༄༅། །བཀའ་ཐང་སྡེ་ལྔ།
ལེའུ་བཅུ་གཉིས་པ། རྩེ་མེན་རིམ་གྱིས་པའི་སྐབས།
上一章
下一章
5-28b

(ལེའུ་བཅུ་གཉིས་པ། རྩེ་མེན་རིམ་གྱིས་པའི་སྐབས།)

བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་བཀའ་སྩལ་པ༔ ང་ནི་ཡོངས་སུ་མྱ་ངན་འདས་པའི་འོག༔ བསྟན་པའི་དོན་ཕྱིར་སྡེ་སྣོད་གསུམ་བསྡུས་ཏེ༔ ཀུན་དགའ་བོ་ནི་ཉོན་མོངས་ཐམས་ཅད་ལྡན༔ དགྲ་བཅོམ་མངོན་སུམ་ཐོབ་པར་མ་བྱས་པར༔ འོད་སྲུངས་མྱ་ངན་འདའ་བར་མ་བྱེད་ཅིག༔ ཀུན་དགའ་བོ་ལ་བསྟན་པ་གཏད་ནས་སུ༔ དྲང་སྲོང་ཉི་གུང་རབ་ཏུ་མ་བྱང་བར༔ ཀུན་དགའ་བོ་ཁྱོད་མྱ་ངན་མ་འདའ་ཞིག༔ ཉི་མའི་གུང་ལ་ཁྱོད་ཀྱིས་དེ་སྐད་གྱིས༔ ཀླུ་ཡི་རྒྱལ་པོ་ཧུ་ལུ་ཀ་བཏུལ་ནས༔ ཁ་ཆེའི་ཡུལ་དུ་བསྟན་པ་གནས་བྱས་ཏེ༔ ཁྱིམ་བདག་སྲོ་མ་ཅན་ནི་རབ་ཏུ་བྱུང་༔ ཉོན་མོངས་སྤོངས་ནས་དགྲ་བཅོམ་ཐོབ་པ་དང་༔ དེ་ལ་ཁྱོད་ཀྱིས་བསྟན་པ་མ་གཏད་པར༔ ཁྱོད་ཉིད་མྱ་ངན་འདའ་བར་མ་བྱེད་ཅིག༔ སྲོ་མ་ཅན་ལའང་ཁྱོད་ཀྱིས་དེ་སྐད་གྱིས༔ སྲོ་མ་ཁྱོད་ཀྱིས་ཀླུ་རྒྱལ་གར་མཁན་དང་༔ ཀླུ་ཡི་རྒྱལ་པོ་དཔའ་བོ་གཉིས་བཏུལ་ཏེ༔ གར་མཁན་དཔའ་བོ་དགོན་པའི་

5-29a

༄༅༔       ༔གནས་སུ་སྤྱུགས༔ རྒྱ་གར་ཡུལ་གྱི་མིང་ནི་བཅོམ་བརླག་ཏུ༔ མི་ཡི་མིང་ནི་སྤོས་འཚོང་བསྲུང་ཞེས་བྱ༔ དེ་ཡི་བུ་ནི་ཉེར་བསྲུང་རབ་བྱུང་ནས༔ དེས་ཀྱང་དགྲ་བཅོམ་མངོན་སུམ་མ་ཐོབ་བར༔ བསྟན་པ་མ་གཏད་མྱ་ངན་མ་འདའ་ཞིག༔ ཉེར་བསྲུང་ལ་ཡང་ཁྱོད་ཀྱིས་དེ་སྐད་གྱིས༔ ཁྱོད་ཀྱི་རིགས་བུ་བློ་ལྡན་རབ་ཏུ་བྱུང་༔ བློ་ལྡན་དགྲ་བཅོམ་མངོན་སུམ་མ་ཐོབ་པར༔ བསྟན་པ་མ་གཏད་མྱ་ངན་མ་འདའ་ཞིག༔ དེ་ལ་ཡང་ནི་ཁྱོད་ཀྱིས་དེ་སྐད་གྱིས༔ བློ་ལྡན་ཁྱོད་ཀྱིས་ཡུལ་དམར་ཅན་གྱི་བུ༔ ཟས་ལ་དུག་ཟའི་བསམ་པ་མ་བྱས་པར༔ ཡོངས་སུ་མྱ་ངན་འདའ་བར་མ་བྱེད་ཅིག༔ དགྲ་བཅོམ་ངེས་པ་བདུན་བརྒྱུད་ནས་དོར་ཏེ༔ སངས་རྒྱས་བྱོན་པ་རྒྱ་གར་རྡོ་རྗེ་གདན༔ བསྟན་པ་ཆགས་པ་ལྷོ་ཕྱོགས་ཝརྟ་ནི༔ བསྟན་པ་བྱུང་བ་བྱང་ཕྱོགས་ལོ་ཧི་ཏ༔ བྲམ་ཟེ་རབ་བྱུང་མཁན་པོ་འོད་སྲུངས་བྱས༔ ཕལ་ཆེན་སྡེ་པ་བྱུང་སྟེ་ལྔ་རུ་གྱེས༔ ཤར་རིའི་སྡེ་དང་ནུབ་

