༄༅། །བཀའ་ཐང་སྡེ་ལྔ།
མཇུག་བྱང་།
上一章
下一章

(མཇུག་བྱང་།)

དེ་ནས་ལོ་པཎ་རྒྱལ་བློན་འཁོར་བཅས་ཀྱིས༔ སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ལ༔ བསྟོད་པའི་རྒྱལ་པོ་འདི་སྐད་ཅེས་བསྟོད་དོ༔ ཨེ་མ་ཧོཿ ཀུན་བཟང་རྡོར་འཆང་རྡོར་སེམས་ཆོས་སྐུ་གསུམ༔ རིགས་ལྔ་རིགས་བཞི་རིགས་གསུམ་ལོངས་སྐུ་གསུམ༔ ཤཱཀ་ཐུབ་རང་རྒྱལ་དགྲ་བཅོམ་སྤྲུལ་སྐུ་གསུམ༔ སྐུ་གསུམ་སྟོན་པ་པད་འབྱུང་ཉིད་ལ་བསྟོད༔ ཨ་ཏི་ཨ་ནུ་མ་ཧཱ་ཆོས་སྐུའི་གསུང་༔ ཀྲྀ་ཡ་ཨུ་པ་ཡོ་ག་ལོངས་སྐུའི་གསུང་༔ འདུལ་བ་མདོ་སྡེ་མངོན་པ་སྤྲུལ་སྐུའི་གསུང་༔ སྡེ་གསུམ་དམ་པའི་ཆོས་ནི་གསུང་ལ་བསྟོད༔ རིགས་ལྔ་ལ་སོགས་ཕྱོགས་

4-116a

བཅུའི་སངས་རྒྱས་དང་༔ རིགས་བཞི་ལ་སོགས་དག་པའི་བྱང་སེམས་དང་༔ བྱང་སེམས་ལ་སོགས་འཁོར་ནི་སྡེ་བཞི་སྡེ༔ ཚོགས་མཆོག་དགེ་འདུན་པད་འབྱུང་ཐུགས་ལ་བསྟོད༔ ཁྱེད་འདྲའི་སྤྲུལ་སྐུ་འཇིག་རྟེན་འབྱོན་པར་དཀོན༔ ཤཱཀ་ཐུབ་བསྟན་པའི་སྲོག་ཤིང་རྒྱན་གཅིག་པུ༔ སངས་རྒྱས་འདུས་པའི་སྐྱེས་མཆོག་མཐུ་རྩལ་ཅན༔ ཨོ་རྒྱན་པདྨའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་བསྟོད༔ ཅེས་མགྲིན་གཅིག་ཏུ་བསྟོད་དེ་གུས་ཕྱག་དགུ་སྤྲུགས་སུ་བཙལ་ལོ༔ ཐྲཐཉྲརྦྱ།རྦྱ།༔ ཏྲཅ྄ཌརྦྱ། ཌཊཁག྄༔ རཐྲརྐཐྲ༔ ཝ རྦྱ།༔ རྦྱ།ཐཐ༔ ཨོ་རྒྱན་སྐད་ལས་བོད་སྐད་དུ་ལོ་ཙཱ་བས་བསྒྱུར་ཏེ་གཏན་ལ་ཕབ་པའོ༔        ས་མཱ་ཡ༔       རྒྱ་རྒྱ་རྒྱ༔       གཏེར་རྒྱ༔       སྦས་རྒྱ༔       གསང་རྒྱ༔       ཟབ་རྒྱ༔       གཏད་རྒྱ༔       རྒྱ་རྒྱ་རྒྱ༔       ༔ ཨེ་མ་ཧོཿ བཻ་རོ་ཙ་ནས་སཾ་སྐྲྀ་ཏའི་སྐད་དང་ཡེ་གེ་མཁྱེན༔ སྐ་བ་

