༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་དྲུག་པ། བཀའ་ཡི་ནན་ཐག་ཇི་ལྟར་གདམས་པའི་ལེའུ།
上一章
下一章

(ལེའུ་བཅུ་དྲུག་པ། བཀའ་ཡི་ནན་ཐག་ཇི་ལྟར་གདམས་པའི་ལེའུ།)

བཀའ་ཡི་ནན་ཐག་ཇི་ལྟར་གདམས་པ་ནི༔ བཙན་པས་བཀའ་ལུང་སྩལ་བའི་དུས་སུ་ཡང་༔ ལེགས་ཉེས་ཆེ་ཆུང་གོང་འོག་ལེགས་པར་བརྟག༔ སེམས་ཞིབ་བསམ་མནོས་ཞིབ་རྒྱས་ལེགས་པར་གཏོང་༔ ཚིག་འདྲིལ་དོན་བསྡུས་འགག་སྤུངས་བརྡ་སྐད་སྦྱོར༔ རྒྱལ་པོ་

2-68a

༄༅༔      ༔སྨྲ་བ་ལན་གཅིག་གསུང་པ་སྟེ༔ དེ་ལས་བརྒལ་ན་ཉེས་ལ་ཆད་པ་གཅོད༔ ལེགས་ཉེས་ཆེ་ཆུང་ལེགས་པར་མ་བརྟགས་ན༔ སེར་གཞིག་ལོང་མེད་བཙན་པོའི་བཀའ་ལུང་ལ༔ ཉེས་མེད་མི་ལ་ཆད་པ་ཕོག་པ་མང་༔ བྱམས་པ་མེད་པའི་རྒྱལ་པོ་སྲིན་པོ་འདྲ༔ སེར་གཞིག་མེད་པའི་རྒྱལ་པོ་རྦབ་དང་འདྲ༔ ལེགས་ཉེས་ཆེ་ཆུང་ལྟ་ལོང་མེད་པར་ནི༔ ཐ་མལ་བྱོལ་སོང་ཡུས་ཀྱིས་བརྣངས་པ་འདྲ༔ མ་བརྟགས་མ་གཞིགས་བཙན་པོའི་བཀའ་ལུང་ནི༔ གཞན་གྱིས་ཁྲེལ་ཞིང་རང་རེ་གྱོད་ཀྱིས་ཟིན༔ དོན་མེད་སེམས་ཅན་སྡུག་བསྔལ་མཚོ་རུ་བསྐྱུར༔ རང་ཉིད་གྱོད་ཀྱང་ཐལ་ཟིན་བཅོས་མི་བཏུབ༔ བློན་པོ་ངན་པས་མི་རྣམས་གྱོད་ཀྱི་སྐྱེལ༔ ཁྲིམས་ཀྱི་སྲང་མདའ་ལེགས་པར་བརྟགས་པའི་དུས༔ རང་འདོད་བཤད་པས་བདེན་པའི་ཚིག་མི་ཐོས༔ རྒྱལ་པོ་གོས་ངན་ཆས་སུ་ཞུགས་ནས་ནི༔ རང་གི་མངའ་རིས་ཡུལ་

2-68b

ཁམས་མྱུལ་བར་བྱས༔ ལེགས་ཉེས་ཁྲིམས་ཀྱི་བྱ་ར་ལོ་རྒྱུས་གསན༔ རྒན་རྒོན་ཁ་འཆལ་དག་ལ་འདྲི་བར་བྱ༔ བྱིས་པ་ཁ་འཆལ་དག་ལའང་འདྲི་བར་བྱ༔ རྒྱལ་སྲིད་གལ་ལ་བབ་པའི་དུས་སུ་ནི༔ དཀོར་ལ་མི་འཕང་སྡིག་ལ་མི་འཛེམ་སྤྱོད༔ རྒྱལ་སྲིད་ཉམས་ན་རྒྱལ་པོ་གྱ་བ་ཡིན༔ ཕྱི་རབས་ཁྲིམས་ཀྱི་བསྒོ་བ་བསྲུང་བ་རྣམས༔ བཙན་པོས་བཀའ་ལུང་སྩལ་བའི་་་་་་་་་དུས་སུ་ནི༔ ཁྲིམས་ཆད་ཕྱི་ནང་བྱ་བ་ཐམས་ཅད་ལ༔ ལོང་མེད་མི་བྱ་ལོང་ཡོད་ལེགས་པར་བརྟག༔ སྨྲ་བ་ལན་གཅིག་ངག་ནས་འདོན་པའི་དུས༔ སེམས་གཞིག་མེད་པའི་མི་ལ་སྨྲ་བ་མིན༔ སོ་མ་ཚུད་པའི་མི་ལ་སྨྲ་བ་མིན༔ ཐུགས་ཆེས་ནང་བློན་གཞིག་པ་ཅན་ལ་སྨྲོས༔ ནང་བློན་རྙིང་པས་བཀའ་གྲོས་འདྲི་བ་ལ༔ ཆེ་འགྱིང་མ་བྱེད་གཏིང་ཕུགས་དག་པར་སྦྱིན༔ ཐུགས་ཚོད་ལྷུག་པར་སྙིང་གཏམ་རྗེན་པར་སྨྲོས༔ ཕྱི་རབས་རྒྱལ་ས་འཛིན་པ་རྣམས༔ མ་རབས་བློན་པོའི་ངག་

