༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་བཞི་པ། བཞེངས་ཀྱི་ལྷ་ཁང་ཇི་ལྟར་བཞེངས་པའི་ལེའུ།
上一章
下一章

(ལེའུ་བཅུ་བཞི་པ། བཞེངས་ཀྱི་ལྷ་ཁང་ཇི་ལྟར་བཞེངས་པའི་ལེའུ།)

བཞེངས་ཀྱི་ལྷ་ཁང་ཇི་ལྟར་བཞེངས་པ་ནི༔ ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ༔ ཐོག་མར་མི་འགྱུར་བྱམས་པའི་གཙུག་ལག་ཁང་༔ གཡུ་རུ་ཁྲ་འབྲུག་དབུ་རུ་བཀའ་སྩལ་བཞེངས༔ གཡས་རུ་གཙང་འགྲམ་རུ་ལག་གྲོམ་པ་བཞེངས༔ ལྷོ་བྲག་མཁོ་མཐིང་མོན་ཡུལ་བུམ་ཐང་བཞེངས༔ སྤ་གྲོར་སྐྱེར་ཆུ་མདོ་ཁམས་ཀློང་ཐང་སྒྲོལ༔ ཉང་རོར་རྩིས་དང་རྒྱང་རོར་དཔལ་ཆད་བཞེངས༔ ཀོང་པོ་ཆུ་དར་ལྷ་ཁང་བཞེངས་སུ་གསོལ༔ མང་ཡུལ་བྱམས་སྤྲིན་ཚངས་པ་རླུང་གནོན་བཞེངས༔ སྤྲ་དུན་རྩེ་དར་སྐྱོ་ཡི་ལྷ་ཁང་བཞེངས༔ ཀློ་ཡུལ་ཁ་ར་ཉང་ཁམས་གྲུ་གུ་བཞེངས༔ འཕན་ཡུལ་བྱེ་རི་ལྷ་ས་

2-66b

འཕྲུལ་སྣང་དང་༔ ར་མོ་ཆེ་ཡི་གཙུག་ལག་ཁང་རྣམས་བཞེངས༔ ཆོས་རྒྱལ་སྲོང་བཙན་སྒམ་པོ་མན་ཆད་ནས༔ ལྷ་སྲས་མུ་ཏིག་བཙན་པོ་ཡར་འཁུམས་སུ༔ བཞེངས་ཀྱི་ལྷ་ཁང་བསམ་གྱིས་མི་ཁྱབ་བོ༔ བཞེངས་ཀྱི་ལྷ་ཁང་ཇི་ལྟར་བཞེངས་པའི་ལེའུ་སྟེ་བཅུ་བཞི་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