད་པ་དང་ཞགས་པ་འདེབས་པ་དང་༔ ཁྲིད་ནས་བྱུང་དང་བསད་ནས་ཟ་བ་དང་༔ མི་རྣམས་དངངས་ཤིང་འབྲོས་འཇུག་

1-46b

ཆོ་འཕྲུལ་སྟོན༔ མི་ཡི་ལུས་ལ་བྱ་མགོ་གསུམ་ཡོད་པ༔ ཁ་གདངས་མིག་བགྲད་ཕྲག་གཡས་འུག་པ་འགྱེད༔ ཕྲག་གཡོན་ཕོ་རོག་སྤྱི་གཙུག་སྲིན་བྱ་འགྱེད༔ ལག་པ་གཡས་ན་མི་རོ་གཡོན་ན་ཝ༔ ཕག་པ་ནག་པོ་བཞོན་ནས་སྤྲེའུ་ཁྲིད༔ ལ་ལ་ལུང་པའི་ཁང་ཐོག་ལྡིང་༔ ལ་ལ་གོས་དང་སྒྱེད་བུའི་ཁ་ལ་བབ༔ ལ་ལ་མལ་སར་ཞུགས་ནས་སྐད་ལོག་འདོན༔ ཕུ་ན་ལིངས་པ་མདའ་ན་ཉ་པས་ཁེངས༔ བར་ན་ཁེ་པ་སྲིན་པོ་གདོང་དམར་ཡུལ༔ ཨོ་རྒྱན་པདྨ་འབྱུང་གནས་ཐུགས་ཁྲེལ་ཏེ༔ བུད་མེད་ང་ལ་ཨུར་ནས་འདུག༔ ལུང་པ་འདི་ལ་སྟོད་ལུང་ཟེར་བ་ཡིན༔ བུད་མེད་བློ་ལ་སྙིང་པོ་མེད་པས་སྐྱོ༔ དཔེར་ན་ཆུ་དང་ཆུ་སྙིགས་ལྦུ་བ་ཡིན༔ འདི་ལ་བལྟོས་ན་སངས་རྒྱས་བསྟན་པ་ནུབ༔ འཁོར་བའི་སེམས་ཅན་ལས་ཀྱིས་འཁོར་བ་ལ༔ རྒྱུ་འབྲས་མང་པོ་འདི་རུ་བསྟན་མི་ལང་༔ དགྲས་འབྲེལ་བདུད་མོ་ཕྲད་པས་སྟོད་ལུང་ཕུང་༔ སྐྱོན་རྣམས་སེམས་ཀྱིས་དྲན་པའི་མི་ཀུན་གྱིས༔ འཇིག་རྟེན་ཕྱི་མ་

1-47a

༄༅༔       ༔བརྗེད་པར་བྱས་ནས་སུ༔ སྤྱང་པོ་མདོ་ཅན་ཁས་མ་ལེན༔ ཞེས་གསུངས་ཕཊ་བརྒྱབ་བུ་མོ་གཞོན་ནུར་གྱུར༔ ཨོ་རྒྱན་པདྨ་འབྱུང་གནས་བཀའ་སྩལ་པ༔ ལུས་ཕྱིར་སྡིག་པ་བསགས་པའི་བུ་མོ་རྣམས༔ ཞིག་ཅིང་ཕྱེ་ན་ལུས་ལ་སྙིང་པོ་མེད༔ དབང་པོའི་སྒོ་ནས་ངན་སྐྱུགས་ཐམས་ཅད་འཛག༔ ཇི་ལྟར་ལེགས་ཀྱང་ཐ་མར་འཇིག་པ་ཡིན༔ མི་གཙང་རྫས་མེད་སུམ་ཅུ་རྩ་གཉིས་གང་༔ རླུང་དང་མཁྲིས་པ་བད་ཀན་ལ་སོགས་པ༔ ནད་རིགས་བཞི་བརྒྱ་རྩ་བཞིའི་གཞི་རུ་གྱུར༔ གོས་ཟས་རྒྱན་ནོར་འདོད་པའི་སྒོ་སླགས་མང་༔ གོན་ཟོས་ཇི་ཙམ་བྱས་ཀྱང་ཆོག་ཤེས་མེད༔ ཚ་གྲང་གང་ཡང་མི་བཟོད་ཕྱི་རུ་ལུས༔ ནམ་མཁའི་སྤྲིན་དང་འདྲའོ་བུ་མོ་གཞོན་ནུ་མ༔ མགོ་དཀར་གཉེར་མ་འདུས་ཀྱང་གཤེད་མ་བྱེད༔ མི་བཀྲེན་པ་ལ་ཁ་གཡོས་སྣ་ཚོགས་སོང་༔ བསྟན་པར་གནོད་པའི་ཆོས་མི་བྱ་བ་གཅེས༔ ང་ནི་སྔགས་པ་པདྨ་འབྱུང་གནས་ཡིན༔ རོ་ལངས་

