༄༅། །བཀའ་ཐང་སྡེ་ལྔ།
༡༩ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དབུ་རུ་སྐྱིད་སྨད་ཀྱི་ལེའུ།
上一章
下一章

(༡༩ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དབུ་རུ་སྐྱིད་སྨད་ཀྱི་ལེའུ།)

(ལེའུ་འདི་ཟམ་བུ་ལུང་ན་རྟེན་གྱི་བུ་ཞིག་ལ་འདུག་པ་ལྟར་བྲིས།) དེ་ནས་ཡང་དག་བཤད་བྱ་བ༔ དབུ་རུ་སྐྱིད་སྨད་སྙེ་མདའ་ན༔ བྲག་དམར་ཟངས་གཡག་ཅེས་བྱ་བ༔ ལག་སོར་འདྲ་བའི་ཚིགས་པ་ལ༔ སྒྲུབ་གནས་ཟླ་གམ་དམར་པོའི་ནང་༔ སློབ་དཔོན་པདྨའི་དཔེ་ཆ་དང་༔ རྟེན་དང་སྒྲུབ་རྫས་ཁྱད་འཕགས་བཞུགས༔ ཞེས་

2-113b

གསུངས་སོ༔ བྲག་ཟངས་གཡག་མོའི་ཤར་ལོགས་ཀྱི་མཐའ་དང་༔ གཡའ་མཚམས་ན༔ བྲག་གི་སྟེང་ཁ་ཞིག་ན་སྤོས་བརྡུང་བའི་གཏུན་དང་༔ རྡོ་གཞོང་སྦྲེལ་མ་ཞིག་ཡོད༔ རྡོ་གཞོང་གི་དབུས་ན་ནུབ་བྱང་མཚམས་སུ་རྐང་འདོམ་ཉི་ཤུ་རྩ་གཅིག་འཇལ་བ་ན༔ བྲག་ལ་འབུར་ཞེས་བྱ་བ༔ བྲག་སྤྲེའུའི་པུས་མོ་འདྲ་བའི་རྩ་ན༔ རྩིག་པའི་སྐོར་ར་ཞིག་གི་ནང་ན་ཤུག་པ་ཕུང་པོ་གཅིག་བཙུགས་ནས་ཡོད༔ རྩིག་པ་དེ་བཤིག་ལ་ཕ་ཚད་དུ་བསྡུས་སོ༔ ཤུག་པ་དེའི་རྩ་བར་སྤུངས་པའི་ས་རྡོ་སངས་ཀྱིས་བསལ་ལོ༔ དེའི་ཤུལ་ན་གཡམ་པ་མེ་ལོང་འདྲ་བ་ཞིག་ཡོད༔ དེའི་འོག་ཏུ་ག་རུ་བཙུགས་ནས་བཀོན་ལ་གཡོན་དུ་ཕུལ་ལ་གཏང་ངོ་༔ དེའི་འོག་ན་གནམ་སྒོ་གཅིག་གཡམ་པས་སྒོ་བཅད་ནས་ཡོད༔ གཡམ་པ་དེ་ལ་རྐན་གཉེར་འདྲ་བ་ཡོད༔ དེ་ཡང་ག་རུས་བཀན་ལ་གཡས་སུ་ཕུལ༔ ནང་དུ་ཕྱིན་ནས་གནམ་སྒོའི་ཐད་ཀ་ན་སྐར་ཁུང་ཞིག་ཡོད༔ དེའི་ནང་ནས་

2-114a

༄༅༔      ༔རྡོས་བརྡུངས་པས་ཞིག་ནས་དཀར་ལམ་གྱིས་འོང་༔ དེའི་ནང་ན་དཀྱིལ་འཁོར་ཞིག་གི་སྟེང་ན་གསེར་གྱི་རྡོ་རྗེ་གཞོན་ནུ་ཁྲུ་གང་པ་ཞིག་གི་མདུན་ན་མཉྫི་བདུན་གྱི་སྟེང་ཏིང་བདུན་གྱི་ནང་ན་གསེར་སྲང་བདུན་ཡོད༔ རྡོ་སོལ་གྱི་རྫ་མ་ཆེ་བ་ཅིག་གི་ནང་ན༔ ཞི་ཁྲོའི་སྤྱི་རྒྱུད་དང་༔ བྱེ་བྲག་གི་རྒྱུད་སྡེ༔ ཡོངས་སུ་སྒྲུབ་པ་བཀའ་བརྒྱད་ཀྱི་ཆོས་ཚན་བརྒྱ་དང་སུམ་ཅུ་རྩ་ལྔ༔ བདེ་གཤེགས་འདུས་པའི་ཆོས་ཚན་མ་ལུས་པ་ཡོད༔ དཀྱིལ་འཁོར་གྱི་འོག་སྐར་ཁུང་ན་རྒྱལ་པོ་སྐྱེ་བ་བདུན་པའི་ཐོད་པ་དང་༔ བྲམ་ཟེ་སྐྱེ་བ་བདུན་པའི་ཐོད་པ་གཉིས་ཡོད༔ ཏྲག་ཏྲག་མར་ལ་འགྲོ་བའི་རྐན་སྒྲ་ཅན་ཞེས་བྱ་སྟེ༔ འཛམ་གླིང་སྨྲ་ཤེས་དང་འཕུར་ཤེས་གཉིས་ཡོད༔ དཀྱིལ་འཁོར་ཨེ་ཁྲམ་ཉི་ཤུ་རྩ་གཅིག་གི་སྟེང་ན༔ ལྕགས་ཕུར་ཉི་ཤུ་རྩ་གཅིག་ཡོད༔ གཟིམས་མལ་གྱི་སྐར་ཁུང་ན༔ ངན་སྔགས་ཀྱི་སྐོར་ཟབ་དགུ་རྣམས་ཡོད་དོ༔ རྒྱའི་ཆུ་ཆུ་

