༄༅། །བཀའ་ཐང་སྡེ་ལྔ།
༡༡ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འགྲམ་བཟང་གི་ལེའུ།
上一章
下一章

(༡༡ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འགྲམ་བཟང་གི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ ཨག་ཚོམ་མེ་ཡི་སྐུ་རིང་ལ༔ འགྲམ་བཟང་གཙུག་ལག་ཁང་གི་ནང་༔ ལྷ་ཡི་གཙོ་བོའི་ཐུགས་ཀ་ནས༔ མཎྜལ་སྟེང་དུ་འདོམ་བཞི་བཅལ༔ གཡམ་སྒྲོམ་ཞ་ཉེས་སྦྱར་བའི་ནང་༔ ཟངས་སྣོད་རིན་ཅེན་སིལ་མས་བཀང་༔ བྲེ་ལ་བཅལ་བའི་ཁལ་ཕྱེད་ཡོད༔ ཕྱི་རབས་རྣམས་ཀྱི་རྐྱེན་དུ་བཞག༔ ཅེས་པས༔ འགྲམ་བཟང་གཙུག་ལག་ཁང་གི་ལྷ་གཙོ་བོའི་ཐུགས་ཀ་ནས༔ མཎྜལ་སྟེང་དུ་འདོམ་གསུམ་མདའ་གང་བཅལ་བའི་ས་རུ༔ མདའ་གང་བྲུས་པ་ན༔ གཡམ་པས་རྡོ་སྒྲོམ་ཁ་བཅད་པའི་ནང་གི་ཟངས་བུམ་ཁ་གཅུས་པའི་ནང་ན་གསེར་བྲེ་ལ་བཅལ་བའི་ཁལ་ཕྱེད་ཡོད་པ༔ ཕྱི་རབས་གཙུག་ལག་གསོ་བའི་རྐྱེན་དུ་བཞག་གོ༔ བྲག་དམར་འགྲམ་བཟང་གི་འོག་ན༔ བྲག་ནག་

2-86b

པོ་གཡག་གཉིས་གཤིབས་འདྲ་བའི་དབུས༔ གཡམ་སྒྲོམ་གྱི་ནང་སོལ་བས་བཀང་བའི་དཀྱིལ་ན༔ ལི་ཡུལ་གྱི་རྒྱལ་པོའི་ཐོད་པ་གསེར་གྱིས་བཀང་ནས་དངུལ་གྱི་སྣོད་གསུམ་སྦྲག་ཏུ་བཅུག༔ དེ་ཟངས་ཀྱི་གའུར་བཞུགས་ཡོད་དོ༔ དེའི་སྟེང་ན་མཆོད་རྟེན་མི་ཚད་ཙམ་ཞིག་ཡོད༔ འདོན་པའི་དུས་སུ་བཙན་གྱི་མདོས་ལན་གསུམ་བྱས་ལས་འདོན་ནོ༔ གཏེར་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་འགྲམ་བཟང་གི་ལེའུ་སྟེ་བཅུ་གཅིག་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