༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཞི་པ། བདེ་གཤེགས་རྒྱལ་བ་ཇི་ལྟར་བྱོན་པའི་ལེའུ།
上一章
下一章

(ལེའུ་བཞི་པ། བདེ་གཤེགས་རྒྱལ་བ་ཇི་ལྟར་བྱོན་པའི་ལེའུ།)

བདེ་གཤེགས་རྒྱལ་བ་ཇི་ལྟར་བྱོན་པ་ནི༔ འདས་པའི་དུས་ཀྱི་བསྐལ་པ་སྔོན་བྱུང་ལ༔ མཛེས་པ་སྣང་བ་ཞེས་བྱའི་འཇིག་རྟེན་དུ༔ རྒྱལ་བའི་ཞིང་ཁམས་རྣམ་པར་བརྒྱན་པ་དེར༔ བདེ་གཤེགས་མཚན་ནི་ཡོན་ཏན་མཐའ་ཡས་དཔལ༔ རིན་ཅེན་སྣ་ཚོགས་བཀོད་པའི་རྒྱལ་བ་ཡི༔ བསྟན་པ་དེ་ལ་འཁོར་ལོས་སྒྱུར་བའི་རྒྱལ༔ རྒྱལ་པོ་ཡུལ་འཁོར་བསྲུང་ཞེས་བྱ་བ་ཡིས༔ བཙུན་མོ་སྟོང་དང་རྩ་གཉིས་ཁབ་ཏུ་བཞེས༔ ལོ་བཟང་ཚེས་གྲངས་གཟའ་སྐར་ནུབ་གཅིག་ལ༔ བཙུན་མོ་སྟོང་ལ་རྒྱལ་སྲས་སྟོང་དུ་འཁྲུངས༔ བཙུན་མོ་གཉིས་

2-20a

༄༅༔      ༔ལ་པང་དུ་ཁྱེའུ་རེ༔ མངལ་ནས་མ་འཁྲུངས་འོད་དང་བཅས་ནས་བྱོན༔ དེ་རྣམས་ཆེ་ཆུང་གོང་འོག་སྲས་བརྟག་ཕྱིར༔ རྒྱལ་པོས་གསེར་བུམ་གཡུ་ཡི་ཁ་བད་ཅན༔ རིན་ཅེན་སྣ་ཚོགས་ཕྲ་ཡིས་བརྒྱན་པའི་ནང་༔ གསེར་ཤོག་སོར་བཞི་སྟོང་དང་རྩ་གཉིས་ལ༔ བཻ་ཌཱུར་ཞུན་མས་རྒྱལ་བུ་རྣམས་ཀྱི་མཚན༔ ཚིགས་སུ་བཅད་པས་སྨོན་ལམ་བཀའ་ནན་བྲིས༔ བུམ་པར་སྩལ་ནས་དཀོན་ཅོག་མཆོད་པ་ཕུལ༔ རྡོ་རྗེ་ཕ་ལམ་སྐྱ་བས་ལན་བདུན་དཀྲུགས༔ སྨོན་ལམ་དབང་གིས་ཞག་བདུན་གསེལ་བ་བཏབ༔ ཞག་བདུན་ནངས་པར་ཁ་ཕྱེས་མཚན་བྱང་བལྟས༔ ཐོག་མར་མཚན་གྱི་ཡིག་འབྲུ་འདི་སྐད་སྨྲ༔ མ་འོངས་བསྐལ་པ་འདི་འདས་འོག་རོལ་དུ༔ གནས་བཟང་བསྐལ་པ་ཉི་ཤུའི་དང་པོ་ལ༔ སྐྱེ་རྒུས་ཚེ་ལོ་དྲུག་ཁྲི་ཐུབ་བའི་དུས༔ འཁོར་ལོས་སྒྱུར་རྒྱལ་མཆོག་སྦྱིན་བྱ་བའི་སྲས༔ བདེ་བར་གཤེགས་པ་འཁོར་བ་འཇིག་ཅེས་འབྱོན༔ དམ་ཆོས་

2-20b

ལོ་གྲངས་བརྒྱད་ཁྲིའི་བར་དུ་གནས༔ སྐྱེ་རྒུས་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས༔ འཁོར་ལོས་སྒྱུར་རྒྱལ་ཙན་དྷ་ཞེས་བྱའི་སྲས༔ བདེ་བར་གཤེགས་པ་གསེར་ཐུབ་ཅེས་བྱ་འབྱུང་༔ དམ་ཆོས་ལོ་གྲངས་སྟོང་གི་བར་དུ་གནས༔ སྐྱེ་རྒུས་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས༔ འཁོར་ལོས་སྒྱུར་རྒྱལ་ཀྲྀ་ཀི་ཞེས་བྱའི་སྲས༔ བདེ་བར་གཤེགས་པ་འོད་སྲུངས་ཞེས་བྱ་འབྱོན༔ དམ་ཆོས་ལོ་གྲངས་བདུན་ཁྲིའི་བར་དུ་གནས༔ སྐྱེ་རྒུའི་ཚེ་ལོ་བརྒྱ་པར་གྱུར་པའི་དུས༔ ཟས་གཙང་ཞེས་བྱ་རྒྱལ་པོ་ཆེན་པོའི་སྲས༔ བདེ་བར་གཤེགས་པ་ཤཱཀ་ཐུབ་ཅེས་བྱ་འབྱོན༔ དམ་ཆོས་ལོ་གྲངས་ལྔ་བརྒྱ་ཕྲག་བཅུར་གནས༔ རྒྱལ་བུ་སྟོང་རྣམས་སངས་རྒྱས་གྱུར་པའི་རྗེས༔ མ་སྨད་མ་དང་དཔེ་མེད་མ་ཡི་བུ༔ པང་སྐྱེས་ཆོས་ཀྱི་སེམས་དང་བློ་གྲོས་གཉིས༔ ཚངས་པ་དང་ནི་ཕྱག་ན་རྡོ་རྗེར་འགྱུར༔ ཚངས་པས་བདེ་གཤེགས་ཆོས་ལ་བསྐུལ་བ་དང་༔ ཕྱག་ན་རྡོ་རྗེས་ཆོས་

2-21a

༄༅༔      ༔ཀྱི་སྡུད་པ་མཛད༔ བདེ་གཤེགས་ཞིང་ཁམས་བསྟན་པ་དར་ཞིང་རྒྱས༔ ཁམས་གསུམ་སེམས་ཅན་བྱང་ཆུབ་སྙིང་པོ་འཐོབ༔ བདེ་གཤེགས་རྒྱལ་བ་ཇི་ལྟར་བྱོན་པའི་ལེའུ་སྟེ་བཞི་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