5-29b

ཀྱི་རི་བོའི་སྡེ༔ གཡའ་རིར་གནས་སྡེ་འཇིག་རྟེན་ལས་འདས་སྡེ༔ རྟག་པར་སྨྲ་བའི་སྡེ་དང་ལྔ་རུ་གྱེས༔ བཅོམ་ལྡན་འདས་སྐུ་མྱ་ངན་འདའ་བའི་དུས༔ ཆོས་ཀྱི་ཐ་མ་དྲི་བས་ཐེ་ཚོམ་བཅད༔ མྱ་ངན་འདའ་བའི་གཞུང་འདི་བསྟན་པ་ཡིན༔ དཔེ་དོན་མང་པོ་འོད་སྲུངས་ཉིད་ལ་གསུངས༔ དེ་ནས་དྷ་རྨཏྟཱ་ར་ལ་སོགས་ནས༔ རྒྱ་ནག་སྤྲུལ་བདུན་བརྒྱུད་པ་བརྒྱུད་པའི་ཐ༔ ཧྭ་ཤང་མ་ཧཱ་ཡཱ་ན་ཉིད་ལ་ཐུག༔ འོད་སྲུངས་ཅིག་ཅར་འཇུག་པ་ཕལ་ཆེན་སྡེ༔ མཁན་པོ་དྷརྨོཏྟཱ་ར་ལཱི་བརྒྱུད་ནི༔ ཤར་གྱི་ཕྱོགས་སུ་རྒྱ་མཚོ་བརྒལ་ནས་ཕྱིན༔ རྒྱ་ཡུལ་ལི་ཀུན་ཞེས་བྱའི་ཡུལ་དུ་སླེབས༔ རྒྱ་རྗེ་ས་འུ་ཡན་དང་མཁན་པོ་མཇལ༔ དོན་དམ་གོ་བ་མ་ཡིན་པ་རུ་ཤེས༔ མཁར་ལག་ཆུ་ཞེས་བྱ་བར་བྱོན་པ་དང་༔ དགེ་སློང་ཁ་ཤི་དང་ནི་ལེའུ་ཙི༔ ཀན་རྡོར་ལ་སོགས་པ་ཡིས་ཕྲག་དོག་བྱས༔ ལེའུ་ཙིས་མཁན་པོ་དྷརྨོཏྟཱ་ར་ལ༔ དུག་ནི་ལན་དྲུག་བླུད་པས་མ་ཚུགས་སོ༔ མཇུག་ཏུ་ཆོས་ནི་གཏད་ས་མ་རྙེད་ནས༔