1-47b

བདུན་སྟོབས་པད་འབྱུང་འཇོམས་པ་ཡིན༔ སྒྲོལ་བ་ཚད་དུ་ཕྱིན་པའི་པདྨ་འབྱུང་༔ ལྟ་སྤྱོད་སྦྱོར་སྒྲོལ་གཉིས་སུ་ལ་དོར་ཡང་༔ ཉོན་མོངས་འཁོར་བའི་ཆོས་ཀྱིས་མ་གོས་པ༔ བྱང་ཆུབ་སེམས་ཀྱི་རང་བཞིན་རྒྱུད་ལ་ཡོད༔ སེམས་ཅན་དོན་བྱེད་ཕན་པའི་རཀྟ་ལྔ༔ བུ་མོ་ཁྱེད་རྣམས་བདག་ལ་མི་འབུལ་ན༔ འབྲུ་སྣ་ལྔ་ལ་ཉ་བོ་བརྒྱ་རྩ་བརྒྱད༔ སྦྱིན་སྲེག་ཕྱོགས་བཞི་མཚམས་བརྒྱད་མདོག་མཐུན་བཞག༔ དུག་དང་མི་ཁྲག་བོང་བུའི་གཅིན་དང་ནི༔ རྣམ་སྣང་ཁྱི་ཁྲག་སྐྱེ་ཚེ་བྲའོ་ནས༔ སྲན་མ་བོང་སྦངས་བྱ་ནག་ལུག་ནག་ཁྲག༔ ཕན་སེམས་མེད་པའི་འདྲེ་མོ་དཔུང་བཅས་བསྲེག༔ ཅེས་གསུངས་པས་རབ་ཏུ་དངངས་ཤིང་འདར་རོ༔ དེ་ཚེ་དེ་དུས་ཁ་ཁ་རོང་སྒོར་ནས༔ ལྷ་མ་དྲི་ཟ་མ་དང་གཤིན་རྗེ་མ༔ གནོད་སྦྱིན་མ་དང་མདངས་ཅན་མ་རྣམས་ཀྱིས༔ ཅི་འདོད་དངོས་གྲུབ་ནམ་མཁའི་ཀློང་ལས་བླངས༔ ཨེ་ཨེ༔ སློབ་དཔོན་ཆེན་པོ་ལགས༔ སྙིང་གཏམ་ལགས་པས་གསན་པར་

1-48a

༄༅༔       ༔ཞུ༔ བདུད་མོ་འབར་མ་སྤུན་གསུམ་འདི༔ རྒྱ་མོ་སྨད་འཚོང་མ་ཡི་ཡུལ་ནས་སྤྱུགས༔ གནས་མེད་ཀོ་བ་བྲག་ཕུག་བརྟེན༔ མ་ཉེས་འགྲོ་བ་མང་པོ་ལ༔ ཟས་མེད་ཟས་སུ་ཟ་བ་ཡིན༔ གོས་མེད་གོས་སུ་གྱོན་པ་ཡིན༔ དལ་ཡམས་གཅོད་པར་ཁས་ལེན་ན༔ དུག་ཚེར་མེ་ལ་མེ་སྲེག་འཚལ༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ལ༔ ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་ཀུན་རེ་བས༔ ཅི་ཟེར་མི་བདེན་ཅི་བྱེད་བདེན༔ ནད་ཀྱིས་གདུངས་པའི་ཟ་མ་མོ༔ རྒྱལ་སྲས་སྐུ་ལ་སྐྱབས་སུ་མཆི༔ དུག་ལྔ་རྒྱས་པའི་ཟ་མ་མོ༔ རྒྱལ་སྲས་གསུང་ལ་སྐྱབས་སུ་མཆི༔ སྐྱོན་གྱི་གཞི་མ་ཟ་མ་མོ༔ རྒྱལ་སྲས་ཐུགས་ལ་སྐྱབས་སུ་མཆི༔ འཁོར་བའི་རྒྱུ་རྐྱེན་ཟ་མ་མོ༔ རྒྱལ་སྲས་ཡོན་ཏན་སྐྱབས་སུ་མཆི༔ བློ་རྩེ་གཉིས་པའི་ཟ་མ་མོ༔ རྒྱལ་སྲས་ཕྲིན་ལས་སྐྱབས་སུ་མཆི༔ སྤྱིར་ན་འཇིག་རྟེན་གཙང་རིས་ལྷ་འདྲེ་ནི༔ ཕལ་ཆེར་ཕར་ལ་གནོད་པ་མ་བགྱིས་ན༔ ཚུལ་ལ་འཚེ་

