༄༅། །བཀའ་ཐང་སྡེ་ལྔ།
ལེའུ་ཉེར་ལྔ་པ། བྱང་སེམས་ཐེག་པ་བསྟན་པ།
上一章
(ལེའུ་ཉེར་ལྔ་པ། བྱང་སེམས་ཐེག་པ་བསྟན་པ།)
བྱང་སེམས་ཐེག་པ་ལ་ཡང་བཞི༔ ངོ་བོ་ངེས་ཚིག་དབྱེ་བ་ཁྱད༔ ངོ་བོ་བྱང་སེམས་ལྟ་སྤྱོད་བསྡོངས༔ ངེས་ཚིག་ཉོན་མོངས་མ་ལུས་བྱང་༔ ཡེ་ཤེས་ཁོང་དུ་ཆུབ་པ་དང་༔ གཞན་དོན་སེམས་ཤིང་དེ་ལ་དཔའ༔ དབྱེ་ན་དབང་པོ་རྣོ་རྟུལ་གཉིས༔ ཁྱད་པར་འཕགས་
4-68a
༄༅༔ ༔ཚུལ་བསྟན་པ་ནི༔ རང་རྒྱལ་ལྟ་སྒོམ་སྤྱོད་འབྲས་ལས༔ བྱང་སེམས་ཁྱད་པར་བཞིས་འཕགས་ཏེ༔ ལྟ་བ་བདག་མེད་རྣམ་གཉིས་རྟོགས༔ སྒོམ་པ་བྱང་ཆུབ་ཕྱོགས་ཀྱི་ཆོས༔ སུམ་ཅུ་རྩ་བདུན་བསྒོམ་པའོ༔ སྤྱོད་པ་ཕ་རོལ་ཕྱིན་པ་དང་༔ བསྡུ་བ་བཞི་ཡིས་གཞན་དོན་སྤྱོད༔ འབྲས་བུ་བཅུ་གཅིག་ཀུན་ཏུ་འོད༔ ལོ་པཎ་བཀའི་ཐང་ཡིག་ལས་བྱང་སེམས་ཐེག་པ་བསྟན་པའི་ལེའུ་སྟེ་ཉེར་ལྔ་པའོ༔ ཐྲཐཉྲརྦྱ།རྦྱ།༔