2-114b

ཡོད༔ ནང་ན་ཆུ་མིག་ཡོད༔ བྲག་ཕུག་གི་གནམ་སྒོའི་ལོགས་ལ་རྒྱལ་པོའི་བླ་གཡུ་ཕ་བོང་ཙམ་ཡོད༔ གཏེར་སྲུང་ཐང་ལྷ་གངས་བཙན་ལ་མར་དང་ལུག་གིས་མཆོད༔ དམ་ཅན་རྡོ་རྗེ་ལེགས་པ་ལ་རའི་ཤ་ཁྲག་གིས་མཆོད༔ ལྷ་སྨན་ལ་འབྲང་རྒྱས་ཀྱིས་མཆོད༔ གཞན་ཡང་གསེར་སྐྱེམས་རྒྱས་པར་གཏང་༔ གདན་ཁྲིའི་འོག་ནས་ཁྲུ་གང་བརྐོས་པ་ན༔ དམ་སྲི་མནན་པ་དང་༔ རྒྱལ་པོ་འདུལ་བའི་མན་ངག་མེ་ཆུ་རླུང་འཁྲུགས་པའི་འཁོར་ལོ་གཟིར་བ་ལ་་སོགས་ཚ་བསེས་གྲིལ་བ་རྡ་གསལ་གྱི་གའུར་བཅུག་པ་ཡོད་དོ༔       ས་མཱ་ཡ༔       རྒྱ་རྒྱ་རྒྱ༔       ༔དབེན་རྩའི་ཕྱི་སྒོ་རྩ་ན་པུས་མོ་འདྲ་བ་ཞིག་ཡོད་དོ༔ དེ་ནས་འདོམ་གང་མཐོ་དོ་བཙལ་བའི་ས་ན་བྲག་མེ་ལོང་གང་ཙམ་པ་གཡའ་མའི་མདོག་འདྲ་བ་ཞིག་ཡོད་དོ༔ དེ་ལ་ཨོཾ་རྐོས་མ་གཅིག་ཡོད་དོ༔ དེའི་ཐད་ཀ་ནས་ཕར་ཞ་ཉེའི་རྡོ་ཡོད༔ གཟོང་གིས་ཁྲུ་གང་བརྐོས་པའི་འོག༔ ཤེལ་ལས་བཞེངས་པའི་རྡོ་རྗེ་

2-115a

༄༅༔      ༔གཞོན་ནུ་ཁྲུ་གང་ཙམ་པ་ཅིག་ཡོད༔ གཟི་མིག་མེད་དངུལ་གྱི་བྱ་བོ་ཕུལ་ལྔ་མ་གང་ཡོད༔ ཕྱི་ནང་གསང་བའི་འཕྲིན་ལས་ཀྱི་རྒྱུད་ཅེས་བྱ་བ་དང་༔ ལྷ་ལས་དྲེགས་པའི་རྒྱུད་ཅེས་བྱ་བ་དང་༔ མ་མོ་གསང་བའི་སྒྲུབ་ཐབས་དྲུག་དང་༔ མིང་པོ་གིང་གི་སྒྲུབ་ཐབས་གསུམ་ཡོད༔ བྲག་བཙན་གྱི་སྒྲུབ་ཐབས་དར་ཟབ་ཀྱི་གྱང་བུ་ལ་བྲིས་ནས་མཚལ་གྱིས་བསྡམས་པ་ཡོད༔ སྲུངས་མ་བྲག་བཙན་ལུག་ནག་གིས་མཆོད༔ རྡོར་ལེགས་ར་ཁྲག་གིས་མཆོད་ལ་འདོན༔        ས་མ་ཡ༔        རྒྱ་རྒྱ་རྒྱ༔        ༔ གཡོན་གྱི་གཡའ་དམར་པོ་ཞིག་གི་ས་ན༔ ཕ་བོང་གཡག་ཉལ་བ་འདྲ་བ་ཅིག་ལ་དྲེག་པ་གླང་འདྲ་བ་ཞིག་ཡོད༔ དེ་ཕྱིས་པའི་འོག་ན་མཚལ་གྱི་གཡུང་དྲུང་རིས་མཐའ་མ་ཐིག་ལེས་བསྐོར་བ་ཡོད༔ དེའི་ཐད་དཀར་འདོམ་གང་བརྐོས་པའི་འོག་ན༔ གཡམ་སྒྲོམ་ཁྲོ་ཆུས་ཁ་སྦྱར་བ་ལ་ཆས་གཏུམས་པ་ཡོད༔ དེའི་ནང་ན་གསེར་དངུལ་ཤ་བའི་

