༄༅། །བཀའ་ཐང་སྡེ་ལྔ།
༤༤ གཏེར་ཐམས་ཅད་ཀྱི་ཁ་བྱང་དང་། སྲོག་འཕྲོག་པ་དང་། ཐ་ཚིག་བརྗོད་པའི་ལེའུ།
上一章
下一章

(༤༤ གཏེར་ཐམས་ཅད་ཀྱི་ཁ་བྱང་དང་། སྲོག་འཕྲོག་པ་དང་། ཐ་ཚིག་བརྗོད་པའི་ལེའུ།)

ཁ་བྱང་འདི་རྣམས་ལྷ་སྲས་ཀྱི་རྒྱལ་བརྒྱུད་ཕྱག་ཏུ་མ་གཏད་པར༔ བྲག་ལག་སོར་འདྲ་བ་ལ་གཏེར་དུ་སྦས་སོ༔ སྤྱིར་ཡང་གཏེར་གང་འདོན་ཀྱང་ལྷ་སྲིན་ལ་གཉེར་དུ་གཏད་པས༔ ཅོལ་རིང་བདག་ཏུ་བཟུང་ནས་འཁྲེན་དུ་འོང་བས༔ བར་སྣང་འབྲུག་སྒྲ་ཆེམས་སེ་ཆེམས༔ གློག་དམར་མེ་འོད་ཁྱུགས་སེ་ཁྱུགས༔ གུང་ལ་སྤྲིན་ནག་ཉིལ་ལི་ལི༔ ཆར་དྲག་སེར་དྲག་ཤར་ར་ར༔ དོག་ལ་རླུང་ནག་འཁྱིལ་ལི་ལི༔ ལྷ་སྲིན་ཀུ་ཅོ་དིར་རི་རི༔ འདྲེ་ཞུད་ཟིལ་དུ་ཐིབས་སེ་

2-131b

ཐིབས༔ བླ་འཕྱོ་སྐྱི་བུན་ཟིངས་སེ་ཟིངས༔ དེ་ལྟར་ཆོ་འཕྲུལ་ཅི་བྱུང་ཡང་༔ དཔའ་བོའི་གཟི་བྱིན་དཔའ་བསྐྱེད་ལ༔ ཡ་གི་བདེ་གཤེགས་དགོངས་པ་ནས༔ དམའ་དེ་དམྱལ་བའི་སྣང་བ་ཡང་༔ རང་སེམས་ཡིན་པར་བློ་ཐག་ཆོད༔ དཔལ་ཆེན་ཧེ་རུ་མན་ཆད་ནས༔ ཐེའུ་བྲང་གྲོང་རྒྱུག་ཡན་ཆོད་ལ༔ རང་སྣང་ཡིན་པར་བློ་ཐག་ཆོད༔ སྲིད་པའི་འཇིག་རྟེན་འདི་དག་དང་༔ རིགས་དྲུག་སེམས་ཅན་སྣང་བ་ཡང་༔ རང་སྣང་ཡིན་པར་བློ་ཐག་ཆོད༔ ཕྱི་རོལ་ཆོ་འཕྲུལ་ཅི་བྱུང་ཡང་༔ རང་སེམས་སྟོང་བར་བློ་ཐག་ཆོད༔ དངོས་སུ་ཆོ་འཕྲུལ་ཅི་བྱུང་ཡང་༔ རང་གི་སེམས་ཉིད་མ་གཏོགས་པ༔ གཞན་ནས་མ་གྲུབ་བློ་ཐག་ཆོད༔ ཉམ་ང་མེད་པའི་བརྟུལ་ཞུགས་སྐྱེད༔ སེམས་ཉིད་ཡིན་པར་བློ་ཐག་ཆོད༔ མིང་གཟུགས་རྣམ་པར་རྟོག་པ་ཡིན༔ རྣམ་རྟོག་ཡེ་ཤེས་ཆེན་པོ་ཡིན༔ སྟོང་བའི་ངང་ལས་གཡོས་པ་མེད༔ དེ་ལྟར་སེམས་ཉིད་རྟོགས་

