༄༅། །བཀའ་ཐང་སྡེ་ལྔ།
༡༦ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཇོ་མོ་གླིང་གསུམ་གྱི་དཀོར་མཛོད་ལེའུ།
上一章
下一章
2-106a

(༡༦ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཇོ་མོ་གླིང་གསུམ་གྱི་དཀོར་མཛོད་ལེའུ།)

༄༅༔      ༔དཔེ་རྙིང་ལྕགས་སྨྱུག་གིས་བྲིས་པ་ཞིག་ལ་ལེའུ་འདི་དང་བཅུ་བདུན་པ་གཉིས་འདུག་པ་ལྟར་བྲིས། དེ་ནས་ཡང་དག་བཤད་བྱ་བ༔ མཚམས་ཀྱི་སོ་ཁ་དག་ནས་དཔྱ་བསྡུས་ཀྱི༔ རིན་ཅེན་དར་ཟབ་དངོས་པོ་རྣམས༔ ཟངས་སྣོད་འཁར་བ་ལྕགས་ཀྱི་སྣོད༔ ཕྱོགས་ནས་བསྡུས་པའི་ནོར་སྣ་རྣམས༔ ཁམས་གསུམ་ཟངས་ཁང་དགའ་ལྡན་གསེར་ཁང་དང་༔ བྱེ་མ་གླིང་དང་ཇོ་མོ་རྣམ་གསུམ་གྱི༔ ཕྱག་ཏུ་གཏད་ནས་དཀོར་མཛོད་ཀུན་རྣམས་འགེངས༔ ཡུམ་སྲས་བློན་འབངས་སྤྱི་ལ་སྤྱོད་པའི་ནོར༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་ཇོ་མོ་གླིང་གསུམ་གྱི་དཀོར་མཛོད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