༄༅། །བཀའ་ཐང་སྡེ་ལྔ།
༤༠ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྤ་གྲོ་རྫོང་གི་ལེའུ།
上一章
下一章

(༤༠ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྤ་གྲོ་རྫོང་གི་ལེའུ།)

(ལེའུ་འདི་དང་ཕོ་མ་གླིང་གི་ལེའུ་གཉིས་ཟམ་བུ་

2-129b

ནང་རྟེན་གྱི་བུ་ཞིག་ལས་བྱུང་བ་ལྟར་བྲིས།) དེ་ནས་ཡང་དག་བཤད་བྱ་བ༔ སྤ་གྲོ་རྫོང་གི་ཕུག་ན་བྲག་དཀར་པོ་སེངྒེ་གནམ་དུ་མཆོངས་པ་འདྲ་བའི་སྡེར་མོ་གཡས་པ་ལ་བྲག་བྱ་འུག་པ་གཤོག་པ་བརྒྱངས་པ་འདྲ་བ་ཞིག་ལ༔ མཚལ་གྱི་རྒྱ་ཡིག་དམར་པོ་བདུན་ཡོད༔ དེ་ནས་མདའ་གང་འོག་ཏུ་བཅལ་བའི་ས་ན༔ བྲག་གི་ཁྲི་མར་ལ་དམ་པ་ཅིག་གི་འོག་ན༔ རྡོ་ཆོལ་རྡོ་སྤྱིན་གྱིས་སྦྱར་བ་ཡོད༔ དེ་བཅག་པའི་འོག་ན་སྲོག་སེར་གཏད་གསུམ་གྱི་མན་ངག་དྲག་སྔགས་བཅུ་གསུམ་ཡོད༔ དབང་གི་ལྷ་ཁྲོ་བོ་འདོད་པའི་རྒྱལ་པོ༔ རྒྱས་པའི་ལྷ་ཚོགས་བདག་གླང་སྣ༔ སྤྲེའུ་སྣ༔ ཛཾ་ལྷ༔ ནོར་རྒྱུན་མ༔ ཞི་བའི་ལྷ་སྒྲོལ་མ་དཀར་མོ༔ དོན་ཡོད་ཞགས་པ༔ སེང་གེ་སྒྲ་ལ་སོགས་པ་བཞུགས་སོ༔ གཏེར་སྲུངས་ནི་རྫོང་བཙན་ལ་བཤོས་བུས་མཆོད༔ ཁ་བྱང་མཛོད་ཀྱི་ལྡེ་མིག་རྒྱུད་ལས་སྤ་གྲོ་རྫོང་གི་ལེའུ་སྟེ་བཞི་བཅུ་པའོ༔      ཐྲཐ྅རྦྱ།རྦྱ།༔       ༔