2-132a

༄༅༔      ༔པ་ན༔ ལྷ་སྲིན་སྟོང་སྲོག་ཆོད་པ་ཡིན༔ བསྲུང་བ་གཞན་གྱི་དོ་མ་ཡིན༔ ལྷ་སྲིན་སྡེ་བརྒྱད་ཁྲོ་མི་ནུས༔ སླར་ལ་བྲན་དང་གཡོག་ཏུ་འདུ༔ སྲོག་སྙིང་འབུལ་ཞིང་དངོས་གྲུབ་སྟེར༔ དེ་ལྟར་མ་ཤེས་མ་རྟོགས་ན༔ ཡི་དམ་བསྒོམ་ཞིང་བསྙེན་པ་བཟླས༔ དམངས་ཀྱིས་རྒྱལ་པོ་མཐོང་བ་འདྲ༔ ཕུད་སྣ་རྒྱས་པའི་མཆོད་པ་བྱ༔ བདེན་པ་བདར་ཞིང་ཐ་ཚིག་བརྗོད༔ ཕ་ནོར་བུ་ཡིས་ལེན་པ་ལ༔ གོང་དུ་ཁྱོད་ལ་བཅོལ་བ་ཡིན༔ ཁྱེད་ཀྱིས་བདག་ལ་གཏད་དུ་གསོལ༔ རང་ནོར་རང་གིས་ལེན་པ་ལ༔ གདོང་མེད་ཅོལ་གཏམ་ཅི་ལ་བྱེད༔ སྦྲང་བཞིན་གཞན་གྱིས་ཁྱེར་བ་མིན༔ རང་ནོར་རང་གིས་སྤྱོད་པ་ལ༔ དེ་ལ་འཁྲེན་པ་སུ་ཞིག་ཡིན༔ བཅོལ་པོ་དུས་སུ་མི་གཏོད་པར༔ ཁྲེལ་མེད་སྤར་བཅངས་ཅི་ལ་བྱེད༔ སྔོན་ཚེ་རྒྱལ་པོས་གཉེར་དུ་གཏད༔ ཕུགས་སུ་བདག་ལ་ལེན་པར་བསྐོས༔ སྔོན་དུས་རིག་འཛིན་ཆེན་པོ་ཡིས༔ དམ་ལ་

2-132b

བཏགས་ནས་དམ་ཆུ་བླུད༔ སྤྱི་བོར་རྡོ་རྗེ་བཞག་ནས་ནི༔ བཀའ་དང་ནོར་གྱི་བཅོལ་ཁུངས་བྱས༔ ནམ་ཞིག་ལས་འཕྲོ་ཅན་ལ་གཏོད༔ བཀའ་ལ་བཏགས་ནས་ལུང་བྱིན་པ༔ ཇི་ལྟར་དམ་བཅས་བསྙེལ་ལམ་ཅི༔ སྐལ་ལྡན་ལས་ཅན་འཕྲད་པར་ཤོག༔ རྗེ་དང་གུ་རུས་སྨོན་ལམ་བཏབ༔ སྐལ་ལྡན་ལས་ཅན་བདག་རང་ཡིན༔ མ་གཉེར་མ་བརྗོད་རང་ནོར་སྦྱིན༔ ཞེས་ཐ་ཚིག་བརྗོད་པས༔ སྔོན་གྱི་དུས་སུ་གཉེར་གཏད་པ་དྲན་ཅིང་༔ གཏེར་ལ་མི་འཁྲེན་པར་འགྱུར་རོ༔ གཏེར་ཐམས་ཅད་ཀྱི་ཁ་བྱང་དང་༔ སྲོག་འཕྲོག་པ་དང་༔ ཐ་ཚིག་བརྗོད་པའི་ལེའུ་སྟེ་ཞེ་བཞི་པ་རྫོགས་སོ༔       ཐྲཐཉྲརྦྱ།རྦྱ།༔       ༔མ་འོངས་རྒྱལ་བརྒྱུད་ནོར་སྐལ་སྦས་པ་དང་༔ སྔགས་འཆང་བླ་མཆོད་མན་ངག་རྒྱས་བཏབ་པའི་ལེའུ་སྟེ་བཅོ་བརྒྱད་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