༄༅། །བཀའ་ཐང་སྡེ་ལྔ།
༢༨ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྐྱེར་ཆུ་ལྷ་ཁང་གི་ལེའུ།
上一章
下一章

(༢༨ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྐྱེར་ཆུ་ལྷ་ཁང་གི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ ལྷོ་ཡི་སྐྱེར་ཆུ་ལྷ་ཁང་ན༔ ཆོས་དང་ནོར་གྱི་གཏེར་ཞིག་སྦས༔ ཞེས་གསུངས་པས༔ སྐྱེར་ཆུ་ལྷ་ཁང་གི་གཙོ་བོའི་ཐུགས་ཀ་ན༔ རིན་པོ་ཆེའི་པ་ཏྲ་འཁྱིལ་བ་ཅིག་ཡོད༔ དེའི་འོག་སོར་བཞི་བྲུས་པར་ཟངས་སྦུབ་ཅིག་ན༔ རྒྱུད་སྡེ་སྣོད་ཀྱི་འབུམ་ཞེས་བྱ་བ་དང་༔ སྡེ་སྣོད་ཀུན་འབྱུང་ཞེས་པ་གཉིས༔ ཤོག་བུ་དྲིལ་བ་ལ་བྲིས་པ་ཡོད་དོ༔ ལྷའི་གཙོ་བོ་ནས་འདོམ་དོ་བཙལ་བའི་སར༔ མདའ་གང་བྲུས་པ་ན་རྡོ་སྒྲོམ་སོལ་ཕྱེས་བཀང་བའི་དཀྱིལ་ན༔ ཟངས་ཁ་སྦྱར་གྱི་ནང་དུ་གསེར་དང་མཚལ་འདྲེས་པ་ཁལ་ཕྱེད་ཡོད་དོ༔ ལྷ་ཁང་ཉམས་པ་གསོ་བའི་དུས་ཀྱི་ཆ་རྐྱེན་དུ་བཞག་གོ༔ གང་ཞིག་ལྷ་ཁང་གསོ་བའི་དུས་སུ༔ ཀླུའི་སྤང་སྐོང་འདོན་པ་དང་༔ ཀླུ་སྒྲུབ་དང་ཀླུའི་མཆོད་པ་རྒྱས་པར་བྱའོ༔ ཁ་བྱང་མཛོད་

2-125b

ཀྱི་ལྡེ་མིག་རྒྱུད་ལས་སྐྱེར་ཆུ་ལྷ་ཁང་གི་ལེའུ་སྟེ་ཉེར་བརྒྱད་པའོ༔        ཐྲཐ྅རྦྱ།རྦྱ།༔       ༔