2-69a

༄༅༔      ༔ལ་མི་ཉན་ཞིང་༔ བསྒྱུར་བར་མི་སླ་སྙན་ཁུང་འཐུག་པ་དང་༔ ཚོད་མེད་ངོ་དགའི་གཏམ་ལ་བདེན་མི་གཟུང་༔ ཞེ་གཅད་ཐུགས་ཚོད་ནང་གཏིང་མི་བསྟན་ཞིང་༔ ཀླད་སྲབ་སྣ་ཐག་གཞན་ལ་ཤོར་མི་བྱ༔ མཁར་སྒོ་རི་རྩེ་འབངས་ལ་བཀྱལ་མི་བྱ༔ ཐུགས་སྒམ་ཁོང་ཡངས་ཞི་དེས་གསོང་པོར་སྨྲོས༔ ཅོལ་ཆུང་གཏམ་ལ་ཡང་ཡང་ལབ་མི་བྱ༔ སྨྲ་བ་མི་མང་གོང་རྣམས་ཆོད་པར་སྨྲོས༔ ཤེས་རིག་མེད་པ་ཐོ་ཕྱིར་མི་བསྟེན་ཞིང་༔ མ་རབས་རིགས་ངན་གཅེས་པར་གཟུང་མི་བྱ༔ མ་རབས་ཆེ་སར་གོང་དུ་བཏོན་པ་ལ༔ འགྲོ་བ་རྣམས་ཀྱིས་གཙོ་བཞིན་སེམས་ན་ཡང་༔ རྒྱལ་པོ་མི་ཆེན་རྣམས་ལ་མཉམ་དུ་བལྟ༔ རིགས་བཟང་རྣམས་ནི་གོང་དུ་བཏོན་གྱུར་ན༔ རིག་ཤེས་འཕྲུལ་བག་ཐུགས་ལ་འཁྲུངས་གྱུར་ནས༔ རྒྱལ་པོའི་ཆེ་བ་འདོན་ཅིང་ཞབས་ཏོག་དང་༔ ཉེ་བའི་འཁོར་རྣམས་བརྩེ་བས་སྐྱོང་བར་