2-115b

རྐྱལ་པ་དོ་ཡོད༔ གཟི་ནག་ཁྲ་རྐྱལ་པ་གང་ཡོད༔ ཟངས་ཁ་སྦྱར་ཞིག་གི་ནང་ན༔ སྲིན་པོ་དང་བདུད་གནོད་སྦྱིན་གསུམ་གྱི་སྒྲུབ་ཐབས་ཛམྦྷ་ལ་དང་བཅས་པ་ཡོད༔ དངུལ་སྐྱོགས་གཅིག་དང་༔ རྗེའི་གསེར་སྐྱོགས་གཅིག་ཀྱང་ཡོད༔ དེ་ཀུན་གྱི་ནང་ན་རྒྱའི་སྭ་ཁ་འདུལ་བའི་དུས་ཀྱི་རྒྱའི་སྐྱེས་པ་དང་བུད་མེད་ཀྱི་རྒྱན་དང་གདུ་བུ་མང་པོས་འགེངས་ནས་ཡོད་དོ༔ བྲག་བཙན་དམར་པོ་ལ་གཏད་ནས་ཡོད་པས༔ གླང་དམར་པོའི་སྙིང་དང་ཤ་ཁྲག་གིས་མཆོད་ལ་ཐོན་ཅིག༔       ས་མཱ་ཡ༔       རྒྱ་རྒྱ་རྒྱ༔       ༔ བྲག་ལག་གསོར་འདྲ་བའི་སྲིན་ལག་ལ༔ གཉེར་མ་རྐན་གཉེར་འདྲ་བ་བདུན་ཡོད༔ གསུམ་གྱི་གོང་བཞིའི་འོག་ན་རྡོ་ལེབ་སེ་བ་ལྦུ་བ་ཀྲུག་གེ་བ་ཆའུའི་ཞབས་འདྲ་བ་ཞིག་ཡོད༔ དེའི་ཐོག་ན་མར་པོ་ཐག་ཞུ་ནས་བུག་པ་བཀག་པ་ཡིན༔ དེ་ཉིད་གཅོག་པ་དང་ཞུ་བའི་ཐབས་བྱས་ཏེ༔ དེ་བསལ་བའི་འོག་ན་དར་གྱི་སྦལ་པ་རྒྱའི་ཞིབ་མ་ཙམ་ཞིག་ཡོད༔ དེའི་ནང་ན་

2-116a

༄༅༔      ༔གསང་སྔགས་ཀྱི་ཆོས་མང་པོ་ཡོད༔ མཐར་ཐུག་པ་སའི་སྟེང་དུ་མ་འཕེལ་པའི་གཏེར་བྱང་བརྒྱ་རྩ་བརྒྱད་ལ་སོགས་པ་མང་པོ་ཡོད༔ རྒྱལ་པོ་ངར་པ་གསེར་མིག༔ སློབ་དཔོན་པདྨ༔ བློན་པོ་སྤྲེལ་ཐོད་རྣམ་གསུམ་གྱིས་སྦས་པ་ཡིན༔ གསེར་སྐྱེམས་དང་གཡུ་སྔོན་གྱིས་བྲག་བཙན་མཆོད་ལ་སྤྲེའུ་ལོ་པས་ཐོན་ཅིག༔         ས་མཱ་ཡ༔        རྒྱ་རྒྱ་རྒྱ༔        ༔ སྐྱིད་སྨད་ལྡང་གི་གོང་གནམ་གྱི་འོག་ན༔ རྒྱུག་པ་འཕྲེང་བྱ་བའི་འཕྲེང་ཞིག་ཡོད༔ དེའི་སྟེང་ན་རྡོ་ལ་སེང་གེའི་གཟུགས་བྱས་པ་ཅིག་ཡོད༔ དེའི་འོག་ན་གསེར་སྲིན་པོའི་ཐོད་པ་གང་ཡོད༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་དབུ་རུ་སྐྱིད་སྨད་ཀྱི་ལེའུ་སྟེ་བཅུ་དགུ་པའོ༔ ཐྲཐ྅རྦྱ།རྦྱ།༔              ༔