༄༅། །བཀའ་ཐང་སྡེ་ལྔ།
༢༣ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཆིམས་ཕུའི་ལེའུ།
上一章
下一章

(༢༣ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཆིམས་ཕུའི་ལེའུ།)

(འདིར་མཆིམས་ཕུ་ཤར་གྱི་གླིང་

2-121a

༄༅༔      ༔གསུམ་ཨཱཪྻ་པཱ་ལོའི་ལེའུ་བཅས་གསུམ་པོ་ཟམ་ལུང་ནང་རྟེན་གྱི་བུ་ཞིག་ལས་བྱུང་བ་ལྟར་བྲིས།) དེ་ནས་ཡང་དག་བཤད་བྱ་བ༔ དཔལ་གྱི་བསམ་ཡས་མཆིམས་ཕུ་ན༔ བོད་དུམ་དར་སེམས་ཕྱོགས་དང་༔ ཕྲ་མེན་སྐུ་དང་ཐུགས་དམ་དང་༔ གསེར་གྱི་མཆོད་ཆ་ལ་སོགས་ཡོད༔ ཅེས་པ་ནི༔ བསམ་ཡས་མཆིམས་ཕུ་བྲེ་གུའི་སྒེའུ་ན༔ བྲག་དཀར་པོ་སྒོ་འདྲ་བ་ཅིག་ཡོད༔ དེ་སྲབ་འཐུག་མེ་ལོང་གང་ཡོད༔ དེའི་འོག་ན་རྡོ་སྒྲོམ་རྡོ་སྤྱིན་གྱིས་སྦྱར་བ་ཞིག་ཡོད༔ དེ་སྒོ་ཕྱེ་བའི་ནང་ན་ཕ་བོང་ནག་པོ་ཞིག་ཡོད༔ དེ་ལ་ཞ་ཉེའི་རྡོ་རྗེ་རྒྱ་གྲམ་ཡོད༔ དེའི་ཐད་ཀ་ནས་ཕར་ལ་གཟོང་གིས་བརྐོས་པའི་འོག་ན༔ ཟངས་ཁ་སྦྱར་ཞིག་ན་གཞི་དངུལ་ལ་བྱས་པའི་ཕྲ་མེན་གྱི་སྐུ་གསུམ་ཡོད༔ གཞི་དངུལ་ལ་བྱས་པའི་ཕྲ་མེན་གྱི་སྐྱོགས་བཞི་ཡོད༔ གསེར་གྱི་མཉྫི་ཁ་རྒྱན་དང་བཅས་པ་ཡོད༔ པདྨ་དབང་ཆེན་གྱི་རྒྱུད་སྒྲུབ་ཐབས་དང་བཅས་པ་ཡོད༔ ཕུར་པ་མེ་ལྕེ་འཕྲེང་བའི་

2-121b

སྐོར་ལ་རྒྱུད་ཉི་ཤུ་རྩ་གཅིག་ཡོད༔ མགོན་པོ་གསང་བ་སྤུ་གྲིའི་ངན་སྔགས་ཡོད༔ མཁའ་འགྲོ་ལུང་སྐོར་བྱ་བ་དང་༔ ལས་རྒྱ་མཚོའི་སྐོར་ཞེས་བྱ་བ་དང་༔ སྔར་བོད་དུ་མ་ཕེབས་པའི་སེམས་ཕྱོགས་ཀྱི་རྒྱུད་སྡེ་མང་ཞིག་ཡོད༔ ལྟ་སྒོམ་གྱི་མན་ངག་མཐར་ཐུག་གི་གསང་མཛོད་བརྡོལ་པ་མང་ཞིག་ཡོད༔ བྲག་བཙན་བཙན་པ་འོས་བྱ་བ་ལ་གཏད་ཡོད་པས༔ ར་ཁམ་པའི་ཤ་ཁྲག་གིས་མཆོད་ལ་ཐོན་ཅིག༔ ཡང་མཆིམས་ཕུ་བྲེ་གུ་སྒེའུ་ན༔ སློབ་དཔོན་གྱི་བཞུགས་གནས་གྲ་བཞི་པའི་ཤར་ལོགས་ན༔ སྟེང་འོག་ཕྱོགས་མཚམས་ཀུན་ནས་བཙལ་བའི་དཀྱིལ་ན༔ འདའ་ཁ་ཞལ་ཆེམས་ཀྱི་གདམས་པ་དང་༔ གཞན་ཡང་གསང་སྔགས་ཀྱི་ཆོས་མང་ཞིག་ཆུ་དར་ལ་གསེར་གྱིས་བྲིས་ནས་ཟངས་ཀྱི་གའུར་བཅུག་ནས་ཡོད་དོ༔ གཉེར་དུ་གཏད་པ་མེད་དོ༔ མཆིམས་ཕུ་ན་མཆོད་རྟེན་ནག་པོ་བྲག་ལ་བཅར་བ་ཅིག་ཡོད༔

2-122a

༄༅༔      ༔དེའི་ནང་ན་ཁྲམ་ཐོགས་བདུད་མོ་བཅུ་གསུམ་གྱི་རྒྱུད་དང་སྒྲུབ་ཐབས་ཡོད༔ ཆུ་དར་ལ་གསེར་གྱིས་བྲིས་ནས་ལྕགས་ཀྱི་གའུར་བཅུག་ནས་ཡོད་དོ༔ ཡང་བྲག་ལ་བརྐོས་པའི་མཆོད་རྟེན་གཅིག་ཡོད༔ ཉ་དྲུག་གི་དུས་སུ་དེའི་གྲིབ་མའི་སྟེང་དུ་བརྐོས་པས༔ འདོམ་གང་གི་འོག་ན་རྡོ་སྒྲོམ་སོལ་ཕྱེས་གང་བའི་ནང་ན༔ བསེ་ཁ་སྦྱར་བདུན་གྱི་ནང་ན་རྡོ་རྗེ་འདག་པའི་གའུ་རེ་རེ་ཡོད༔ གའུ་བདུན་གྱི་ནང་ན་བོད་དུ་བསྒྱུར་བའི་གསང་སྔགས་ཀྱི་ཆོས་རྣམས་ཀྱི་ཕྱི་མོ་རྣམས་ཆུ་དར་མཆིན་ཁ་ལ་གསེར་དང་དངུལ་གྱིས་བྲིས་ནས་འདྲིལ་ཤིང་གསེར་ལས་བྱས༔ ཚས་རིམ་པ་བདུན་གྱིས་གྲིལ་ནས་ཡོད༔ དུས་གསུམ་གྱི་རྒྱལ་བ་རིགས་འཛིན་རྣམས་ལ་གཏད་པས༔ ཕྱི་རབས་ཀྱི་དུས་ན་གསང་སྔགས་འཆོལ་བ་དང་༔ ནུབ་པ་རྣམས་དར་བའི་ཕྱིར་གསོལ་བ་གདབ་བོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་མཆིམས་ཕུའི་ལེའུ་

2-122b

ཉེར་གསུམ་པའོ༔       ཐྲཐ྅རྦྱ།རྦྱ།༔       ༔