2-69b

འགྱུར༔ ཕྱི་རབས་རྒྱལ་བརྒྱུད་ནང་བློན་བྱེད་པ་རྣམས༔ ཕྲ་མ་མི་བྱ་དྲང་པོ་ཚུགས་ཐུབ་བྱ༔ ཁྲོ་གཏུམ་མི་བྱ་རྒྱལ་པོའི་གསུང་མི་བཅག༔ རྒྱལ་པོའི་ཞབས་ཏོག་གང་ཆེ་གར་འགྲོ་བྱ༔ རྒྱལ་སྲིད་འཕྲིན་ལས་གང་འཕེལ་འདུན་མ་བསྐྱང་༔ ཆབ་སྲིད་ཕྱི་ནང་བདེ་བའི་གྲོས་སྣ་སྲིངས༔ ཞི་དེས་འབངས་འཁོར་རྣམས་ལ་བདེ་བ་སྦྱིན༔ ངག་སྙན་འཇམ་པོའི་ཚིག་སྒོ་གསལ་བ་ཡིས༔ མ་རིག་འཁོར་འབངས་དུད་འགྲོའི་ལམ་སྣ་བྱ༔ མཉམ་གཉིས་གཞན་གྱི་བར་པ་བྱེད་པའི་དུས༔ ཟས་ཀྱི་ངོ་རུ་ཉེ་རིང་བྱེད་པ་མིན༔ རྒྱལ་པོ་མངའ་ཐང་ཆེ་ཞིང་དར་བའི་དུས༔ སྐྱིན་ཐང་ཆུ་ལ་རྦ་ལུས་འགག་མི་བྱ༔ བྲན་གཡོག་ལ་སོགས་བཀའ་འཁོར་མི་རྣམས་ལ༔ གདོང་དུ་ཚིག་རྩུབ་ངག་འཁྱལ་སྨྲ་མི་བྱ༔ ལྐོག་ཏུ་གཏམ་འཕྱ་ངན་སྨྲས་མི་གཏང་ངོ་༔ བློ་གཏད་ཞལ་ལྕེ་བར་པ་བཅོལ་བའི་ཚེ༔ ཉེ་རིང་ཕྱོགས་ཆ་རྒྱལ་ཕམ་བྱེད་པ་མིན༔ ཁ་ཉེན་བོངས་

2-70a

༄༅༔      ༔ཆུང་བྱིས་པ་གཞོན་པ་ལ༔ དབང་ཡོད་ཐུབ་ཆོས་བརྙས་པ་བྱེད་པ་མིན༔ བྲན་གཡོག་ལ་སོགས་ཁ་དོག་ངན་པ་དང་༔ མི་ཕྲན་དམའ་བ་ཀུན་རྣམས་ཤུགས་ཀྱིས་སྐྱོངས༔ ཕྱི་ནང་གཉིས་ཀྱི་བྱ་བ་ཐམས་ཅད་ལ༔ ལེགས་པར་བརྟགས་པ་གོང་དུ་སོམས་ལས་སྨྲོས༔ སྤྱིར་ནི་ཕྱི་ནང་བར་གསུམ་ཐམས་ཅད་ལ༔ ཚངས་པའི་ཐིག་ལྟར་དྲང་བར་གྱིས་ལ་སྲོང་༔ ཕྱོགས་རིས་མི་ཆེན་དྲུང་དུ་བྱོན་པའི་དུས༔ ཕྱག་དང་ཞེ་ས་དྲི་བ་མདོངས་གསོལ་གྱིས༔ བློ་གཏད་མི་ཡིས་བལྟོས་པའི་དུས་སུ་ནི༔ རང་སྲོག་བཅད་ཀྱང་དེ་ལ་ཕན་འདོགས་གྱིས༔ རྒྱལ་པོའི་དྲུང་དུ་སྡོད་པའི་དུས་སུ་ཡང་༔ མཉེན་ལྕུག་ཞེ་ས་སྡོད་ཚུགས་ལེགས་པར་གྱིས༔ དཀོན་ཅོག་སློབ་དཔོན་རྒྱལ་པོ་རྣམ་གསུམ་ལ༔ གདུང་བ་བསྐྱེད་དེ་སྤྱི་བོའི་གཙུག་ཏུ་ཁུར༔ བླ་མ་ལ་སོགས་སྲི་ཞུའི་ཡུལ་རྣམས་ལ༔ དང་ངོས་བསྙེན་བཀུར་ཞབས་ཏོག་འབད་

2-70b

ལ་གྱིས༔ རྒན་རིམ་དང་ནི་ཕ་མ་ཉེ་དུ་ལ༔ གོས་གསར་དྲི་མ་མེད་པ་བསྐོན་པ་དང་༔ སྙི་ལ་རོ་མཆོག་ལྡན་པའི་ཁ་ཟས་ནི༔ དྲིན་ལན་མཆོད་པ་འཚོ་ཡི་བར་དུ་གྱིས༔ ལོང་སྤྲང་ལ་སོགས་མ་ནུས་གང་ཟག་ལ༔ བཟའ་བཏུང་གོས་ཀྱི་སྦྱིན་པ་གྲུབ་ཚད་གཏང་༔ གྲོས་དང་འདུན་མ་རྐན་དང་རྗེ་ལ་དྲིས༔ བཀའི་ནན་ཐག་ཇི་ལྟར་གདམས་པའི་ལེའུ་སྟེ་བཅུ་དྲུག་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