5-30a

༄༅༔       ༔རྒྱ་ནག་ཡུལ་དུ་སྐུ་ནི་འདའ་ཚུལ་བསྟན༔ རྗེས་ཀྱི་བྱ་བ་དགེ་ལྷུར་ཟིན་ནས་སུ༔ རྒྱ་ནག་ཡུལ་ནས་སྟོད་ཀྱི་ཕྱོགས་སུ་ཡོངས༔ ཚོང་པ་བུན་ཞེས་བྱ་བས་ཕྱིན་པ་དང་༔ ཀ་ར་མ་ཏིང་ཞེས་བྱའི་ལ་ག་རུ༔ མཁན་པོ་བོ་དྷི་དྷརྨོཏྟཱ་ར་མཇལ༔ ཕྱག་ནི་ལྷམ་ནི་ཡ་གཅིག་ཐོགས་ནས་འདུག༔ དེ་རུ་བཀའ་མཆིད་ཞིབ་ཏུ་ལྷོན་པ་དང་༔ ཚོང་པ་བུན་གྱིས་སླར་ལོག་རྒྱ་ཡུལ་དུ༔ གཏམ་རྣམས་ཞིབ་ཏུ་བསྙད་པས་དུར་ཁ་ཕྱེ༔ བལྟས་པས་ལྷམ་ནི་ཡ་གཅིག་མི་འཇུག་ནས༔ རྒྱ་ནག་མི་ཀུན་འཕགས་པ་ཡིན་ནོ་གླེང་༔ ཞི་བ་ཁྲོས་པ་སྙོམས་འགོག་ཏིང་ངེ་འཛིན༔ བྲག་རི་དེ་བཞིའི་ནང་ན་དགེ་སློང་ནི༔ འོད་སྲུངས་ལུས་ཁྲག་མ་ཞིག་པ་རུ་གནས༔ བྱམས་པ་བྱོན་ནས་འོད་སྲུངས་ལུས་སྟོན་འགྱུར༔ ཤཱཀ་ཐུབ་ཉན་ཐོས་ཆེན་པོ་འོད་སྲུངས་ཡིན༔ བསྔགས་པ་བརྗོད་ནས་མགོ་ལ་ཉུག་པར་འགྱུར༔ བོ་དྷི་དྷརྨོཏྟཱ་རའི་བརྒྱུད་འཛིན་ནི༔ ཐ་མ་ཧྭ་ཤང་མ་ཧཱ་ཡ་

5-30b

ནའི་གཞུང་༔ ཅིག་ཅར་འཇུག་པ་ཡོངས་སུ་རྫོགས་པ་ཡིས༔ དཔེ་དོན་མང་པོ་མདོ་སྡེའི་གཞུང་ལ་ཐུག༔ དེ་དག་འདོད་གཞུང་ཡི་གེ་ཡོད་པ་དང་༔ དྷརྨོཏྟཱ་རའི་རྒྱ་ལུང་ཆེན་མོ་རྣམས༔ ཅི་ཡང་བྱར་མེད་མན་ངག་སྙན་ཁུང་བརྒྱུད༔ དེ་ཡི་བརྒྱུད་པ་འབྲོ་བྱལ་རིན་ཅེན་ནས༔ མ་རྐང་རྩ་བ་ཡན་ཆད་ས་རུ་བཞུགས༔ དེའི་དོན་མི་མཉན་ཡིད་ཆགས་སྤངས་པ་དང་༔ ཕ་མ་རྒྱལ་བློན་ཕོ་ནུ་དང་འགྲོགས་འཁོན༔ གཉན་འདུན་ཁྱོ་ཆུང་མཛའ་བོ་མཛའ་མོ་རྣམས༔ འཇིག་རྟེན་མགྲོན་པོ་གནས་གཅིག་འདུག་པ་འདྲ༔ མི་བདེན་འདུས་བྱས་གྱེས་པའི་ཆོས་ཅན་ཏེ༔ དུས་འདིར་འཕྲལ་གྱི་དགའ་བར་ཆགས་བསྟེན་ཀྱང་༔ བྱང་ཆུབ་འཕྲོག་པའི་དགྲར་འགྱུར་གཤེད་མ་ཐུབ༔ དེ་དག་དབང་ཁར་མི་བཏང་རང་གྲོས་གདབ༔ ཝ་ཡིས་མི་མཐོང་རྟ་བོར་འབྲོས་པ་བཞིན༔ ཚེ་འདིར་གཅིག་པའི་ལས་མཐུན་ཉེ་གཞི་རྣམས༔ མགྲོན་པོ་གནས་མཐུན་ལྟ་བུར་སོ་སོར་འགྲོ༔ ཕ་མ་ལ་སོགས་ཕྱོགས་བཤེས་གཉེན་