4-117a

༄༅༔       ༔དཔལ་བརྩེགས་ཀྱིས་རྒྱ་ནག་གི་སྐད་དང་ཡི་གེ་མཁྱེན༔ ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཨོ་རྒྱན་གྱི་སྐད་དང་ཡི་གེ་མཁྱེན༔ རྨ་རིན་ཅེན་མཆོག་གིས་རྒྱ་གར་གྱི་སྐད་དང་ཡི་གེ་མཁྱེན༔ ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱིས་མ་རུ་རྩེའི་སྐད་དང་ཡི་གེ་མཁྱེན༔ སངས་རྒྱས་ཡེ་ཤེས་ཀྱིས་བྲུ་ཤའི་སྐད་དང་ཡི་གེ་མཁྱེན༔ དན་ཡོན་ཏན་མཆོག་གིས་བྱཱ་ཀ་ར་ཎའི་སྐད་དང་ཡི་གེ་མཁྱེན༔ བཻ་རོ་ཙ་ནས་སྐད་རིགས་མི་གཅིག་པ་སུམ་བརྒྱ་དང་ཡིག་རིགས་མི་གཅིག་པ་སུམ་བརྒྱ་མཁྱེན༔ རྒྱ་ནག་གི་ཡེ་གེ་གསེར་གྱི་སྤང་པོའི་གསེར་ག་འདྲ༔ སཾ་སྐྲྀ་ཏའི་ཡེ་གེ་བ་ཐག་གཟིངས་པ་འདྲ༔ རྒྱ་གར་གྱི་ཡི་གེ་གཟི་ཟླུམ་སྟར་ལ་བརྒྱུས་པ་འདྲ༔ ཨོ་རྒྱན་གྱི་ཡི་ཉའི་སྒལ་པ་འདྲ༔ བྱཱ་ཀ་ར་ཎའི་ཡི་གེ་ངང་པ་གཟན་ལ་སྙེགས་པ་འདྲ༔

4-117b

༄༅༔       ༔མ་འོངས་པའི་དུས་ན་ཡི་གེ་ནི་བླ་མའོ༔       ཐྲཐཉྲརྦྱ།རྦྱ།༔       ༔ ལྷ་ལྕམ་མནྡཱ་ར་བས་ཟ་ཧོར་གྱི་སྐད་དང་ཡི་གེ་མཁྱེན༔ བལ་འབངས་ཀ་ལ་སིདྡྷིས་མུ་སྟེགས་ཀྱི་སྐད་དང་ཡི་གེ་མཁྱེན༔ བལ་མོ་ཤཱཀྱ་དེ་བས་བལ་པོའི་སྐད་དང་ཡི་གེ་མཁྱེན༔ བོད་མོ་ཡེ་ཤེས་མཚོ་རྒྱལ་གྱིས་ནཱ་ག་རའི་སྐད་དང་ཡི་གེ༔ སྲིན་པོའི་སྐད་དང་ཡི་གེ༔ མི་མ་ཡིན་གྱི་སྐད་དང་ཡི་གེ་རྣམས་ཀྱང་མཁྱེན༔       ཐྲཐཉྲརྦྱ།རྦྱ།༔       ༔ ཨེ་མ༔ ཐུན་མོང་མངོན་པར་ཤེས་པ་ལྔ༔ གནས་དང་རྫས་དང་གང་ཟག་དང་༔ ཕན་པ་དང་ནི་གནོད་པ་ལྔ༔ ཁྱད་པར་མངོན་པར་ཤེས་པ་ལྔ༔ ལྟུང་བའི་རྒྱུ་ལྔ་སྒོ་དགུ་ཤེས༔ བླ་མེད་མངོན་པར་ཤེས་པ་ལྔ༔ སྤྱན་ལྔ་མངོན་པར་ཤེས་པ་དྲུག༔ གུང་ཤིང་དགུ་དང་ཁྱིའུ་བརྒྱད༔ རྫུ་འཕྲུལ་མངོན་པར་ཤེས་པ་ལྔ༔ རྒྱ་ཡིག་ཤོག་བུ་ལྡེབ་གཅིག་འདུག༔

4-118a

༄༅༔       ༔མ་ལས་བྲིས་པ་རྫོགས་སོ༔       ༔པདྨ་བཀའ་ཡི་ཐང་ཡིག་དང་༔ ལྷ་འདྲེ་བཀའ་ཡི་ཐང་ཡིག་དང་༔ རྒྱལ་པོ་བཀའ་ཡི་ཐང་ཡིག་དང་༔ བཙུན་མོ་བཀའ་ཡི་ཐང་ཡིག་དང་༔ ལོ་པཎ་བཀའ་ཡི་ཐང་ཡིག་དང་༔ བློན་པོ་བཀའ་ཡི་ཐང་ཡིག་རྣམས༔ གུ་རུ་ཨོ་རྒྱན་གླིང་པ་ལ་བཀའ་བབས་བྱུང་ནས་ཚོགས་དང་གཏོར་མ་མང་པོ་ཕུལ་ཏེ་གཏེར་ནས་སྤྱན་དྲངས་པའོ༔       ༔