༄༅། །བཀའ་ཐང་སྡེ་ལྔ།
མཇུག་བྱང་།
上一章
下一章

(མཇུག་བྱང་།)

དེ་ནས་ཨོ་རྒྱན་པདྨའི་ཞལ་ནས་སུ༔ བདག་འདྲ་པདྨ་འབྱུང་གནས་ལ༔ ཐུན་མོང་མངོན་པར་ཤེས་པ་ལྔ༔ ཁྱད་པར་མངོན་པར་ཤེས་པ་ལྔ༔ བླ་མེད་མངོན་པར་ཤེས་པ་ལྔ༔ རྫུ་འཕྲུལ་མངོན་པར་ཤེས་པ་ལྔ༔ ཟག་བཅས་མངོན་པར་ཤེས་པ་ལྔ༔ ཟག་མེད་མངོན་པར་ཤེས་པ་ལྔ༔ འདས་པའི་མངོན་པར་ཤེས་པ་ལྔ༔ མ་འོངས་མངོན་པར་ཤེས་པ་ལྔ༔ ད་ལྟའི་མངོན་པར་ཤེས་པ་ལྔ༔ མ་ངེས་མངོན་པར་ཤེས་པ་ལྔ༔ འཇིག་རྟེན་མངོན་པར་ཤེས་པ་ལྔ༔

1-80a

༄༅༔       ༔མངོན་ཤེས་ལྔ་བཅུ་རྩ་ལྔ་མངའ་བ་ཡིས༔ ལྷ་འདྲེ་དམ་ལ་བཏགས་ནས་གཏེར་རེ་གཏད༔ ལྷ་ལྕམ་མན་དཱ་ར་བས་ཡི་གེར་བཏབ༔ བསམ་ཡས་བུ་ཚལ་རུས་སྦལ་འོག་ཏུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མཱ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གསང་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ རྒྱ་རྒྱ་རྒྱ༔ མེ་མོ་ཕག་གི་ལོ་སྟག་གི་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་བུ་ཚལ་གསེར་ཁང་གླིང་གི་སྒོ་གཡས༔ རུས་སྦལ་འོག་ནས༔ གྲ་སྟོད་ཡར་ཆེན་པ་ཨོ་རྒྱན་གླིང་པ་ངས༔ ཀུན་དགའ་ཚུལ་ཁྲིམས་ཁྲིད་ནས་བཏོན༔ ཤོག་སེར་ནི་ཤོག་དྲིལ་གཅིག་འདུག་གོ༔ སརྦ་མངྒ་ལཾ༔