5-31a

༄༅༔       ༔འདུན་གྱིས༔ སྡུག་བསྔལ་གྲོགས་བྱེད་འཁོར་བའི་གྲོས་དཀྱིལ་ནས༔ འཕྲལ་ཆེད་ཕུགས་སུ་ཕུང་བར་བྱེད་པའི་ངག༔ དེ་ལ་ཉན་ནས་སེམས་གཏོད་སྨྱོའམ་ཅི༔ དེ་བས་རང་གི་ལུས་སེམས་སོ་སོར་གྱེས༔ དགོན་པའི་གནས་སུ་གཅིག་པུར་གཤེགས་པའི་དོན༔ འཇིག་རྟེན་ཡ་གའི་བཅས་རྣམས་བསྲུང་བའི་ཞིང་༔ གང་ཞིག་གྲོང་གི་དབུས་སུ་འདུག་ནས་སུ༔ བྱང་ཆུབ་སངས་རྒྱས་དམ་པ་ཐོབ་པ་ནི༔ དེ་འདྲའི་སངས་རྒྱས་གང་ཡང་སྔོན་མ་བྱུང་༔ མ་བྱོན་པ་དང་ད་ལྟར་བཞུགས་པའང་མེད༔ གྲོང་དབུས་རྩོད་པའི་རྒྱུར་འགྱུར་མི་དགེ་འཕེལ༔ རྒྱུད་མ་དུལ་བས་ཉོན་མོངས་ཐམས་ཅད་འཕྱོ༔ དགོན་པ་མི་དགེ་སྡིག་པའི་ཕྱོགས་ལས་འབྱོན༔ རྒྱུད་གཞི་རྩོད་པ་མེད་པས་དགྲ་བཅོམ་ཐོབ༔ རྒྱ་གར་སློབ་དཔོན་ཀཱ་མ་ཤཱི་ལ་ཡིས༔ དྲང་པོ་དོན་གྱི་མདོ་སྡེ་ཡོངས་མ་རྫོགས༔ རིམ་པ་སློབ་ལ་སོགས་པ་ཐེ་ཚོམ་གཅོད༔ སཱཙྪ་གདབ་དང་ཉེ་འདོན་བྱ་བ་དང་༔

5-31b

སྟོང་ཟམ་འཛུགས་དང་ལམ་འཕྲེང་སེལ་བ་དང་༔ མཆོད་རྟེན་རྩིག་དང་གཙུག་ལག་ཁང་མང་བཞེངས༔ རབ་ཏུ་བྱུང་བའི་སྡེ་པ་ཆེན་པོ་བཅའ༔ མདོ་སྡེ་རྒྱ་ཆེན་ཀློག་འདོན་བྱ་བ་དང་༔ ཆོས་འཁོར་ཆེན་པོ་བཤད་ཉན་བྱ་བ་དང་༔ སྡུག་བསྔལ་ཅན་གྱི་གྲོགས་རྣམས་བྱ་བ་དང་༔ ཉེ་རིང་མེད་པའི་ནད་པ་གསོ་བ་དང་༔ སྦྱིན་རྒྱ་ཆེན་པོ་རླབས་ཆེན་ཅི་ཆེར་འབད༔ ཧྭ་ཤང་མ་ཧཱ་སྤྱོད་ཐབས་བཅུ་གཉིས་སྤྱོད༔ ཐེག་པ་ཆེན་པོ་གསང་སྔགས་པ་ལ་ནི༔ དབང་གི་རིམ་པ་མང་པོ་ནོད་པ་དང་༔ སྒྲུབ་པའི་དཀྱིལ་འཁོར་མང་པོ་ཞལ་དབྱེ་དང་༔ སྨན་རཀ་གཏོར་ཚོགས་སྲེག་མནན་བྱ་བ་དང་༔ སྒོམ་གྲྭ་འཛུགས་པ་སོགས་ལ་འབད་པའོ༔ རབ་བྱུང་སྡེ་པ་མཆོད་གནས་མི་བཀུར་རོ༔ ཚུལ་འཆོས་ཆོས་ལུགས་རྫོང་ངམ་ཁུད་ཅིང་བལྟ༔ གསང་སྔགས་པ་ཡི་སྤྱོད་ཐབས་བཅུ་གཉིས་སོ༔ མཐུན་པའི་མཆོད་རྟེན་ཐོས་བསམ་སྒོམ་གསུམ་བསྒོམ༔ ཀཱ་མ་ཤཱི་ལ་རིམ་གྱིས་པ་ཡང་བསྟེན༔ ཧྭ་ཤང་མ་

5-32a

༄༅༔       ༔ཧཱ་ཡཱ་ནའི་བསམ་གཏན་དང་༔ ཡོ་ག་ནང་པའི་ཟབ་མོའི་ཆོས་རྣམས་དང་༔ ལྷག་པའི་རྣལ་འབྱོར་རླུང་རུག་བཞི་སྤྲུག་དང་༔ ཁོ་ན་ཉིད་ཀྱི་ཟབ་མོའི་རྒྱུད་དྲུག་དང་༔ སེམས་འཕྲེང་ཉི་ཤུ་སེམས་མེད་བཅོ་བརྒྱད་བསྟེན༔ འགག་མེད་སྣང་བའི་ཐོག་ནས་བསམ་བཏན་བསྒོམ༔ མདོ་སྡེ་འབྱུང་བ་བཤད་པ་ཉིད་ལས་ཀྱང་༔ སྣང་སྲིད་ཐམས་ཅད་སེམས་ལས་བྱུང་བ་སྟེ༔ སེམས་ཉིད་དེ་ཉིད་རྟག་ཏུ་བསྟན་དུ་མེད༔ སེམས་ཀྱི་རང་བཞིན་བྱང་ཆུབ་ཉིད་དུ་གསུངས༔ བྱང་ཆུབ་རང་བཞིན་སེམས་ཅན་ཐམས་ཅད་དེ༔ སེམས་ཅན་རྣམས་དང་བྱང་ཆུབ་གཉིས་སུ་མེད༔ དེ་ལྟར་རྟོགས་ན་སྐྱེས་བུ་མཆོག་ཏུ་འགྱུར༔ ཞེས་གསུངས་པས༔ འཁྲུལ་སྣང་ལས་སྣང་ཉམས་སྣང་གཟིགས་སྣང་བཞི༔ རྒྱུ་གཉིས་རྐྱེན་གསུམ་འབྱུང་བ་བཞི་ལས་གྲུབ༔ དེ་ལྟར་སྣང་བ་སེམས་ཅན་མཚན་ཉིད་ཡིན༔ སྣང་བ་སྐྱེ་བ་རྣམ་པ་བཞི་ལས་སྐྱེས༔ དེ་ལྟར་སྣང་བ་སེམས་ཅན་

5-32b

མཚན་ཉིད་ཡིན༔ སྣང་བ་སྐྱེ་རྒ་ན་འཆི་འཆི་མེད་རིགས༔ འཁོར་འདས་གཉིས་ཀའི་དོན་བྱེད་ནུས་པ་སྟེ༔ དེ་ལྟར་སྣང་བ་སེམས་ཅན་མཚན་ཉིད་ཡིན༔ སྣང་བ་སྤངས་པའི་སེམས་ཅན་གཅིག་བསྒྲུབ་མཛོད༔ རོ་ལ་སྣང་བ་མེད་པས་སེམས་ཅན་མིན༔ སེམས་ཡིན་ཅན་མིན་ཡུལ་དྲུག་མེད་ཁས་བླངས༔ འགྲོ་བ་རིགས་དྲུག་སེམས་ཅན་མིན་ཁས་བླངས༔ དྲང་དོན་གྱིས་ནི་སྣང་བ་ངོ་མི་ཤེས༔ གསང་སྔགས་ནང་པ་རྣལ་འབྱོར་ཆེན་པོ་དང་༔ ཤིན་ཏུ་རྣལ་འབྱོར་ལ་ནི་འཇུག་པའི་དུས༔ མན་ངག་ཐོབ་པ་རིགས་ཤིག་ཕྱེ་ནས་གསོལ༔ རྩེ་མེན་ཐབས་ནི་ཞི་གནས་རྒྱུད་རྟོག་པ༔ གོམས་པར་སླ་བའི་ཞི་གནས་དག་ཐོབ་བྱེད༔ སྟོན་མུན་ཐོག་མ་ཉིད་ནས་དོན་དམ་པ༔ མ་སྐྱེས་བྱ་བ་མེད་པ་གོམས་པའི་ཐབས༔ ཐོབ་པར་བྱེད་ཀྱང་ཐབས་ནི་ཡང་དག་མིན༔ དེ་ལ་ཐབས་ནི་ཆེན་པོ་མི་བྱའོ༔ རྩེ་མེན་རིམ་འཇུག་མི་རྟོག་པ་ལ་འཇུག༔ རྣམ་པར་མི་རྟོག་ཡིད་ལ་མི་བྱེད་བསྒོམས༔

