༄༅། །བཀའ་ཐང་སྡེ་ལྔ།
ལེའུ་དགུ་པ། མངའ་འོག་བོད་ཀྱི་རྣམ་ཐར་བསྟན་པའི་སྐབས།
上一章
下一章

(ལེའུ་དགུ་པ། མངའ་འོག་བོད་ཀྱི་རྣམ་ཐར་བསྟན་པའི་སྐབས།)

མངའ་འོག་ལྷ་ཆོས་མི་ཆོས་གཉིས་སུ་སྦྲེལ༔ ཅེས་པས༔ བོད་འབངས་ཡོངས་ཀྱི་རྣམ་ཐར་བསྡུས་ཏེ་བསྟན༔ ལོག་པ་ཅན་གྱི་འཇིག་རྟེན་མི་

5-21a

༄༅༔       ༔གཙང་ཡུལ༔ ཁྲེལ་མེད་པོ་རྣམས་དྲན་པ་མེད་པ་འདྲ༔ གླང་པོ་ཆེ་རྣམས་ཏིས་ཏ་སྒོར་གྱིས་འཁོར༔ མ་བྱིན་ལེན་རྣམས་ས་ཡི་བྱི་བ་འདྲ༔ གཡེམ་པ་རྣམས་ནི་ཁྱི་ཕག་བོང་བུ་འདྲ༔ སྲོག་གཅོད་པ་ནི་རྔོན་པས་མགོ་མཐོང་འདྲ༔ ངག་འཁྱལ་ཅན་ནི་གཙང་པའི་རྩད་པ་འདྲ༔ ཚིག་རྩུབ་སྨྲ་བ་ལྷ་མིན་གཡུལ་འགྱེད་འདྲ༔ རྫུན་མ་རྣམས་ནི་ལྕོག་མགོ་ནེ་མཆུ་འདྲ༔ ཕྲ་མ་མཁན་ནི་གཟོད་དང་ཁྱི་ཁུ་འདྲ༔ བརྣབ་སེམས་ཅན་ནི་གསེར་ཁར་སྐྱེས་པ་འདྲ༔ གནོད་འཚེ་བ་ནི་གཤེད་མ་ཕྲད་པ་འདྲ༔ ལོག་ལྟ་ཅན་ནི་བུ་ཡུག་འཚུབ་མ་འདྲ༔ དྲེད་པོ་རྣམས་ནི་འཆོལ་མའི་འཕོངས་དང་འདྲ༔ ལ་ལ་སྐྱིད་པའི་འདོད་ཡོན་ལྔ་ལ་འབྱམས༔ ལ་ལ་ལས་ངན་སྡུག་ལ་ལྐོག་རྨུགས་བྱེད༔ ལ་ལ་འབྲེལ་བའི་གཉེན་ལ་ཞེན༔ ལ་ལ་སྡང་བའི་དགྲ་ལ་མནར༔ སྡར་མ་འབྲོས་དང་མཛངས་པ་བཟླུམ༔ དཔའ་བོ་འཐབ་དང་མི་ཐུབ་འབབ༔ ལ་

5-21b

ལ་ནོར་ཕྱིར་ལུས་སེམས་འཁོལ༔ ལ་ལ་ཟས་གོས་འཚོལ་འཕྲོས་གཡེངས༔ ལ་ལ་ནོར་རྫས་གཉིས་ལ་བསྐོར༔ ལ་ལ་དབུལ་དྲག་སྤྲང་པོ་བྱེད༔ ལ་ལ་ཁ་དྲགས་ཁེངས་གྲགས་བྱེད༔ ལ་ལ་ཁས་ཉེན་དགྲ་ཡས་གཙེས༔ ལ་ལ་རྒོད་དྲགས་མི་མགོ་ཤོར༔ ལ་ལ་རྒུམ་དྲགས་རང་ངན་དམའ༔ ལ་ལ་ཟུང་བཞི་སོ་ནམ་བྱེད༔ ལ་ལ་རྐུ་དང་འཕྲོག་པ་གཉིས༔ ལ་ལ་རྨོ་དང་རྐོ་བ་གཉིས༔ ལ་ལ་ཤེ་སྦྱར་ཚོང་སྤོགས་གཉིས༔ ལ་ལ་སློང་བ་ལོག་འཚོ་གཉིས༔ སྐྱོན་ལས་ཡོན་ཏན་མི་ལ་མེད༔ རྨོངས་པ་མགོ་འཁོར་མ་སངས་བོད་རྣམས་ལ༔ རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་སྦྲམ་ལ་ལྕི༔ ཆོས་ཁྲིམས་དར་གྱི་མདུད་པ་འདམ་ལ་དམ༔ འབངས་ཁྲིམས་སོག་མའི་ཕོན་ཐག་མང་ཡང་འདུས༔ རྒྱལ་པོ་སྟེང་བཞུགས་ཐུགས་སྒམ་འབངས་ཚིས་ཆེ༔ འབངས་འོག་མཆིས་པ་བཀའ་ཉན་ཡུལ་ཁྲིམས་གནས༔ མངའ་འོག་བོད་ཀྱི་རྣམ་ཐར་བསྟན་པའི་

5-22a

༄༅༔       ༔སྐབས་ཏེ་དགུ་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