༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་པ། སྔགས་འཆང་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལེའུ།
上一章
下一章

(ལེའུ་བཅུ་པ། སྔགས་འཆང་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལེའུ།)

སྔགས་འཆང་གྲུབ་ཐོབ་ཇི་ལྟར་བྱོན་པ་ནི༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐུ་རིང་ལ༔ སློབ་དཔོན་པདྨ་འབྱུང་གནས་གདན་དྲངས་ནས༔ བོད་ཀྱི་ས་གཞི་ཐམས་ཅད་བྱིན་གྱིས་བརླབས༔ ལྷ་སྲིན་གདུག་པའི་སྲོག་སྙིང་ཕྲོགས་ནས་ནི༔ ཐུགས་ཀྱི་སྲས་བརྒྱད་རྗེ་འབངས་བཅས་པ་ལ༔ དབང་བསྐུར་ལྷ་ཚོགས་དངོས་སུ་ཞལ་བསྟན་ནས༔ ལྷ་རྒྱུད་སྒྲུབ་ཐབས་མན་ངག་སོ་སོར་གནང་༔ མཆིམས་ཕུ་ལ་སོགས་དབེན་གནས་མང་པོ་རུ༔ ལོ་གསུམ་བར་དུ་སོ་སོར་སྒྲུབ་པ་མཛད༔

2-49b

རང་རང་གྲུབ་རྟགས་སོ་སོར་ཐོན་པའི་དུས༔ ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས༔ སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་འདེབས༔ རྒྱལ་བ་མཆོག་དབྱངས་རྟ་སྐད་ཕྱོགས་བཅུར་ཁྱབ༔ མཁར་ཆེན་མཚོ་རྒྱལ་བསད་པའི་མི་རོ་སློང་༔ དཔལ་གྱི་ཡེ་ཤེས་མ་མོ་མངོན་དུ་ཁོལ༔ དཔལ་གྱི་སེང་གེ་ལྷ་སྲིན་བྲན་དུ་འཁོལ༔ བཻ་རོ་ཙ་ན་ཡེ་ཤེས་སྤྱན་དང་ལྡན༔ མངའ་བདག་རྒྱལ་པོ་མི་གཡོ་ཏིང་འཛིན་གྲུབ༔ གཡུ་སྒྲ་སྙིང་པོ་རྟོགས་པ་མཆོག་དང་ལྡན༔ ཛྙཱ་ན་ཀུ་མཱར་རྫུ་འཕྲུལ་མཆོག་དང་ལྡན༔ རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད༔ ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས༔ སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན༔ སྣ་ནམ་ཡེ་ཤེས་བྱ་ལྟར་མཁའ་ལ་ལྡིང་༔ དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་ཚད་འགུམ༔ ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ༔ སྐ་བ་དཔལ་བརྩེགས་གཞན་

2-50a

༄༅༔      ༔གྱི་སེམས་ཀུན་ཤེས༔ ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ཟློག༔ རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར༔ ཁྱེའུ་ཆུང་ལོ་ཡིས་ནམ་མཁའི་བྱ་རྣམས་ཟིན༔ དྲན་པ་ནམ་མཁས་བྱང་ནས་གཡག་རྒོད་ཁུག༔ འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཛུལ༔ རྨ་ཐོག་རིན་ཆེན་ཕ་བོང་ཟས་སུ་ཟ༔ དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་པ་མེད༔ ལང་འགྲོ་དཀོན་ཅོག་ཐོག་ཆེན་མདའ་ལྟར་འཕེན༔ རྒྱལ་བ་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་བཅའ༔ དེ་ལྟར་རྗེ་འབངས་གྲུབ་ཐོབ་དེ་རྣམས་ནི༔ ལྟ་བ་ཀློང་ཆེན་ཡངས་པ་ཀུན་གྱིས་རྟོགས༔ སྒོམ་པ་ཉི་མ་སྤྲིན་བྲལ་ངང་ནས་ནི༔ སྤྱོད་པ་གྲུབ་རྟགས་ཀུན་གྱིས་སོ་སོར་བསྟན༔ སྔགས་འཆང་གྲུབ་ཐོབ་ཇི་ལྟར་བྱོན་པའི་ལེའུ་སྟེ་བཅུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