5-33a

༄༅༔       ༔རྣམ་པར་ཐར་པའི་སྒོ་གསུམ་རིམ་པར་བསྒོམ༔ སྟོང་པ་ཉིད་དང་མཚན་མ་མེད་པ་དང་༔ སྨོན་པ་མེད་པ་རྣམ་ཐར་སྒོ་གསུམ་མོ༔ སྟོན་མུན་ཅིག་ཅར་འཇུག་པ་རེ་མོས་མེད༔ དོན་དམ་མ་སྐྱེས་པ་ལ་ཅིག་ཅར་བསླབ༔ དང་པོ་སྐྱེ་འགག་མེད་པའི་སེམས་བསྐྱེད་ནས༔ ཐ་མ་སྐྱེ་འགག་མེད་པའི་འབྲས་བུ་ཐོབ༔ མཁན་ཆེན་བོ་དྷི་དྷརྨོཏྟཱ་རས་གསུངས༔ ཡང་དག་ཡངས་ཕྱོགས་མི་ལྟོས་ཡངས༔ ལྷམ་མེར་གནས་ན་བདག་གཞན་གང་ཡང་མེད༔ མ་རབས་དང་ནི་འཕགས་པ་མཉམ་ཞིང་གཅིག༔ མི་འགྱུར་ཉམས་ཀྱི་གཏན་གནས་ཕན་ཆད་དུ༔ ཡི་གེ་བསྟན་པའི་རྗེས་སུ་མི་འབྲང་ངོ་༔ འདི་ནི་ཡང་དག་དོན་གཞིའི་གནས་སུ་ཕབ༔ རྣམ་པར་རྟོག་མེད་ཞི་ཞིང་བྱ་བ་མེད༔ དེ་ནི་དོན་ལ་འཇུག་པ་ཅིག་ཅར་རོ༔ བསམ་གཏན་མཁན་པོ་འཇུག་དུས་བཤད་པ་ནི༔ མི་སེམས་ཚུལ་ཁྲིམས་མི་དྲན་ཏིང་ངེ་འཛིན༔ སྒྱུ་སེམས་མི་འབྱུང་བ་ནི་ཤེས་རབ་བོ༔ བསམ་གཏན་མཁན་པོ་བདུད་འདུལ་སྙིང་