1-48b

བ་མི་བྱེད་དམ་ཚིག་ཡིན༔ ཅེས་སྨྲས་ཏེ་དམ་ནོས་སོང་ངོ་༔ བདུད་མོ་སྤུན་གསུམ་རྒན་མོ་ར་སླག་ཅན་གསུམ་སོང་༔ བྲང་ལ་ལག་པ་གཉིས་བཀབ་གདོང་བཤུམས་ནས༔ མིག་འཕངས་སྨད་དེ་སྐྱེངས་བཞིན་ལོགས་སུ་འདུག༔ རྒན་མོ་གསུམ་གྱིས་སློབ་དཔོན་ལ་འདི་སྐད་གསོལ༔ སྒོས་རྒན་མོ་སྤུན་གསུམ་འདི༔ སྔོན་བྱས་ལས་ཀྱི་བསོད་ནམས་མ་མཐུན་ན༔ སྟོན་པ་གཅིག་གི་བསྟན་ལ་སྨོན་ལམ་མི་ཐེབས་ལགས༔ བསམ་ཞིང་སློབ་དཔོན་བཀའ་ལ་བརྙས་པའམ༔ ཆེད་དུ་དམིགས་ཏེ་འགྲོ་ལ་གནོད་བྱས་པ༔ བགྱིད་དམ་བགྱིད་དུ་སྩལ་བ་མ་མཆིས་ཏེ༔ ཕུ་རུ་རི་སྡོག་མདའ་རུ་ཆུ་སྡོག་ཅིང་༔ བར་དུ་ཁེ་ཁྲམ་གཡོ་སྒྱུ་ཨར་རྐུ་སྤུངས༔ ངེད་ཅག་མ་མོ་མཁའ་འགྲོ་ཁྲོས་པ་ཡིན༔ ཁོ་མོ་ཅག་གི་རིགས་སུ་གྱུར་པ་རྣམས༔ སྡེ་ཚན་གཏོགས་པའི་འཁོར་གཡོག་གྱུར་པ་དང་༔ ཡང་གཡོག་ཤ་ཟ་འཚེ་བ་བགྱིད་པ་ལགས༔ དེ་ཡང་ཁོ་མོ་སྤུན་གསུམ་བདེ་གྱུར་ན༔ སློབ་དཔོན་བཀའ་ལ་ཉན་པས་ལས་རྣམས་

1-49a

༄༅༔       ༔འགྲུབ༔ མི་ནད་ཕྱུགས་ནད་ཆེད་དུ་གསལ་བར་བགྱི༔ ཅི་ནས་ཀྱང་ཁོ་མོ་ཅག་རྒན་མོ་གསུམ༔ སྙིང་རྩ་འཕར་ཞིང་ལུས་པོ་འདར་རོ༔ ཐུགས་རྗེས་གཟིགས་འཚལ་རྗེ་ན་མོ་གུ་རུ༔ རཀྟ་ལྔ་ཕུལ་ཞུ་བ་ནན་འབུལ་བྱུང་༔ དེ་ནས་སློབ་དཔོན་བཀའ་སྩལ་པ༔ ང་ལུས་རིག་འཛིན་སྐྱེ་ཤི་གཉིས་མེད་ཀྱི་གཞི་བཏིང་༔ སྙིང་རྗེ་གཞན་དོན་མིན་པ་བྱ་རྒྱུ་མེད་པས་ཁོག་ཕུབ༔ དབང་པོ་ནམ་ལངས་སྤྲིན་མེད་ཉི་མས་ལམ་དྲངས༔ བློ་རིག་པ་ཡེ་ཤེས་དང་ལྡན་པས་ལྕེ་འཕྲུལ་བདེ༔ ང་མི་ལུས་རིན་ཅེན་ཐོབ་སྟེ་ནོར་པ་མེད༔ གསོངས་གཅིག་མ་ནི་མཆུ་ལ་སྨྲ་མ་མྱོང་༔ ཟློས་གཅིག་མ་ནི་ཁོང་པའི་ནང་དུ་བསྐྱིལ་མ་མྱོང་༔ ལས་སྦྱོར་དུས་འདིར་བདུད་མོ་སྤུན་གསུམ་འགྱོད་པས་འདུན༔ མ་འོངས་ཕན་བྱེད་བསྐྱེད་པའི་དགེ་བ་ལམ་དུ་ལུས༔ ཕྱི་རབས་དུས་སུ་བདུད་མོ་སྤུན་གསུམ་སྙིང་ལ་འཇུག༔ བུད་མེད་ཐམས་ཅད་གསོན་འདྲེར་གནོད་པ་འོང་༔ མི་ཕྱུགས་ཤ་ཁྲག་དབང་བྱེད་མི་རྣམས་

1-49b

འཇིགས་པ་བརྒྱད༔ བསྟན་བསྲུངས་དགྲ་ལ་རྦོད་རྦད་དུ་མ་མཛད༔ སྲོག་སྙིང་ཕུལ་ནས་དམ་ལ་བཏགས༔ གཏེར་ཁ་གསུམ་གཏད་བཀའ་སྲུང་བཅོལ༔ སྐུ་ལ་ཐང་ལྷ་སོ་ཤ་ཡུ་ཆུང་འབར་གསུམ་དམ་ལ་བཏགས་པའི་ལེའུ་སྟེ་བཅུ་དྲུག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