༄༅། །བཀའ་ཐང་སྡེ་ལྔ།
༢༩ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་བུམ་ཐང་དགེ་གནས་ཀྱི་ལེའུ།
上一章
下一章

(༢༩ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་བུམ་ཐང་དགེ་གནས་ཀྱི་ལེའུ།)

དེ་ནས་ཡང་དག་བཤད་བྱ་བ༔ བུམ་ཐང་དགེ་བའི་གཙུག་ལག་ཏུ༔ རྫོགས་ཆེན་སེམས་མེད་བཅོ་བརྒྱད་དང་༔ གསེར་མཚལ་འདྲེས་པ་བྲེ་བརྒྱད་སྦས༔ གཙུག་ལག་ཁང་གི་གསོས་སུ་བཞག༔ ཅེས་པས༔ བུམ་ཐང་དགེ་གནས་ཀྱི་རྣམ་པར་སྣང་མཛད་ཀྱི་སྙན་གཡས་པའི་རྩེ་མོའི་ལྡེབས་ལ་མཐོ་གང་བྲུས་པ་ན༔ སེང་ལྡེང་གི་སྒྲོམ་བུ་དངུལ་གྱི་སྤར་བཀབ་ཅན་གྱི་ནང་ན༔ རྫོགས་པ་ཆེན་པོ་སྡེ་འགྱུར་ལྔ༔ ཕྱི་འགྱུར་བཅུ་གསུམ་ལ་སོགས་པ་མང་ཞིག་ཤོག་དྲིལ་ལ་ཟིན་བྲིས་སུ་བྱས་ནས༔ རྒྱ་རིམ་པ་ལྔས་བཏབ་ནས་ཡོད་དོ༔ ལྷའི་མདུན་མཎྜལ་གྱི་སྟེང་དུ༔ ཞབས་སྐྱིལ་ཀྲུང་དབུས་ནས་འདོམ་གང་བཙལ་བའི་སར་ཁྲུ་གང་བྲུས་པ་ན༔ ཟངས་རྐྱེན་ཞ་ཉེས་ཁ་གཏུམས་པ་གཅིག་གི་ནང་ན༔ གསེར་བྲེ་བཞི་དང་མཚལ་བྲེ་བཞི་རྒྱ་རིམ་པ་བདུན་དང་བཅས་

2-126a

༄༅༔      ༔པ་ཡོད་དོ༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་བུམ་ཐང་དགེ་གནས་ཀྱི་ལེའུ་སྟེ་ཉེར་དགུ་པའོ༔        ཐྲཐ྅རྦྱ།རྦྱ།༔       ༔