5-33b

པོས་བཤད༔ ཅི་ཡང་མི་དྲན་པ་ནི་སངས་རྒྱས་་་་་་་དྲན༔ འདི་ཉིད་ལ་བལྟས་མ་ཡེངས་སེམས་སྙོམས་ན༔ དེ་བཞིན་གཤེགས་པ་ཡང་དག་ཆོས་སྐུ་ཡིན༔ བསམ་གཏན་མཁན་པོ་ཨདྷན་ཧེར་གྱིས་བཤད༔ སེམས་ཉིད་མི་གཡོ་ཇི་བཞིན་མཉམ་པ་ནི༔ རྣལ་འབྱོར་ངེས་པའི་ས་ཐོབ་ལམ་ཡིན་ནོ༔ བསམ་གཏན་མཁན་པོ་མ་ཧཱ་ཡཱན་གྱིས་བཤད༔ ཆོས་ཉིད་བསམ་མེད་མི་རྟོག་པ་རུ་བཞག༔ སྔར་མ་སྦྱངས་ཀྱང་འདི་ལ་འཇུག་ཏུ་བཏུབ༔ རྩེ་མེན་རིམ་གྱིས་འཇུག་པ་སྔར་བཤད་ལྟར༔ དམིགས་པར་ཤི་ཐང་འབད་ནས་མི་དམིགས་སྐྱེ༔ དངོས་པོར་གཏན་ཚིགས་ཀྱིས་ནི་གཞལ་ནས་སུ༔ དབུ་མའི་དོན་ནི་དང་དུ་ལེན་པའོ༔ སྟོན་མུན་བཞེད་པ་བདག་གཞན་ཆོས་སོ་ཅོག༔ ཡེ་ནས་མ་སྐྱེས་དོན་དུ་གཉེར་བས་བསླད༔ དེས་ནི་ནམ་ཡང་དོན་བྱེད་མི་མཐོང་སྟེ༔ འོན་ཀྱང་ཅི་བསམ་སྙོམས་པར་གཞུག་འདོད་ན༔ རྒྱུ་རྐྱེན་རིམ་པར་འཇུག་ཅེས་བསྟན་པ་ཡང་༔ རྨོངས་པ་རྣམས་ནི་ཐབས་ཀྱིས་འཇུག་པར་གསུངས༔

5-34a

༄༅༔       ༔དབང་པོ་ཐ་མའི་དོན་དུ་རིམ་འཇུག་བསྟན༔ སྦུར་བའི་འགྲོས་ཀྱིས་རི་རབ་ཁར་མི་རྟོལ༔ དམིགས་པ་ཅན་གྱིས་མི་རྟོག་པར་བཤད་དོ༔ དེ་ལྟའི་སྟོན་མིན་བྱ་བ་བྲལ་གསོལ་ཀྱང་༔ སྐྱེ་འགག་གཉིས་སུ་མེད་པར་མ་ཤེས་སོ༔ གཉིས་མེད་སྨྲ་ཡང་མ་སྐྱེས་རེ་ཞིག་འདོད༔ སྟོང་པ་ཅིར་ཡང་སྣང་དུ་མི་ནུས་པ༔ རང་གི་ལྟ་བས་བསྒྲིབས་པའི་སྟོང་ཞེན་ནོ༔ སངས་རྒྱས་མདོ་སྡེ་སྟོང་པར་བསྒོམ་པ་ལ༔ ཅི་ཕྱིར་རིམ་གྱིས་འཇུག་ཅེས་བྱ་བ་སྟེ༔ འདིར་ནི་རི་བོ་ཆེན་པོར་འཛེག་པ་ལ༔ གོམ་གཅིག་གོམ་གཉིས་ཕྱིན་པས་བརྟོལ་འདྲ་ཞིང་༔ བདེན་གཉིས་ཞི་ལྷག་རིས་བཅད་ས་ནོན་འགྱུར༔ སྤྱོད་ལམ་དགེ་བ་ལྔ་དངོས་བརྩོན་པར་བྱ༔ དེ་ལྟའི་ཚོགས་གཉིས་འབད་པས་ཀུན་འོད་འགྲོ༔ སྐད་ཅིག་སྔ་ཕྱིའི་ཕྱི་མར་ཆོས་སྐུ་ཐོབ༔ སྨོན་ལམ་ཐུགས་རྗེའི་དབང་གིས་འགྲོ་དོན་མཛོད༔ འགོག་པའི་ཏིང་ངེ་འཛིན་ནི་གཉིད་སད་དཔེ༔ གཟུགས་སྐུར་ལངས་ཏེ་དོན་མཛད་པ་རུ་བཞེད༔

5-34b

རྩེ་མེན་རིམ་གྱིས་པའི་སྐབས་ཏེ་བཅུ་གཉིས་པའོ༔       ཐྲཐཉྲརྦྱ།རྦྱ།༔       ༔